སྲིད་པའི་མཐའ་རུ་ཐུག་ཡང་ང་མི་འཇིགས།།
ནམ་ཞིག་ཉེས་མེད་ཁྲི་འབུམ་དམར་གསོད་ཀྱི།།
ཁྲག་གི་ལོ་ཟླ་ཞིག་ལ་མི་འདོད་པར།།
ཞི་བདེ་སྙིང་གི་ལྷ་ལ་ཕྱག་གསུམ་འཚལ།།
བདེན་པའི་སྟོབས་ཀྱི་ལས་ལ་འཇུག་ཉིན་ནས།།
སྲིད་དང་དབལ་གྱི་ཕྱོགས་ལ་མ་འཐོམ་པར།།
ཉམ་ཐག་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཆེད།།
འཚེ་མེད་བདེན་པའི་ཤུགས་ལ་ལྷོད་མེད་བརྩོན།།