མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གཞུང་གིས་བོད་མི་ཚོར་ཁྲིམས་མཐུན་ཡིག་ཆ་སྤྲོད་རོགས།

བོད་ཀྱི་དུས་བབ།
༢༠༡༧/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་སྣེ་ཁྲིད་དེ་གྲོས་ཚོགས་འཐུས་མི་བརྒྱད་བལ་ཡུལ་དང་རྒྱ་གར་དྷ་རམ་ས་ལ་སོགས་སུ་ཕེབས་པའི་སྐོར་ཕྱི་ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་ནང་གསར་འགོད་ལྷན་ཚོགས་བསྐྱངས་ཏེ། འཐུས་མི་རེ་རེ་ནས་གཏམ་བཤད་གནང་སྐབས་སྐུ་ཞབས་ཇིམ་མེག་གྷ་ཝན་(Jim McGovern)ལགས་ཀྱི་གཏམ་བཤད་བོད་སྒྱུར་བྱས་ཏེ་བཀོད།

མགོ་ཁྲིད་ལྕམ་སྐུ་ཞབས་པེ་ལོ་སི་མཆོག་གིས་ང་རང་ཐེངས་འདིའི་ཕྱོགས་སྐྱོད་དུ་ཁྲིད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༢༠༡༥ ཟླ་ ༡༡ ནང་ངས་ཁོང་མོ་དང་གྲོས་ཚོགས་འཐུས་མི་ལྕམ་སྐུ་བྷེ་ཊི་མེག་ཀ་ལམ་(Betty McCollum)དང་། དེ་བཞིན་ལྕམ་སྐུ་ཞབས་ཇོ་སི་བྷི་ཊི་ (Joyce Beatty) ལགས་བཅས་དང་མཉམ་དུ་རྒྱ་ནག་ཏུ་ཕྱིན་པ་ཡིན། སྐབས་དེར་རྒྱ་གཞུང་གིས་ང་ཚོ་བོད་དུ་སྐྱོད་ཆོག་པའི་ཆོག་མཆན་སྤྲད་པར་ཅུང་ཟད་ཡ་མཚན་སྐྱེས་སོང་། གང་ཡིན་ཟེར་ན། ང་ཚོས་ལོ་མང་ལ་ཐབས་ཤེས་བྱས་ཀྱང་། རྒྱ་གཞུང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་བོད་དུ་སྐྱོད་པར་མུ་མཐུད་དེ་དམ་དྲག་བྱས་པ་རེད། རྒྱ་གཞུང་གིས་ང་ཚོ་བོད་དུ་བསྐྱོད་བཅུག་པ་ནི་རྒྱ་གཞུང་གིས་༸གོང་ས་མཆོག་དང་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པའི་རེ་བ་བྱེད་ཀྱི་ཡོད།

འོན་ཀྱང་། བློ་ཕམ་པ་ཞིག་ནི་བོད་ནང་གི་གནས་སྟངས་དང་རྒྱ་ནག་གི་སྟངས་འཛིན་ནས་བྲོས་བྱོལ་དུ་ཡོང་བའི་བོད་མི་ཚོའི་དཀའ་ངལ་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་བཞིན་འདུག ང་ཚོའི་ཐེངས་འདིའི་ཕྱོགས་སྐྱོད་དེས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་མ་སེལ་ནས་ཡལ་འགྲོ་རྒྱུ་ཞིག་མིན་པའི་བརྡ་ལན་སྤྲོད་ཆེད་ཡིན།

ང་ཚོ་དྷ་རམ་ས་ལར་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་གཙོས་བོད་མི་སྟོང་ཕྲག་མང་པོས་བརྩེ་སེམས་ཆེན་པོའི་ཐོག་ཕེབས་བསུ་དང་སྣེ་ལེན་ཟབ་རྒྱས་ཞུས་པར་དགའ་ཚོར་ཆེན་པོ་བྱུང་།

རྒྱ་གཞུང་གི་བཙན་གནོན་ལས་བྲོས་ཏེ་རྒྱ་གར་དུ་བཙན་བྱོལ་ལ་ཡོང་བའི་བོད་མི་སྟོང་ཕྲག་མང་པོར་རྒྱ་གར་གཞུང་དང་མི་མང་གིས་མཐུན་འགྱུར་རོགས་རམ་ཤུགས་ཆེན་པོ་བྱས་ཡོད་སྟབས། ང་ཚོས་བཀའ་དྲིན་རྗེས་དྲན་དང་རྗེས་སུ་ཡི་རངས་ཞུས་པ་ཡིན།

ང་ཚོས་རྒྱ་གཞུང་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་བཙན་བྱོལ་བ་རྣམས་རང་ཡུལ་དུ་ཕྱིར་ལོག་འཇུག་དགོས་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུ་ཁྲིད་པའི་བོད་མི་བཙན་བྱོལ་བ་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་སྤྲད་དེ། བོད་མི་རྣམས་ལ་སོ་སོའི་མི་རིགས་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རང་དབང་ཐོག་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་འབུལ་དགོས་ཞེས་ཞུ་བཞིན་ཡོད་ལ། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་། ༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་བོད་མི་ཆབ་སྲིད་བཙོན་པ་ཚང་མ་གང་མགྱོགས་ཀློད་གྲོལ་གཏང་དགོས་ཞུ་རྒྱུ་ཡིན།

ང་ཚོས་ཡིད་ཆེས་བརྟན་པོ་བྱེད་བཞིན་པ་ནི། རྒྱ་ནག་གཞུང་ལ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་མེད། བོད་ཀྱི་བླ་སྤྲུལ་ཡང་སྲིད་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་དེ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་ཁོ་ནར་ཡོད། ང་ཚོས་ཐེངས་འདིར་ཕྱོགས་སྐྱོད་སྐབས་ཐུག་འཕྲད་བྱས་པའི་གཞུང་དང་མགོ་ཁྲིད་ཚོར་བོད་དང་འབྲེལ་ཡོད་ཀྱི་གནད་དོན་དེ་དག་སེལ་ཆེད། བོད་རྒྱ་གཉིས་ཀྱི་གྲོས་མོལ་མགྱོགས་མྱུར་ཡོང་བར་འབད་བརྩོན་བྱེད་རོགས་ཞེས་འབོད་སྐུལ་བྱས་པ་ཡིན།

ང་ཚོས་བལ་ཡུལ་གྱི་སྲིད་བློན་དང་ཕྱི་སྲིད་བློན་ཆེན། དེ་བཞིན། གྲོས་ཚོགས་ཀྱི་ཚོགས་གཙོ་དང་སྲིད་འཛིན་སོགས་འབྲེལ་ཡོད་མགོ་ཁྲིད་ཚང་མར་ཐུག་ནས་བོད་མི་རྣམས་ལ་ཐོབ་ཐང་ལག་འཁྱེར་དང་ཡིག་ཆ་སོགས་སྤྲད་དེ་ཁྲིམས་མཐུན་བཟོ་དགོས་པ་དང་། ཁྲིམས་མཐུན་ཐོག་ནས་བོད་མི་དེ་དག་སྡོད་ཆོག་པ་ཞིག་བཟོས་ཏེ་ལས་ཀའི་གོ་སྐབས་དང་ཚོང་འབྲེལ་གཉེར་ཆོག་པ་མ་ཟད། རྒྱལ་ཁབ་གཞན་ལ་རང་དབང་ཐོག་ནས་འགྲིམ་འགྲུལ་བྱེད་ཆོག་པ་ཞིག་བཟོ་རོགས་ཞུས་པ་ཡིན།

ཨ་རིའི་གཞུང་གིས་རྒྱལ་ཁབ་གཞན་དང་མཉམ་རུབ་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་བོད་དོན་སྐོར་གླེང་སློང་ཡང་ནས་བསྐྱར་དུ་ཡོང་ཐབས་བྱེད་རོགས་ཞུ་རྒྱུ་ཡིན། ཇར་མན་དུ་ང་ཚོས་ཇར་མན་བདེ་སྲུང་སློབ་སྟོན་པ་དང་ཐུག་འཕྲད་བྱས་ཏེ་བོད་དོན་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། སྦར་སིལ་དུ་ཡོད་པའི་ཡུ་རོབ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ལ་མཉམ་རུབ་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་དགོས་པའི་རེ་འདུན་བཏོན་པ་ཡིན།

ང་ཚོས་ཨ་རིའི་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་ཐུན་མོང་གིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་འདོན་རོགས་ཞུ་གི་ཡོད་ལ། རྒྱ་ནག་གི་མི་སེར་རྣམས་ཨ་རིར་རང་དབང་ཐོག་ནས་འགྲོ་འོང་བྱ་རྒྱུའི་ཐོབ་ཐང་ཡོད་པ་ལྟར། ཨ་རིའི་གཞུང་གི་ལས་བྱེད་དང་གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་སོགས་རང་དབང་ཐོག་ནས་བོད་ནང་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་ཞུ་རྒྱུ་ཡིན། ང་ཚོས་སྲིད་འཛིན་ཊི་རུམ་ཕི་ལགས་དང་ཁོང་གི་གཞུང་ལ་བོད་ཀྱི་གནད་དོན་དེ་གལ་ཆེ་ཤོས་ཤིག་ཏུ་བརྩིས་ཏེ། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་དགོས་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་གང་མགྱོགས་མཇལ་འཕྲད་གནང་རོགས་ཞུ་རྒྱུ་ཡིན།

ཇར་མན་དང་རྒྱ་གར་ནང་ང་ཚོས་ཚོང་པ་གྲགས་ཅན་མང་པོ་ཞིག་དང་ཐུག་སྐབས། རྒྱ་ནག་དང་མཉམ་དུ་བོད་ཀྱི་གནད་དོན་དང་གཞན་ཡང་རྒྱ་ནག་ནང་ཡང་ཡང་དྲག་གནོན་བྱེད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱེད་དགོས་པའི་རེ་འདུན་བཏོན་པ་ཡིན། ཚོང་གི་ཁེ་བཟང་དང་འབྲེལ་ལམ་ལ་ཁག་གཡར་ནས་ཅི་ཡང་མི་སྨྲ་བར་བསྡད་ན་འགྲིག་གི་མ་རེད། བོད་ནང་གི་གནས་སྟངས་གང་འདྲ་ཡོད་པ་ཤེས་བཞིན་དུ་ཁ་བཙུམས་ནས་བསྡད་པ་དེས། རྒྱ་གཞུང་གི་དྲག་སྤྱོད་ལ་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད།

མཐའ་དོན། ཁྱེད་ཚོ་ལྟར་ངས་ཀྱང་རྒྱ་ནག་དང་ང་ཚོའི་བར་འབྲེལ་བ་བཟང་པོ་ཞིག་བྱུང་ན་བསམ་གྱི་ཡོད། ངས་རྒྱ་མི་རིགས་དང་རྒྱ་ནག་གི་རིག་གཞུང་། ལོ་རྒྱུས་བཅས་ལ་གུས་བརྩི་དང་བསྔགས་བརྗོད་ཞུ་བཞིན་ཡོད།

རྒྱ་ནག་ནི་འཛམ་གླིང་གི་སྟོབས་ཤུགས་ཆེན་པོའི་རྒྱལ་ཁབ་ཅིག་རེད། འོན་ཀྱང་། རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དོགས་ཟོན་བྱ་རྒྱུ་མཚམས་འཇོགས་བྱེད་དགོས། ང་ལ་ཆ་བཞག་ན། འཚེ་མེད་ཞི་བ་དང་བྱམས་བརྩེ། དྲང་བདེན་གོང་མཐོར་གཏོང་གནང་མཁན་འཇིག་རྟེན་གྱི་མི། འཛམ་གླིང་ཀུན་གྱིས་དགའ་མོས་ཞུ་ཡུལ་༸གོང་ས་ཏཱ་ལའི་བླ་མ་མཆོག་ཁོང་ལྟ་བུ་ཞིག་ལའང་རྒྱ་ནག་གཞུང་གིས་ཞེད་སྣང་བྱེད་པ་དེར་ཡ་མཚན་སྐྱེ་བཞིན་འདུག ཁོང་གིས་རྒྱ་ནག་ཁ་བྲལ་གཏོང་བའི་ཉེན་ཁ་མེད། ཁོང་གིས་རང་ཡུལ་བོད་དུ་བོད་མི་ཚོའི་མཉམ་དུ་ཕྱིར་ལོག་ནས་རང་གི་མི་ཚེ་སྐྱེལ་བའི་ཐུགས་འདོད་གནང་གི་ཡོད་པ་རེད། ངས་ཉིན་མོ་དེ་གང་མགྱོགས་འཆར་བའི་སྨོན་འདུན་ཞུ་གི་ཡོད།

གསར་འགོད་པ། ཉི་མ་ཚེ་རིང་།

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 1

  1. Karma rangdol says:
    ལོ་ 9 སྔོན།

    བོད་མི་ལབལ་ཡུལ་གཞུང་གི་ཁྲིམས་མཐུན་གྱི་ཆོག་མཆན་ནམ་ངོ་སྤྲོད་ཡིག་ཆ་རག་པའི་ཆ་རྐྱེན་དེ་ཀུན་སྤྱོད་བཟང་པོ་མེད་པས་མི་སྤྲོད་པ་རེད་འདུག

    དེ་མིན་སྐྱལ་བཅོལ་བོད་རིགས་ལ་བལ་ཡུལ་ཡོད་ན་དེ་སྐྱིད་དང་། དགུ་ཡངས། རང་དབང་འདྲ་བ་ཞིག་ས་གང་ནའང་མི་འདུག་ཞེས་བོད་པ་ཁོ་རང་ཚོ་ཟེར་གི་ཡོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese