མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་འགན།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

                                           བོད་མིའི་འགན།

                                      བླ་མའི་རིགས་ཀྱི་“བོད་མིའི་འགན”།                    (གོང་འཕྲོས།)

བླ་མ་ནི། བོད་ཀྱི་ཡིད་ཆེས་བྱེད་ཚུལ་ཡིན་ན། བླ་ནི་གོང་ན་མེད་པའི་དོན་ཡིན་ཟེར་གྱི་ཡོད་དུས། བོད་ཀྱི་བླ་མ་རྣམས་ཀྱིས་“བོད་མིའི་འགན”བཞེས་སྟངས་དེ་ཡང་གོང་ན་མེད་པ་ཞིག་བྱུང་ན་རབ་དང་མ་བྱུང་ཡང་། མི་སེར་དཀྱུས་མ་ལས་ལྷག་པ་ཞིག་བྱ་དགོས་པ་ནི། མངོན་སུམ་ལ་བསྙོན་འཛུགས་པ་མིན་ཡང་། མི་སུ་དང་འཕྲད་ཀྱང་། “བོད་མིའི་འགན”བཞེས་མཁན་གྱི་བོད་མིའི་བདེན་དོན་འཆད་པར་ནམ་ཡང་ཕྱིར་ནུར་རྒྱགས་མི་རུང་བ་ཡིན། དེང་སང་བོད་ཀྱི་བླ་མ་མི་ཉུང་བ་ཞིག་གིས་ཟ་ས་འཐུང་ས་བོད་ཀྱི་རིག་གཞུང་བྱས་ཏེ། བོད་དོན་ལ་ཐུག་དུས་“ཆོས་པའི་ཆབ་སྲིད་མི་ཤེས”ཟེར་བ་དང་། སློབ་མ་དག་ལ་ཆོས་དང་ཆབ་སྲིད་མ་བསྲེས་ཤིག་གསུང་ནས་བཀའ་སློབ་གནང་གི་ཡོད། དོན་དངོས་ཐོག་བོད་ཀྱི་བདེན་པ་རྩོད་ཀྱི་ཡོད་པ་དང་ཆོས་པའི་བདེན་དོན་སྐྱོང་དགོས་པ་གཉིས་ནི། མཐར་གཏུག་ན་བོད་དོན་གྱི་མཇུག་འབྲས་སུས་གླེང་ཆོག་པ་ཡིན་དུས། བླ་མ་རྣམས་ཀྱིས་བོད་དོན་ལ་སྐད་ཆ་བཤད་མ་ཐུབ་ཚེ། བོད་ཀྱི་བླ་མས་“བོད་མིའི་འགན”མ་ཁུར་བ་དང་། “ཟ་ས་འཐུང་ས་རྒྱགས་དུས་བརྗེད་”ཟེར་བ་དང་གཅིག་པ་ཆགས་པ་ཡིན་ལ། དད་ལྡན་རྣམས་ཀྱིས་ཆེ་ས་ནས་མ་འགྲོ་བ་སེམས་ཅན་དང་། ཆུང་ས་ནས་བུ་སློབ་ཚོ་རྗེས་སུ་འཛིན་པར་ཡིད་ཆེས་བྱེད་ས་དེ་ནོར་བ་ཡིན། ཚེ་འདི་ཙམ་ལ་ཕྱོགས་སྟོན་དང་སྣེ་ཁྲིད་མི་ཤེས་པའི་བླ་མ་ཚོས་ཚེ་ཕྱི་མའི་ལམ་འདྲེན་ཟེར་བ་དེ་ནི་ཧ་ཅང་དགོད་བྲོ་བ་རང་ཆགས་པ་རེད།

                                          དགེ་འདུན་པའི“བོད་མིའི་འགན”།

དགེ་འདུན་པ་དང་བཙུན་མ་རྣམས་ཀྱིས་མི་ཡུལ་ཁམས་འདིའི་བདེན་པའི་དམ་ཚིག་ལྕི་ཤོས་དང་ཁག་ཤོས་དེ་ཁས་བླང་དམ་བཅའ་ཡོད་སྟབས། སྤྱིར་བཏང་གི་མི་ལས་འགན་ཧ་ཅང་ཆེ་བ་ཡིན་དུས། ནང་དགོས་བོད་ཀྱི་དགེ་འདུན་དང་བཙུན་མ་རྣམས་ལ་“བོད་མིའི་འགན”ཆེན་པོ་ཡོད་ལ། བོད་ཀྱི་བདེན་དོན་ཆེད་དུ། ད་ལྟའི་བར་དུ་བོད་མི་དཀྱུས་མ་ལས“བོད་མིའི་འགན”མང་བོ་བཞེས་མྱོང་ཡོད། དུས་ད་ལྟ་དེ་རིང་ཡང་དགེ་འདུན་པ་དང་བཙུན་མའི་སྡེ་ན། “བོད་མིའི་འགན”ཕྲག་པར་བླང་དེ་བོད་མིའི་བདེན་དོན་ཆེད། ཡོད་ཚད་བློས་གཏོང་མཁན་གྱི་རྒྱུན་མ་ཆད་པར་ཡོད་ཀྱང་། གྲངས་འབོར་གྱི་ཆ་ནས་ཉུང་དུ་འགྲོ་བཞིན་པ་དང་སྣང་མེད་དུ་གཡེང་བར་གོམ་པའི་རིགས་དང་། བདེན་དོན་བརྗེད་ནས་རང་གཞན་གྱི་རྒྱུ་དངོས་ལོངས་སྤྱོད་ལ་ཆགས་སྟེ། རང་གི་བླ་མར་ཁ་གཏོང་བ་དང་རང་ཉིད་ཀྱི་ཟ་ས་འཐུང་སའི་རིག་གཞུང་ལ་དྲིན་བཟོ་མི་བྱེད་མཁན། “བོད་མིའི་འགན”ཁུར་བའི་བདེན་པའི་ཟུངས་ཉམས་མཁན་གྱི་གྲངས་དེས། “བོད་མིའི་འགན”། བདེན་དོན་རྩོད་པ་ལ། འགན་མི་ཁུར་བའི་སྤྱི་ཚོགས་ཤིག་གི་ལག་ཆར་ཆགས་ཀྱི་ཡོད། དངོས་གནས་བྱས་ན། རང་གི་ཁས་བླང་བའི་དམ་ཚིག་བསྲུང་རྒྱུ་དེ་ནི། རང་གི་ཚེ་སྲོག་དོར་བ་ལས་ཀྱང་རྩ་ཆེ་བ་ཤེས་ཐུབ་ཚེ། “བོད་མིའི་འགན”ཁུར་དུ་བླང་བ་མ་ཟད། བོད་ཀྱི་དགེ་འདུན་པ་དང་བཙུན་མ་ཞེས་གླེང་དུས། ཚེ་འདི་དང་ཕྱི་མ་གང་ལ་ཡང་ངོམ་སོ་བྱེད་ཆོག་པ་ཞིག་ཆགས་པ་ཡིན། དེ་མིན“དཀོར་ཟས་དམྱལ་བའི་རྒྱུ”ཞེས་པ་ལས་འགྲོ་ས་ཞིག་གཏན་བྲལ་རེད།    མུ་འགོད།    དྲུང་ཡིག་དོན་ལྡན་ནས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

ཆུ་ཚོད་ ༦ སྔོན་ལ།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་པེ་ཊར་པ་ཝེལ་དང་། ཇོར་ཇི་ཡའི་སྲིད་འཛིན་ས་ལོ་མེ་ཛོའུ་ར་བྷི་ཆི་ཝི་ལི་མཆོག སྲིད་སྐྱོང་སྤེན་པ་ཚེ་རིང་གསུམ་ཞི་བདེ་གླེང་སྟེགས་ཐེངས་ ༢༩ པའི་ཐོག་མཉམ་ཞུགས་གནང་། ༢༠༢༥།༡༠།༡༣ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཟླ་གཅིག་ལྷག་རིང་སྲིད་སྐྱོང་མཆོག་གིས་ཡུ་རོབ་དང་ལྷོ་བྱང་ཨ་མེ་རི་ཁའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག  

ཆུ་ཚོད་ ༧ སྔོན་ལ།
མང་ར་རྫོང་དམུ་གེ་ཐང་དུ་མེ་ཤུགས་འཕུར་མདེལ་ཞིག་ལྷུང་ནས་གས་ཐོར་བྱུང་། ༢༠༢༥།༡༠།༡༣ དྲ་ལམ་གྱི་པར།
Mobile App

བོད་མང་ར་རྫོང་དམུ་གེ་ཐང་དུ་འཕུར་མདེལ་ཞིག་ལྷུང་སྟེ་འབར་གས་ཆེན་པོ་བྱུང་།

༢༠༢༥/༡༠/༡༥
Mobile App

རྒྱ་གཞུང་གིས་བོད་ཀྱི་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཟེར་བའི་བསམ་བློ་སྤེལ་ཆེད་རྒྱ་ནག་ཏུ་ལྟ་སྐོར་ཁྲིད།

༢༠༢༥/༡༠/༡༤
Mobile App

ཉིན་གསུམ་རིང་གི་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༩ བ་དབུ་འཛུགས་གནང་།

༢༠༢༥/༡༠/༡༤
Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

༢༠༢༥/༡༠/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese