མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསམ་ཚུལ་འདིར་གཟིགས་ཤིག།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

              བཙན་བྱོལ་བའི་མིང་ལས་རྒྱལ་དགོས་ན། བསམ་ཚུལ་འདིར་གཟིགས་ཤིག།

བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་བོད་ནང་དུ་དམིགས་དེ་སྤེལ་དགོས་པ་དང་བོད་ནང་ནས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས། བོད་དོན་བདེན་མཐའ་གསལ་བའི་ལས་འགུལ་འདྲ་མིན་དང་གཞན་གྱི་ཚུར་རྒོལ་ཁྲོད་རང་ཉིད་ཀྱི་ཚེ་སྲོག་ལ་གནོད་པ་མ་སླེབས་བར་ཞི་བའི་འཐབ་རྩོད་བྱུང་བར་ཁ་ཕྱོགས་དགོས་པ་ལས། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཁ་ཕྱོགས་དེ་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བ་དང་ཕྱི་རྒྱལ་ཁག་ལ་ཕྱོགས་བསྐྱོད་བྱེད་པའི་དུས་ཚོད་དེ་ནི་གཡོལ་ཟིན་པ་ཡིན། བཙན་བྱོལ་གཞུང་འཛུགས་དགོས་པ་དང་བཙན་བྱོལ་སློབ་གྲྭ་དང་དགོན་སྡེ་སློབ་གཉེར་ལྟེ་གནས་བསྐྲུན་དགོས་པ་བཅས་ཀྱི་བོད་མི་བཙན་བྱོལ་བ་མི་ཐོག་རྒན་པ་རྣམས་ཀྱི་རྒན་པའི་རྨི་ལམ་ཡོངས་སུ་རྫོགས་ཟིན་པ་ནི། བོད་མི་རིགས་ཀྱི་བདེན་མཐའ་སེལ་བའི་ཆེད་དང་བོད་མིའི་རིག་གཞུང་གོམ་གཤིས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ཆེད་ཁོ་ན་ལས། བོད་མི་རྣམས་གཞན་ཡུལ་ལ་གནས་སྤོར་གཞིས་ཆགས་རྗེས། གཞན་མིར་འགྱུར་བའི་ཆེད་དུ་གཏན་ནས་མིན་ལ། བོད་མི་ཚོར་བསྟུད་མར་བོད་མི་རང་གི་ངོ་བོར་གནས་ཐབས་སུ་རང་མི་རིགས་ཀྱི་རིག་གཞུང་དང་སྲོལ་རྒྱུན་རྒྱུད་འཛིན་བྱེད་ཐབས་སུ་བདེན་པ་རྩོད་ལེན་བྱེད་སའི་ཁོར་ཡུག་ཅིག་བསྐྲུན་པ་ལས། གཞན་ཡུལ་ནས་གཞན་མིར་འགྱུར་ཐབས་དང་གཞན་གྱི་རིག་གཞུང་གི་རྒྱུད་འཛིན་བྱེད་པའི་ཆེད་དུ་མིན། དེང་དུས་ཀྱི་བཙན་བྱོལ་བོད་མི་རྣམས་ཀྱིས་ཉམས་མ་བཞག་པའི་བྱེད་སྟངས་ཆེས་མི་ཉུང་བ་ཞིག བོད་མི་རྣམས་རང་གི་རིག་གཞུང་དང་གཏན་བྲལ་དང་བོད་མི་རྣམས་གཞན་མིར་འགྱུར་ཐབས། རང་གི་མི་རིགས་ཀྱི་སྲོལ་རྒྱུན་གོམས་གཤིས་ལས་གཞན་གྱི་མི་རིགས་ཀྱི་སྲོལ་རྒྱུན་གོམ་གཤིས་ཀྱི་ཤུལ་འཛིན་པར་འགྱུར་བ་དང་འགྱུར་བཞིན་པ། རང་གི་སྐད་དང་ཡི་གེ་ལས་གཞན་གྱི་སྐད་དང་ཡི་གེ་གོང་ཚད་ཧ་ལས་པའི་མཐོན་པོ་ཆགས་བཞིན་ཡོད་པ་རེད། གལ་སྲིད། དེ་དག་འགྲིག་གི་ཡོད་ཚེ། རྒྱ་ནག་སྲིད་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ཀྱི་དམིགས་ས་དང་རྒྱབ་ལྗོངས་ཀྱང་དེ་ལས་བརྒལ་བ་མེད་དུས། ང་ཚོས་དེ་ལ་ཡི་རིང་བྱས་ནས། བཙན་བྱོལ་བོད་མི་ཞེས་པའི་བཙན་བྱོལ་བའི་མིང་དེ་ནི་ཕྱིར་བསྡུ་བྱེད་པ་དང་མཇུག་བསྡུས་པར་བསྒྲགས་པ་ཡིན་ན་མ་འགྲིག་པ་གང་ཡང་མེད། ངས་འདི་ལྟར་རང་གི་རིགས་ལ་བཅིངས་པའི་ཤ་དང་རུས་པའི་ཞེན་པ་ལྕི་མོ། སྙིང་གི་དྲོན་མོའི་ཚིག་ལ་སྦས་དེ་འཆད་བཞིན་པ་སུ་ལ་འཕོག་ན། ངས་དེ་ལ་འགྱོད་བཤགས་བྱེད་དགོས་དོན་གང་ཡང་མེད། དེ་བས་ཀྱང་ངོ་གནོང་དགོས་དོན་མེད། ང་ཚོའི་བཙན་བྱོལ་ལ་ཕྱིར་བལྟས་ཤིག་བྱས་ན། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བ་མི་ཐོག་རྒན་པ་རྣམས་ཀྱིས་ཕྱོགས་སྣེ་མང་བོ་ཞིག་ནས་བཙན་བྱོལ་བ་གཞན་དང་མི་འདྲ་བར་གཞན་ཡུལ་ནས་རྒྱལ་ཁབ་མེད་པའི་མི་རིགས་ཤིག་གི་ངོ་བོ་ལས་བརྒལ་ནས། རྒྱལ་ཁབ་གཅིག་ལ་ཚང་དགོས་པའིི་མ་ལག་ཡོངས་སུ་རྫོགས་པ། འདས་པའི་མི་ལོ་ང་གསུམ་ནང་དུ་བསྐྲུན་ཐུབ་ཡོད་པ་དེ་ནི། བྱིས་པ་དམར་འབྱར་ཞིག་དྲིན་ཕ་མས་གཉོར་སྐྱོང་འོག་འཚར་ལོངས་བྱུང་བ་དེ་ད་ལྟ་ནི་མི་གྲལ་དུ་འཚུད་ཡོད་པ་རེད། མི་གྲལ་དུ་འཚུད་པའི་བཙན་བྱོལ་བོད་མིས་ད་ལྟ་རྩོད་ལེན་བྱེད་དགོས་པ་དེ་ནི། མི་གྲལ་ནས་མིའི་ཐོབ་ཐང་དང་བདག་དབང་། རིག་གཞུང་དང་སྲོལ་རྒྱུན་ལེགས་བྱུང་གི་རིན་ཐང་ལ་བདག་པོ་རྒྱག་དགོས་པ་དེ་ཡིན་པ་ལས། ཕ་མའི་བང་གི་བྱིས་པ་ལྟར་བདག་སྐྱོང་བྱེད་དགོས་ཟེར་ནས་སྡུག་སྐད་བཏོན་ནས་བསྡད་ན་གཏན་ནས་འགྲིག་ཐབས་མེད་ལ། ཉེ་འཁོར་གྱི་མི་རྣམས་ཀྱིས་ང་ཚོ་ལ་འཕྱ་དམོད་བྱེད་པ་ལས་སྣང་བ་འཇོག་རན་མེད་པ་དང་། འཇོག་ཐབས་མེད་པར་གྱུར་ཡོད་སྟབས། བོད་མིའི་བདེན་དོན་རྒྱལ་སྤྱི་ཅན་དེ་འགྱུར་མ་ཐུབ་པའི་གནད་འགག་ཡང་དེ་ལ་ཐུག་ཡོད་པ་ཡིན། བོད་མི་བཙན་བྱོལ་བ་རྣམས་ཀྱིས་དུས་དེ་རིང་གི་བར་དུ་ལས་འགུལ་འདྲ་མིན་སྣ་ཚོགས་ཤིག་སྤེལ་ཡོད་ཀྱང་། སྤེལ་ཡུལ་ཤུགས་ཆེ་ཤོས་ནི། རྒྱ་གར་ནང་མང་ཤོས་དང་གཙོ་བོ་ཆགས་ཡོད་པ་རེད། ད་ལྟའི་འཆར་སྤེལ་ཡུལ་གྱི་ངོ་བོ་འགྱུར་ནས། ཕྱི་རྒྱལ་ཁག་ལ་སྤེལ་དང་སྤེལ་རྩིས་ཀྱི་གྲ་སྒྲིག་མི་ཉུང་བ་ཞིག་ཡོང་གི་ཡོད་པ་རེད། དེ་ལ་ཉེན་འཚབ་ཤིག་ཡོད་པ་ནི། བོད་དོན་རྒྱལ་སྤྱིའི་ཅན་དུ་འགྱུར་རྒྱུ་ལས་ལྡོག་ནས། ནམ་ཞིག་ཕྱིའི་རྒྱལ་ཁབ་ཁག་ནས་བོད་མི་ཟེར་དུས། རང་གི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོ་མཁན་ཞིག་ལས་མེད་པར་དགོངས་ནས། སྔར་ཡོད་ཕྱི་རྒྱལ་ཁག་གི་བོད་མིའི་འབྲེལ་ལམ་ལ་སྐྱོན་ཆགས་ཡོང་རྒྱུ་དང་། བོད་མི་གང་དུ་གནས་སྤོར་བྱེད་མཁན་དང་བོད་མིས་འགྲུལ་བཞུད་ཀྱི་སྒོ་མོ་མང་བོ་ཞིག་ཕྱི་ནང་གང་དུའང་དམ་དྲག་འགྲོ་བ་དང་ཆབ་ཅིག བོད་མིའི་རྩ་དོན་ལ་རོགས་སྐྱོར་བྱེད་པའི་ཀུན་སློང་ཙམ་པོ་བ་དེ་ཡང་ཉམས་མི་སྲིད་པ་མིན། དེ་ལས་བོད་མི་རྣམས་ཀྱིས་བོད་རང་གི་ས་ཐོག་ལ་བོད་མི་གཅིག་ཡིན་ཡང་བསྐྱོད་ཐབས་དང་འཚོ་གནས་བྱེད་ཐབས་ཀྱི་གོ་རིམ་ལ་འབད་ཚེ། ཕྱི་རྒྱལ་རོགས་ཚོགས་ཁག་གི་རྒྱབ་སྐྱོར་བྱེད་པར་སྟབས་བདེ་བ་དང་གནས་ལུགས་དང་མཐུན་པ་ཡིན། སྔར་ཡོད་ཀྱི་འབྲེལ་ལམ་དེ་དག་ཡང་བརྟན་དུ་འགྲོ་བ་དང་། རོགས་སྐྱོར་གྱི་ཀུན་སློང་ཙམ་པོ་བ་དེ་དག་ཀྱང་། ཀུན་སློང་དངོས་དང་ལག་ལེན་དངོས་ལ་བསྟར་བའི་ཁེ་ཕན་ཆེན་པོ་ཡོད་པ་ཡིན་ལ། འགྲོ་བ་མིའི་རང་དབང་གི་ཐོབ་ཐང་ལ་འགན་སྲུང་བྱེད་པའི་མི་སྡེ་ཤུགས་ཆེར་འགྲོ་ངེས་ཡིན། ལྷག་པར་དུ། རྒྱ་གར་གཞུང་གིས་ཀྱང་བོད་མི་རྣམས་བཙན་བྱོལ་བ་ཞེས་པའི་མིང་འོག་ནས། རྒྱ་གར་ས་ཐོག་ནས་བསྐལ་བའི་མཐའ་ལ་ཐུག་རེག་བར་དུ་འདུག་རྒྱུར་རེ་བ་བརྒྱབ་མེད་ལ། རྒྱ་གར་མི་མང་གིས་ཀྱང་རང་གིས་ཐོག་ནས་མི་རིགས་གཞན་གྱིས་ཁུངས་ཆེ་རུ་སོང་བ་དང་མཉམ་དུ། རང་མི་རྣམས་མི་རིགས་གཞན་གྱི་ཞབས་ཞུ་བ་བྱས་དེ་བསྡོད་རྒྱུའི་རེ་བ་ནམ་ཡང་བཅིང་མ་མྱོང་ལ། བཅིངས་ཀྱང་མི་སྲིད་པ་ཞིག་ཡིན་པ་བཙན་བྱོལ་བོད་མི་རྣམས་ཀྱིས་ཡིད་དུ་མ་དྲན་ཐབས་མེད་དུ་གྱུར་བའི་གནད་དོན་གལ་ཆེན་ཆགས་ཡོད། དེ་དང་ཆབ་ཅིག་གཞིས་ལུས་བོད་མི་རྣམས་ཀྱིས་ཀྱང་བཙན་བྱོལ་བོད་མི་རྣམས་ནི་ཕྱིར་རང་ཡུལ་མི་ལོག་པའི་བོད་མིའི་ཚོ་ཁག་ཅིག་ཆགས་རྒྱུར་རྨི་ལམ་དུའང་རེ་བ་རྒྱགས་མྱོང་མེད་པ་རེད། ངས་བསླེངས་པའི་ཞི་བའི་འཐབ་རྩོད་པ་བྱེད་རྒྱུ་ནི། དེང་དུས་ཀྱི་རྒྱལ་ཁབ་གཅིག་གི་སྲིད་འཛིན་བྱེད་པ་ལས་དཀའ་ངལ་ཆེ་བ་མེད་ཀྱང་ཆུང་བའང་མེད། རྒྱལ་ཁབ་ཀྱི་སྲིད་འཛིན་དག་ནི། མང་ན་ལོ་བཅུའི་ལས་འཁུར་དང་ཉུང་ན་ལོ་ལྔའི་ཡུན་ཚད་ཀྱི་ལས་འཁུར་ཡིན་ཡང་། ཞི་བའི་འཐབ་རྩོད་པ་བྱེད་པར། རིང་ནས་མི་ཚེ་གང་བོ་དང་ཐུང་ན་བོད་ལ་རང་དབང་དང་ཞི་བདེ་མ་ཐོབ་བར་དང་༧གོང་ས་མཆོག་བོད་དུ་ཆིབས་སྒྱུར་བསྐྱངས་རེག་བར་ཆགས་ཡོད་པ་དེ་ཡིན་ལ། རྒྱལ་ཁབ་ཀྱི་སྲིད་འཛིན་ཞིག་ཡིན་ན། རང་ཉིད་ཀྱི་ལས་འཁུར་དང་མཉམ་དུ་སྐབས་རེར་ཁྱིམ་མི་ཉེ་དུ་དང་ལྷན་འཛོམས་བྱེད་ཆོག་པ་དང་། ཚེ་སྲོག་གི་བདེ་འཇགས་སྲུང་སྐྱོབས་བྱེད་མཁན་གྱི་མངའ་འབངས་ཀྱང་ཡོད། ལས་འཁུར་གྱི་དུས་ཡུན་རྫོགས་པ་དང་རྒྱུན་ལྡན་གྱི་འཚོ་བ་རོལ་རྒྱུ་ཡོད་པ་རེད། ཞི་བའི་འཐབ་རྩོད་པ་ཞིག་བྱས་ཉིན་ནས་ནང་མི་ཉེ་དུ་ལྷན་འཛོམས་ཀྱི་གོ་སྐབས་ཤིག་དཀོན་པོ་ཡིན་ལ། ཚེ་སྲོག་གི་བདེ་འཇགས་ལ་སྲུང་སྐྱོབས་བྱེད་མཁན་དེ་བས་ཀྱང་ཁག་ལ། ནམ་ཞིག་རང་ཁྱིམ་དུ་ཕྱིར་ལོག་ནས་རྒྱུན་ལྡན་གྱི་འཚོ་བ་རོལ་ནས་ལྷོད་བསྡོད་ཀྱི་དུས་ཚོད་ཀྱང་རྩ་བྲལ་དུ་སོང་ཡོད་པ་ཡིན།།
༢༠༡༢/8/29ཉིན་བལ་ཡུལ་བཙོན་ཁང་ནས།                  དྲུང་ཡིག་དོན་ལྡན་ནས།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 4

  1. mekor says:
    ལོ་ 13 སྔོན།

    དངོས་གནས་སེམས་ཁོང་གི་སྐད་ཆ་གནས་ལུགས་ཅན་ཞིག་གསུང་འདུག་་་་རྗེས་སུ་ཡི་རང་ཞུ། སྐུ་གཟུགས་བདེ་ཐང་ངང་ཡོད་པའི་རེ་བ་ཡོད་་

    Reply
  2. a yer mel says:
    ལོ་ 13 སྔོན།

    རང་གི་མི་རིགས་དོན་དུ།།
    རྒྱལ་ཁབ་གཞན་པ་ཞིག་ན།།
    མི་བུའི་སྙིང་སྟོབས་སྒོམ་མཁན།།
    བོད་མི་ཀུན་ལས་ཡ་རབས།།
    ཨ་ཅོ་རྡོ་རྗེ་ཚེ་བརྟན།།
    ཕྲན་ངས་སྐྱག་རྫུན་མིན་པ།།
    བླ་མ་དཀོན་མཆོག་དཔང་འཇོག།
    ཁྱེད་རང་དྲན་ཐེངས་རེ་རེར།།
    སྙིང་རླུང་སྟོད་ལ་འཚང་ཀི།།
    ཡིན་ཡང་ཅང་མེད་ང་འདྲས།།
    ཁྱེད་ལ་ཅི་ཞིག་བྱིན་ཨང་།།
    བྱིན་རླབས་མཐའ་དང་བྲལ་བའི།།
    རྩ་གསུམ་མགོན་པོས་ཁྱེད་སྐྱོབས།།
    ལྷག་བསམ་ཤེས་ཡོན་ཅན་ཚོས།།
    དཔའ་བོ་ཁོང་ལ་གཟིགས་ཤིག།།
    ཡིད་ལ་ཝ་ལེར་གང་ཤར།།
    ཁ་ཁོག་དབྱེར་མེད་ངང་ནས།།
    དཀར་པོ་ཤོག་བུའི་ངོ་རུ།།
    བདག་གི་ཡི་གེ་གྲུབ་ཐལ།།

    Reply
  3. a yer mel says:
    ལོ་ 13 སྔོན།

    ངས་ཞིབ་ལྟ་རྗེས་ནས་བྱེད་་་་་ཁྱེད་རྒྱལ་གྱུར་ཅིག་་་་་དཀོན་མཆོག་གསུམ་པོས་མཁྱེན་་་་་

    Reply
  4. amdowa58 says:
    ལོ་ 13 སྔོན།

    ཞིམ་གི་ཡ། ཉོག་ཞིམ་གི ཟ་ཟ་ཚང་མས་ཉོག་ཟ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese