ཞི་བའི་འཐབ་རྩོད་ཀྱི་ལྟ་བ།
ཁྱོད་ཀྱིས་མེ་མདའ་བཟུང་དེ་ཚུར་ཡོང་ན།།
ང་ཡིས་མེ་ཏོག་བཟུང་ནས་ཁྱེད་ལ་བསུ།།
ཁྱོད་ཀྱིས་མེ་མདའི་རྡེའུ་ང་ལ་གཏོར་ན།།
ང་ཡིས་ཁྱེད་ལ་མེ་ཏོག་གི་འདབ་མ་སྟོར་ཆོག།
ས་ཡ་དྲུག་གི་བུ། གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་བལ་ཡུལ་བཙོན་ཁང་ནས། དྲུང་ཡིག་དོན་ལྡན།
ཁྱོད་ཀྱིས་མེ་མདའ་བཟུང་སྟེ་ཚུར་ཡོང་ན།།
ང་ཡིས་མེ་ཏོག་འཛིན་བཞིན་ཁྱེད་ལ་བསུ།།
ཁྱོད་ཀྱིས་མེ་མདའི་རྡེའུ་ངར་གཏོར་ན།།
ང་ཡིས་ཁྱེད་ལ་མེ་ཏོག་འདབ་མས་མཆོད།།