མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏམ་ཁ་ཚ་མ།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

    ༧གོང་ས་མཆོག་ལ་ཐུགས་ཕམ་ཡོང་དོན་དང་ཐུགས་ཕམ་གསོས་སྟངས་སྐོར་གྱི་གཏམ་ཁ་ཚ་མ།

བོད་མི་ཚོས། ༧གོང་ས་མཆོག་སངས་རྒྱས་རེད། འཕགས་པ་སྤྱན་རས་གཟིགས་རེད། ཐམས་ཅད་མཁྱེན་པ་རེད་ཅེས་ཕྱག་འཚལ་ས་དང་སྨོན་ལམ་རྒྱག་སའི་ཡུལ་ཞིག་ལ་འཇོག་པ་དང་། སངས་རྒྱས་ནི་སངས་རྒྱས་རེད། ང་ཚོ་དང་བསྡུར་ས་གང་དུ་ཡོད་ཅེས། ༧གོང་ས་མཆོག་གིས་མི་སྐད་གསུང་། མི་ཆོས་སྒྲུབ། མི་དོན་བཞེས། མིའི་བདེ་སྡུག་གི་བླང་དོར་མཛད་ཀྱི་ཡོད་ཀྱང་། ང་ཚོ་མི་ཕལ་བས་གང་ཡང་མི་འཇོན་ཟེར་ནས་རྒྱང་དུ་ནུར་ནས། ༧གོང་ས་མཆོག་གི་གསུང་མ་བརྩིས། མཛད་རྗེས་སུ་མི་འགྲེང་བའི་ལན་པ་དེ་དག་ལས་༧གོང་ས་མཆོག་ལ་ཐུགས་ཕམ་བྱུང་གི་ཡོད་པ་དང་། གོང་ས་མཆོག་སྐུ་འདྲ་ལྟ་བུ་ཞིག་ལ་རྩིས་པའི་མ་འགྲིག་པ་ཡིན། ལྷག་པར་དུ། དེང་སང་བོད་མིའི་གྲལ་དུ། ༧གོང་ས་མཆོག་གི་གསུང་གིས་འཇིགས་སྐུལ་མ་གནང་ཟེར་མཁན་དང་། ༧གོང་ས་མཆོག་གི་གསུང་དྲང་མ་ཡོང་ཟེར་མཁན་མང་དུ་འགྲོ་བ་དེས། ༧གོང་ས་མཆོག་གིས་སྐུ་ཚེ་གང་བོར་སྐུ་ལས་གྱོན་པ་ངོ་མ་ཤེས་པ་དང་ཁས་མ་བླང་། ཚིག་མ་བརྩིས་སྟབས་ཐུགས་ཕམ་ཡོང་གི་ཡོད་པ་རེད། དཔེར་ན། ཕ་མས་བུ་ཕྲུག་གི་ཆེད་དུ་གང་ལ་ཡང་མ་འཛེམ་པར་དཀའ་ལས་རྒྱབ་ཀྱང་། བུ་ཕྲུག་གིས་ཕ་མའི་བཀའ་དྲིན་ལ་བསམ་ཤེས་མ་བྱས་པར་ཕ་མ་བློ་ཕམ་བྱུང་བ་དང་འདྲ་བ་ཡིན། ཁྱད་པར་དུ། ༧གོང་ས་མཆོག་གིས་ད་སྔ་བར་གང་གསུང་བ་དང་གང་མཛད་པ་དེ་དག་བོད་མིའི་ལག་ལེན་བྱེད་དགོས་པ་དང་བོད་མིའི་འཐབ་རྩོད་ཁྲོད་དངོས་སུ་བྱུང་འོས་པ་རྐྱང་ཡིན་པ་ལས། ༧གོང་ས་མཆོག་ལ་བརྟན་བཞུགས་རེ་ཕུལ་ནས། ཁྱེད་སྐུ་ཚེ་བརྟན་པར་ཤོག་ཅེས་ཁ་ཡག་རེ་སྐུ་སྒེར་ལ་ཡོང་ཆེད་དུ་མཛད་མེད་པ་རེད། ཕྱག་རེ་འཚལ། སྨོན་ལམ་རེ་བརྒྱབས་ཏེ་རྐུབ་བསྡབ་བསྡབ་རེ་བཏང་དེ་སྐྱུར་བཞག་ན། ༧གོང་ས་མཆོག་གི་སྐུ་ཚེ་བརྟན་པ་དང་བོད་དོན་བདེན་མཐའ་གསལ་བར་གང་ཡང་མི་ཕན། ༧གོང་ས་མཆོག་གིས་དེ་སྔ་ང་ཚོ་ལ་བཀའ་གསལ་བོ་གནང་མྱོང་བ་ཞིག་ལ་“ང་ཚེ་རིང་པོ་བསྡོད་མིན་དེ་ནི། བོད་མི་མང་གི་བསོད་ནམས་དང་དབང་ཐང་ལ་བལྟ་དགོས”གསུངས་པ་ལྟར། བོད་མིའི་བསོད་ནམས་དང་དབང་ཐང་འཕེལ་དགོས་ཚེ། བླ་མའི་གསུང་བརྩིས། བཀའ་སྒྲུབ་ནས་བླ་མའི་ཐུགས་ཕམ་དུ་མ་བཅུག་ན། བླ་མའི་སྐུ་ཚེ་བརྟན་པ་དང་བོད་མིའི་བདེན་དོན་གྱི་མཐའ་སེལ་བར་ཐག་ཉེ་བ་ཡིན། སྐབས་དེར་ཆེས་ཡིད་སྐྱོ་དགོས་པ་ཞིག་ལ། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཚང་ཡང་། ཞིང་གཞན་དུ་ཕེབས་ཁར་ཐུགས་ཕམ་ཚད་མེད་དང་བཅས་ཞིང་གཞན་དུ་གཤེགས་པའི་ལོ་རྒྱུས་ཡོད་ལ། ད་ལྟའི་བར་༧གོང་ས་སྐུ་ཕྲེང་བཅུ་བཞི་བ་འདི་ཚང་གི་བཀའ་སློབ་གང་དུའང་། “ད་རེས་ང་བློ་ཕམ་ཅུང་ཙམ་བྱུང་”ཟེར་བའི་བཀའ་སློབ་ཕེབས་མྱོང་མེད་པ་དང་། ཐ་ན་༧ཁོང་གིས་བོད་མི་མང་ལ་བཅིངས་པའི་ཐུགས་བཞེད་ནི། ང་ཚོ་ལ་བཀའ་སློབ་འདི་འདྲ་ཞིག་གསུང་མྱོང་ཡོད་པ་རེད། “བོད་མི་མང་ལ་རང་དབང་ཞིག་མ་ཐོབ་བར། ང་ཤི་ན་དབུགས་འགྲོ་ས་མ་རེད”ཅེས་བཀའ་སློབ་ཕེབས་མྱོང་བ་མ་ཟད། ད་དུང་། ༧ཁོང་གིས“ངའི་བསམ་བློ་ཤེས་དགོས་མཁན་ཟེར་ན་རེད། དེ་ནི་བོད་མི་མང་ཆགས་ཡོད་པ་རེད། ངའི་བསམ་བློ་ཤེས་མི་དགོས་མཁན་ཟེར་ན་རེད། དེ་ནི་ཕྱི་རྒྱལ་མགོ་སེར་དེ་ཚོ་ཆགས་ཡོད་པ་རེད། ཡིད་སྐྱོ་བ་ཞིག་ལ་ནམ་ཞིག་ང་མེད་པ་དང་། ཏཱ་ལའི་བསམ་ཚུལ་གང་རེད་ཅེས་ངའི་ལོ་རྒྱུས་འཚོལ་དགོས་བྱུང་ན། ཕྱི་རྒྱལ་བས་ངའི་སྐོར་ལ་བྲིས་པའི་དེབ་དེ་ཚོ་ཀློག་རྒྱུ་ལས། བོད་རང་གི་བྲིས་པའི་དེབ་དེ་ཚོའི་ནང་རྙེད་ཁག་པོ་ཆགས་ངེས་རེད་སྙམ་པའི་བློ་འཚབ་ཡོང་གི་འདུག ད་ལྟ་ང་འཚོ་ཞིང་གནས་པའི་སྐབས་འདིར། ག་རེ་འདྲི་འདོད་ཡོད་ན་ང་ལ་དྲིས་པ་ཡིན་ན། ངས་གང་ཤེས་པ་དེ་ཚོ་ལན་རྒྱག་ངེས་རེད་ལ་རེད། མ་ཤེས་པ་དེ་ཚོ་མ་ཤེས་པ་རང་དུ་འཇོག་རྒྱུ་རེད”ཅེས་ཐོག་མཐའ་བར་གསུམ་ལ། བོད་མི་མང་གི་སྐྱིད་སྡུག་སྐད་ཅིག་ཙམ་ལ་ཡང་ཐུགས་ནས་འདོར་མྱོང་མེད་པ་དང་། དམིགས་སུ་བོད་མི་རིགས་ཀྱི་འདི་ཕྱི་གཉིས་ཀྱི་ཆེད་དུ་སྐྱེ་བ་བཞེས་ཡོད་པ་དང་བོད་མི་མང་གིས་རང་གི་༧བླ་མ་ངོ་ཤེས་དགོས་པ་དང་། ཤེས་ནས་བདག་པོ་རྒྱག་རན་ཡིན་ཚུལ་གྱི་སྔོན་བརྡ་ཡང་སྔ་ནས་བཏང་ཡོད་པའི་བཀའ་སློབ་གསལ་བོ་གནང་ཡོད་ཀྱང་། བོད་མི་ཚོས་ད་དུང་༧གོང་ས་མཆོག་ཟེར་ནས་རྒྱང་ཐག་སྟོང་ཕྲག་གི་ས་མཚམས་སུ་བཞག་ནས། ༧ཁོང་གི་བཀའ་གསུང་ནི་ལག་ལེན་ལ་བསྟར་ཐུབ་མེད་པ་དང་བསྟར་ཤེས་ཐུབ་མེད་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱས་ཏེ། སྔ་ཕྱི་བར་གསུམ་དུ་སྣང་བ་རྒྱ་ཡན་ལ་བཞག་པ་དེ་ཡི་ཉེར་ལེན་གྱིས། ད་རེས་ཀྱི་ཐུགས་ཕམ་བྱུང་བའི་གནས་ཚུལ་འདི་ཐོན་པ་རེད། ༧གོང་ས་མཆོག་ནི་ང་ཚོས་ཕྱི་མའི་ལམ་སྟོན་དང་ཚེ་འདིའི་སྣེ་འཁྲིད་ཡིན་པར་ཁས་ལེན་མཁན་གྱི་བོད་མི་གང་ན་སུ་ཡོད་པ་དེ་དག་གིས་ཕྱི་མའི་ལྗགས་བྲོ་སྒྲུབ་རྒྱུ་དང་ཚེ་འདིའི་སྣེ་འཁྲིད་ཕྱོགས་སྟོན་གནང་བཞིན་པའི་ལམ་ནང་དུ། མི་རེ་ངོ་རེ་ནས་དྭང་དུ་བླང་སྟེ། གང་ལ་ཇི་འཇོན་གྱིས་ཉིན་རེའི་འཚོ་བའི་ཁྲོད་དུ་ལག་ལེན་ངོས་ལ་ཞུགས་དགོས་རྒྱུ་དེ་ནི། བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚང་མས་ཁ་ཙམ་མ་ཡིན་པར་དོན་དག་ལ་འཁྱོལ་བ་ཞིག་བྱུང་ཚེ། འཛམ་གླིང་མི་མང་ཧ་ལས་པའི་ཚད་དུ་སྐྱེལ་བར་གདོན་མི་ཟ་བ་ཡིན་ལ། ༧གོང་ས་མཆོག་གི་ཐུགས་ཕམ་གསོས་པར་ཕན་རྒྱུར་ཐེ་ཚོམ་བྱེད་མི་དགོས་པ་ཡིན། དེ་མིན། མུ་མཐུད་དུ་༧གོང་ས་མཆོག་གིས་ང་ཚོ་ལ་འཚེ་བ་མ་བྱེད་ཅེས་གསུངས་སྟབས། ང་ཚོ་ལ་ལས་ཀ་བྱེད་རྒྱུ་གང་ཡང་བསྡད་མི་འདུག་ཟེར་མཁན། བོད་མིའི་སྙིང་ལ་རྒྱ་འདྲེའི་མཐུ་ཞུགས་པ་ཚོས་བྱེད་སྟངས་དེར་ཡིད་འགུ་ནས། ༧་གོང་ས་མཆོག་གི་གསུང་ལ་མ་ཉེས་ཁ་གཡོག་བྱས་ཏེ་འཚོ་བ་ལྷོད་སྡོད་དང་༧གོང་ས་མཆོག་གི་བཀའ་གསུང་གི་དགོངས་དོན་དག་མ་རྟོགས་པར་གཞུང་དམངས་གཉིས་ཀྱིས་སྔར་རྒྱུན་ལྟར། ༧གོང་ས་མཆོག་གི་གམ་དུ་བཅར་ནས་མིག་རེ་བཙུམ། ལག་ཟུང་སྙིང་ཁར་སྦྱར། མི་མང་ཁྲོད་དུ་འོང་ནས་༧གོང་ས་མཆོག་ལག་པ་འཕྱི་ས་ལྟ་བུ་བྱས་ཏེ་བཞག་ན། ༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོས་“མ་འོངས་ལུང་བསྟན་ལས། ནོར་བུ་རང་ལ་ཡོད་དུས།།ནོར་བུའི་ནོར་ཉམས་མ་ཆོད།།ནོར་བུ་གཞན་ལ་ཤོར་དུས།།འགྱོད་པ་གཏིང་ནས་སྐྱེས་སོང་།།”ཞེས་པ་འབྱུང་དགོས་ཐུག་ཚེ། ངུས་དེ་མིག་ནས་ཁྲག་བཞུར་ཡང་མི་ཕན་ཞིང་། འགྱོད་ནས་བྲག་དང་གཡང་ལ་མཆོང་ཡང་གནས་ཚུལ་སླར་ལྡོག་ཡོང་མི་སྲིད། སློབ་དཔོན་པདྨ་འབྱུང་གནས་མཆོག་གིས་ཀྱང་། བོད་ལས་ངན་དྲིན་བཟོ་མི་ཤེས་པའི་ང་ཚོའི་མི་རབས་འདི་འདྲ་ཞིག་སླེབས་རྒྱུར་མ་འོངས་མངོན་གཟིགས་ཀྱིས་བརྡ་ཞིག་བཏང་ཡོད་པ་ནི། “བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ”གསུངས་མྱོང་ཡོད། ང་ཚོ་ཤོར་ཟིན་པའི་ཉམས་མྱོང་མང་པོ་ཡོད་ལ། ཤོར་ལ་ཉེ་བའི་དུས་ཚོད་དམ་འཛིན་བྱེད་དགོས་སའི་བྱ་བར་ཅི་གསུང་བཀའ་སྒྲུབ་གནང་དགོས་པའི་མདུན་བསྐྱོད་ལས་ཕྱི་ནུར་དང་རྒྱབ་ཞུགས་བྱེད་མི་རུང་བའི་བྱ་བཞག་མང་པོ་ཡོད་པ་རེད། ༧གོང་ས་མཆོག་གིས་“ང་ལག་པ་འཕྱི་ས་གང་ཡིན་སར་མ་བྱེད། ཕན་ཐོག་པ་ཞིག་ཡིན་ན། ༧རྒྱལ་བ་རིན་པོ་ཆེ་ཡིས་དེ་འདྲ་གསུང་གི་འདུག ངས་དེ་ལ་དགག་བྱ་མེད་པར་རྒྱབ་སྐྱོར་ཡོད། དེ་མིན་གང་ཡིན་སར་ངའི་མིང་ཁྱེར་ན་ཡག་པོ་མ་རེད”ཅེས་བོད་མི་ཚོས་༧ཁོང་གི་བཀའ་སློབ་བེད་སྤྱོད་བྱེད་སྟངས་གང་འདྲ་གནང་དགོས་པ་ལ་སོགས་ཀྱི་མཚོན། བོད་མི་མང་ལ་ཆོས་འཇིག་རྟེན་གང་ཡིན་ཡང་། བྱེད་ཕྱོགས་དང་སྒྲུབ་ཕྱོགས་ཐད་མ་གསུང་བའི་བཀའ་སློབ་གང་ཡང་ལུས་མེད་ཅེས་བཤད་ན་ཧམ་པ་གཏན་ནས་ཆགས་མེད་པ་རེད། “བོད་ལ་ཤ་ཚན། རྩིས་པ་ལོངས་ཞར་ལ་ལྟོས།”ཟེར་སྲོལ་ཡོད་ཀྱང་།“ཤ་ཚ་བའི་གཏམ་ལ་སྙན་པོ་མེད”ཟེར་བ་ཡིན་དུས། ང་རང་བོད་ཀྱི་སྤྱི་མི་ལ་དབང་མཁན་གྱི་མི་ཞིག་ཆགས་ཡོད་སྟབས། ང་རང་གི་སྐད་ཆ་གང་ཡིན་ཡང་སྤྱི་དོན་ལ་རན་པོ་ཡོད་མེད་དང་དུས་ཚོད་དང་འཚམ་མིན་ལ། ངས་འབད་འབུངས་བྱེད་བཞིན་པའི་བཤད་སྒྲུབ་གཉིས་ཀྱི་མི་ཚེའི་ནང་ནས། བོད་མི་མང་ལ་ར་སྤྲོད་ཡོང་ངེས་ཡིན་པས། ང་ལ་འཇིགས་དོག་དང་སྐྲག་དགོས་ས་གང་ཡང་མེད་ཞུ་རྒྱུ་ཡིན།། མཆན་༧གོང་ས་མཆོག་ལ་ཐུགས་ཕམ་བྱུང་བའི་བཀའ་སློབ་དེར་ཉན་རྗེས། ཉིན་ཁ་ཤས་ལ་བློ་བདེ་བོ་མ་བྱུང་སྟབས། གཏམ་ཁ་ཚ་མ་འདི། རིགས་ཀྱི་རུས་པ་སྲ་མོ་ཡོད་མཁན་དག་ལ་དྲན་སྐུལ་ཞིག་གི་ཚབ་ཏུ་བལ་ཡུལ་རྒྱལ་སའི་བཙོན་ཁང་ནས་བྲིས། ༢༨/༩/༡༢  དྲུང་ཡིག་དོན་ལྡན་ནས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༩ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༠ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༤ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese