མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔ་བ་རྫོང་། སྒོ་ལྕགས་བརྒྱབ་པའི་ལྕགས་སྒམ་ཞིག

བློ་རབ།
༢༠༡༦/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྔ་བ་བློ་བརྟན།

ངའི་ཕ་ཡུལ་ཨ་མདོ་རྔ་བ་རྫོང་ཡིན། ངའི་ནང་མི་དང་གཉེན་ཉེ། གྲོགས་བཟང་ཚོར་འཚམས་འདྲི་བྱེད་འདོད། མི་ཚོས་ཁ་པར་དང་དྲ་ལམ་བརྒྱུད་ནས་འཚམས་འདྲི་དངའབྲེལ་ཏེ་དགའ་སྐྱིད་ལ་རོལ་བཞིན་ཡོད། འོན་ཏེ། ངའི་ཕ་ཡུལ་ལ་ཁ་པར་དང་དྲ་ལམ་བཀག་སྟེ་ཟླ་བ་ནས་ལོ་ལ་ཉེ་སོང་། ངའི་ཕ་ཡུལ་འདི་རྒྱ་གཞུང་གིས་ལྕགས་སྒམ་ཏུ་བཅུག་པ་མ་ཟད་སྒོ་ལྕགས་ཀྱང་བརྒྱབ་འདུག

ངས་ཇི་ལྟར་བྱས་ཏེ་ཕ་ཡུལ་གྱི་ནང་མིས་གཙོས་དགའ་ཉེ་ཚོར་འཚམས་འདྲི་དང་ཁ་བརྡ་བྱེད་ཐུབ་བམ།

ངའི་ཕ་ཡུལ་རྔ་རྫོང་འདི་ས་གོ་ལའི་སྒང་ལ་ཏན་ཏན་ཡོད་ངེས། འཛམ་གླིང་མི་མང་དང་བོད་ཡུལ་སྟོད་སྨད་བར་གསུམ་ལ་དྲ་ཡོད་པ་མ་ཟད། དྲ་བས་སྲིད་འབྱོར་རིག་གསུམ་གཙོས་ཡོད་ཚད་སྟབས་བདེ་བཟོ་བཞིན་ཡོད་ཅིང་། མི་རྣམས་ལ་ངེས་པར་དུ་ཡོད་དགོས་པ་དང་མེད་ན་མི་ཆོག་པའི་དུས་སྐབས་འདི་འདྲ་ཞིག་ལ། ངའི་ཕ་ཡུལ་རྔ་རྫོང་ན་དྲ་མེད་དོན་ཅི་རེད། ངའི་ཕ་ཡུལ་གྱི་ཕུ་ནུ་ཚོ་ལ་དྲ་ཉོ་བའི་དངུལ་མེད་སོང་བ་རེད་དམ། ཡང་ན་ངའི་ཕ་ཡུལ་གྱིས་དྲ་སྤྱོད་མི་ཤེས་པ་རེད། དེ་མིན་ན། བཙན་པོ་དབང་ཡོད་ཀྱིས་དྲ་ལམ་བཀག་སྟེ་རྔ་རྫོང་མི་མང་གི་ཕྱི་ནང་གི་འབྲེལ་ལམ་དང་ལས་དོན་སྣ་མང་ལ་ཆེད་དུ་འགོག་རྐྱེན་བཟོ་བཞིན་ཡོད།

ངའི་ཕ་ཡུལ་ལ་ཅི་ཞིག་མ་འགྲིག་པ་རེད། ངའི་ཕ་ཡུལ་གྱིས་ལས་ངན་ཅི་ཞིག་བསགས་པ་རེད། ངའི་ཕ་ཡུལ་འདི་ཅི་ཞིག་དབང་གིས་རྒྱ་གཞུང་གི་མིག་ལ་མ་མཛེས་པ་རེད། དེ་འདྲའི་སྡང་འདོད་ཅིག་དང་དེ་འདྲའི་བརྙས་བཅོས་ཤིག རྒྱ་ནག་རྒྱལ་ཡོངས་ལ་དྲ་ཡོད་ན་ངའི་ཕ་ཡུལ་ལ་ཅི་ཞིག་གིས་རེད། དབང་འཛིན་པ་ཚོ། ངའི་ཕ་ཡུལ་གྱི་སྡུག་ཉེས་ཅི་ཞིག་བསགས་སོང་། ཤོད་དང་། ས་སྟེངའདི་ལ་མི་ཤོང་བའི་སྡུག་ཉེས་ཤིག་ཤོད་རྒྱུ་ཡོད་དམ། ཡོད་ན་ཤོད་དང་། མེད་ན་ངའི་ཕ་ཡུལ་ལ་དྲ་ལམ་བཀག་ནས་ཅི་ཞིག་བྱ་རྩིས་ཡིན། མི་ཚང་མ་ལ་དྲ་དགོས་ན་ངའི་ཕ་ཡུལ་ལའང་ལོས་དགོས། ངའི་ཕ་ཡུལ་གྱི་མི་ཚོ་ཡང་འགྲོ་བ་མིའི་རིགས་ཡིན་པ་གཅིག་པ་རེད།

དབང་འཛིན་པ་ཚོ། ངའི་ཕ་ཡུལ་ནས་རང་ལུས་མེར་སྲེག་མཁན་མང་པོ་བྱུང་སོང་། དེའི་རྐྱེན་གྱིས་དྲ་བཀག་པ་ཡིན་ན། དྲ་བཀག་པ་ལ་བརྟེན་ནས་རང་ལུས་མེར་སྲེག་མཁན་མང་དུ་འབྱུང་གི་འདུག ཡུལ་གྲུ་གཞན་དང་ས་གནས་གཞན་ན་མེད་པའི་ངའི་ཕ་ཡུལ་ལ་ཐུབ་ཚོད་དང་བསྙས་བཅོས་བྱེད་པ་མང་དྲགས་པས། རང་ལུས་མེར་སྲེག་བྱེད་དགོས་བྱུང་བ་རེད། དེ་རེད་མ་གཏོགས་ངའི་ཡུལ་མི་ཚོ་འཚོ་སྡོད་ལ་མི་དགའ་ཞིང་། རང་སྲེག་ལ་དགའ་དྲགས་ནས་མ་རེད།

དབང་འཛིན་ཚོས་ངའི་ཕ་ཡུལ་འདི་ཉེས་མེད་ཉེས་ཅན་པར་བརྩིས་ཏེ། དམར་གསོད་དང་འཛིན་བཟུང་། བཙོན་འཇུག་དང་ཁྲིམས་ཆད། འགྲོ་འདུག་ལ་དམ་དྲག དམག་མི་དང་ཉེན་རྟོག་པས་འཇིག་སྐུལ དཔུང་ངོམ། དྲག་གནོན་གྱིས་ལོ་དང་ལོ་མཐུད་པས། ངའི་ཕུ་ནུ་ཚོ་ཅི་བྱེད་འདི་བྱེད་མེད་པའི་གནས་སུ་བསྐྱལ་བ་མ་ཟད། ཁྱོད་ཅག་གིས་ལག་བསྟར་བྱེད་བཞིན་པའི་མནར་གཅོད་ལས། དམར་པོ་མེ་ཡིས་འཚིག་ནའང་བདེ་བ་ཚོར་གྱི་ཡོད། དབང་འཛིན་ཚོ། ཁྱོད་ཚོས་ངའི་ཕ་ཡུལ་གྱི་ཕུ་ནུ་ཚོ་གནས་སྟངས་ག་འདྲ་ཞིག་ལ་བརྫིངས་འདུག

རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་ཧ་ཅང་གི་སྐྱོ་བོ་ཡིན་པ་ཡོངས་གྲགས་རེད། འོན་ཏེ་རྔ་བ་རྫོང་ལྟ་བུ་ཟླ་བ་ལོར་མཐུད་དེ་དྲ་ལམ་བཀག་འགོག་བྱེད་ཀྱིན་པའི་ས་ཁུལ་ཡོད་དམ།རྒྱ་ནག་ནང་ལོག་དང་བོད་ཁུལ་གཞན་ནའང་། དབང་འཛིན་པའི་འདོད་བློ་ལྟར་མིན་པའི་གནད་དོན་བྱུང་ནའང་། གནས་སྐབས་ཙམ་ལ་དྲ་ལམ་དམ་དྲག་བྱེད་པ་ལས་རྔ་རྫོང་ནང་བཞིན་ཟླ་བ་ལོར་མཐུད་དེ་དམ་དྲག་གི་ས་ཆ་ཞིག་མེད་ཚོད་རེད།

མི་དང་མིའི་བར་དུ་ཁ་པར་དང་དྲ་ལམ་སྤྱད་དེ། ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ནས། ནང་མི་ནས་ནང་མིའི་བར་དང་གྲོགས་པོ་ནས་གྲོགས་པོའི་བར་དུ་སྐད་ཆ་ག་ཚོད་བཤད་རྒྱུ་ཡོད།ལས་དོན་ཆེ་ཆུང་ག་ཚོད་བསྒྲུབ་རྒྱུ་ཡོད། འདི་དག་ནི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་སྤྱིར་བཏང་ཞིག་རེད། འདིས་ཅི་ཞིག་ལ་གནོད་ཀྱིན་ཡོད་དམ། འདིས་རྒྱལ་ཁབ་ཀྱི་བརྟན་བརླིང་ལ་གནོད་ཀྱིན་འདུག་ལབ་ན། རྒྱལ་ཁབ་ཀྱི་བརྟན་བརླིང་ལབ་ན་ཇི་འདྲ་ཞིག་རེད། ཁ་པར་དང་དྲ་ལམ་སྤྱད་ན་བརྟན་བརླིང་ལ་གནོད་ཀྱིན་ཡོད་ན། དེ་འདྲའི་གནོད་ཆོག་ཆོག་གི་བརྟན་བརླིང་མེད་པའི་རྒྱལ་ཁབ་ཅིག་ས་འདིའི་སྒང་ལ་ཁྱོད་ཚོའི་རྒྱལ་ཁབ་གཅིག་བུ་དེ་ཡིན་ངེས།

དབང་འཛིན་པ་ཚོ། ཁྱོད་ཚོར་དགོས་པའི་རྔ་རྫོང་མི་མང་ནི། ཁ་གྲག་མི་ཤེས་པའི་ལྐུག་པ་རྐྱང་དང་། ཡང་ན་ཁྱོད་ཚོའི་གང་བཤད་ལ་ལེགས་སོ་རྐྱང་ལབ་མཁན་ཞིག་ཡིན་དགོས་ཀྱང་། རྔ་རྫོང་མི་མང་ལ་ཁྱོད་ཚོས་ཅི་ཞིག་བྱེད་ཀྱིན་ཡོད་པ་དང་། ཁ་ནས་བརྟན་བརླིང་ཟེར་བཞིན་དོན་ལ་ཁྲིམས་སྒྲིག་ལ་འང་ལྟོས་མི་དགོས་པར་རང་སྣང་གང་དྲན་དང་། རང་དོན་ཁོག་བཅུག་གིས་ཆུང་ཆུང་དག་ཆེན་པོ་བཟོས་ཏེ། མི་མང་ལ་དྲག་གནོད་དང་མནར་གཅོད་ཁོ་ནའི་སྲིད་ཇུས་ཤིག་ལག་བསྟར་བྱེད་ཀྱིན་ཡོད། དེ་དག་དངོས་སུ་མཐོང་ཐོས་མྱོང་གསུམ་ཡོད་མཁན་རྔ་རྫོང་མི་མང་ཡིན། དངོས་ཡོད་གནས་སྟངས་དེས་རྔ་རྫོང་མི་མང་ཡར་ལངས་འཇུག་གི་ཡོད་ཅིང་། མང་ཚོགས་ཀྱི་ཁྲོམ་སྐོར་ནས་རང་ལུས་མེར་སྲེག དེ་ནས་གཅིག་བུར་ཁེ་རྒྱུག་གི་ངོ་རྒོལ་གྱི་ལམ་ལ་དེད་སོང་།དེར་བརྟེན་རྒྱལ་ཁབ་ཀྱི་བརྟན་བརླིང་མེད་པར་བཟོ་མཁན་དེ་ས་གནས་མི་མང་མིན་པར་རྒྱ་དཔོན་ཁྱོད་ཚོ་ཡིན་པ་འདི་རེད།

མདོར་ན། རྔ་རྫོང་མི་མང་ལ་རྒྱ་གཞུང་གིས་བཙན་གནོན་དང་ཐུབ་ཚོད་ག་འདྲ་བྱས་ནའང་། སྔར་ལྷག་ནང་ཁུལ་མཐུན་སྒྲིལ་དང་རང་གི་ཡི་གེ་དང་རིག་གནས་དགའ་ཞེན་ཇེ་ཆེ་ནས། སེམས་སྟོབས་བསྐྱེད་དེ་གོང་ས་རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་ཞིག་ལ་རེ་ནས་བསྡད་ཡོད་པ་རེད་ལ། ངའི་ཕ་ཡུལ་གྱི་མི་མང་ཚོ་གསོད་ཆོག་ཆོག་ཅིག་མིན་ལ་ཤི་ཆོག་ཆོག་ཅིག་དེ་བས་ཀྱང་མིན།

༼ཟུར་ཞུ། རྩོམ་འདི་དེ་སྔོན་ཞིག་ལ་བྲིས་པ་ཡིན་ལ། འདོད་པ་ཚིམ་ནི་ཞིག་མ་བྱུང་བས་གད་སྙིག་ནང་གཡུགས་ཡིན། དེ་རིང་གད་སྙིག་གཙང་མ་བཟོ་སྐབས་མཐོང་བས་བསྐྱར་ཀློག་ཅིག་བྱས་ཏེ། དེ་མུར་ནག་བསུབ་བཏང་བ་ལས། ཡག་ན་རྩོག་ན་སོ་སོའི་ཟིན་བྲིས་སུ་བཀོད་ན་མ་འགྲིག་པ་ཅི་ཡོད་བསམས་ཏེ་འདིར་དྲངས་པ་ཡིན།༽

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༢༠ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 3

  1. མགར་འཇམ་དབྱངས་། says:
    ལོ་ 10 སྔོན།

    དེང་སང་དྲ་སྒོ་ཕྱེས་འདུག་ཀྱང་བསྟུད་མར་ངོ་རྒོལ་བྱེད་སྟངས་ལ་གཞིགས་ན། ཡང་བསྐྱར་དྲ་སྒོ་རྒྱག་པའི་ཉེན་ཁ་འདུག

    Reply
  2. Ngawa loten says:
    ལོ་ 10 སྔོན།

    དགེན་ལྷ་མོ་སྐྱབས་ལ་བཀྲ་ཤིས་བདེ་ལེགས། རྩོམ་འདི་འབྲི་དུས་ལོ་སར་སྐབས་ཡིན། སྐབས་དེར་ནང་མི་དང་ངོ་ཤེས། གྲོགས་བཟང་ཚོར་ལོ་གསར་གྱི་འཚམས་འདྲི་བྱེད་ན་འདོད་ཀྱང་བྱེད་ཐུབ་མ་སོང་། དེའི་རྐྱེན་བྱས་ཏེ་རྩོམ་འདི་བྲིས་པ་ཞིག་རེད། འོན་ཏེ་འདོད་པ་ཚིམ་ནི་ཞིག་མ་བྱུང་བས་གད་སྙིག་ཏུ་གཡུགས་ཡིན། ཉིན་འགའི་སྔོན་བསྐྱར་ཀློག་ཅིག་དང་འབྲེལ་ཏེ་ལོ་གསར་དང་འབྲེལ་བའི་ཚིག་ཁ་ཤས་ཡོད་པ་དེ་དོར་ནས་རང་གི་ཟིན་བྲིས་སུ་བཀོད་པ་ཡིན།

    རྔ་བ་རྫོང་ལ་མཚོན་ན། གཞི་རྩའི་ཆ་ནས་གནས་སྟངས་རང་འཇགས་རེད། འོན་ཏེ་དེང་སང་ཁ་པར་མཚམས་རེ་ལ་མཐུད་ཐུབ་ཀྱི་ཡོད་ས་རེད། དྲ་ནི་མེད་པ་རང་འཇགས་རེད། ཕ་ཡུལ་གྱི་མི་ཚོས་བཤད་ན། གཅིག་བྱས་ན་དྲ་མངག་མི་ཡོང་ངམ་ཟེར། དེང་སང་མཚམས་རེ་ལ་ཆུ་ཚོད་གཅིག་འདྲ་བོ་དྲ་མངག་གིན་འདུག་ཟེར། དེ་འདྲ་དེ་འདྲ་བྱས་ནས་དྲ་ཡུན་རིང་དུ་གཏོང་གིན་གཏོང་གིན་མཐའ་མ་མངག་ཡོང་གི་འདུག་ཟེར། དེ་ཁོང་ཚོས་སྔོན་མའི་ཉམས་མྱོང་དང་འབྲེལ་ནས་ཤོད་ཀྱིན་ཡོད་པ་རེད།

    Reply
  3. ལྷ་མོ་སྐྱབས། says:
    ལོ་ 10 སྔོན།

    གད་སྙིགས་ནས་ཡར་བསྒྲུགས་པ་ནོར་མི་འདུག འདི་དེ་སྔོན་ནམ་ཞིག་ལ་བྲིས། ཁ་སང་དེ་རིང་ད་རུང་དེ་ལྟར་ཡིན་ནམ། ཡང་ན་ཅུང་ཟད་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese