མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ཁས་ལེན་ཀྱང་རུང་ལ་མི་ལེན་ཀྱང་ཆོག སེམས་གདུལ་བ་ཞིག་བྱུང་ན་བདེ་སྐྱིད་ཡོང་གི་རེད།

བོད་ཀྱི་དུས་བབ།
༢༠༡༧/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། སྔོན་མ་བོད་གངས་ཅན་པའི་ལྗོངས་སུ་སངས་རྒྱས་པའི་བསྟན་པ་ཧ་ཅང་དར་ཡོད་ནའང་མང་ཚོགས་ཀྱིས་ཆོས་ཀྱི་འགྲོ་སྟངས་མ་ཤེས་པ་དང་། རྒྱུ་མཚན་ལ་དོ་སྣང་དང་སློབ་སྦྱོང་མ་བྱས་པར་དད་པ་རང་བྱས་ནས་འགྲོ་བཞིན་ཡོད་སྟབས། དེ་སངས་རྒྱས་པའི་ཆོས་ངོ་མའི་སྒང་ལ་སླེབ་ཐུབ་ཀྱི་མེད་སྐོར་གསུངས་སོང་།


དེ་རིང་སྔོ་དྲོའི་ཆུ་ཚོད་ ༧།༣༠ ནས་ ༡༡།༣༠ བར། ༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་གསུངས་སོང་ཡོད་པ་དང་། གསུང་ཆོས་སྟེང་བོད་པ་གཙོས་པའི་འཛམ་གླིང་རྒྱལ་ཁབ་མང་པོའི་ཆོས་ཞུ་བ་ ༣༠༠༠ ཙམ་འཛོམས་འདུག

གསུང་ཆོས་ཀྱི་སྔོན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུངས་དོན། དེ་རིང་གི་བཀའ་དབང་དེ་སྤྱི་རིམ་ཡིན། བོད་ཀྱི་བསྟན་སྲིད་སྤྱིའི་དོན་དག་དང་། དེ་ནས་སེམས་ཅན་ཐམས་ཅད། ཡང་སྒོས་འཛམ་བུ་གླིང་འདིའི་སྒང་ལ་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད་པ་རེད། བསམ་བློ་རྒྱ་ཆེན་པོ་དང་གཏིང་རིང་པོ་གཏོང་ཐུབ་མཁན་དེ་མི་གཅིག་པུ་རེད་ལ་ཉོག་དྲ་བཟོ་མཁན་དེའང་མི་རེད། ང་རང་ཚོས་སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་རྒྱག་གི་ཡོད་པ་རེད། འཇིག་རྟེན་ཁམས་ལ་མཐའ་དང་མུ་མེད་སྟབས། ང་ཚོས་སྨོན་ལམ་རྒྱག་རྒྱུ་མ་གཏོགས་གང་ཡང་བྱེད་ཐབས་ཡོད་པ་མ་རེད། འཛམ་བུ་གླིང་འདིའི་སྒང་ལ་ཉ་དང་བྱ་རི་དྭགས། འབུ་སྲིན་བགྲང་ལས་འདས་པ་ཞིག་ཡོད་པ་རེད། སྨོན་ལམ་འདེབས་རྒྱུ་ཙམ་ལས་གང་ཡང་བྱེད་ཐུབ་པ་མི་འདུག ང་ཚོས་བྱེད་ཐུབ་པ་ནི་སེམས་ཅན་ཐམས་ཅད་ཅེས་ཁ་ཞེ་གཉིས་མེད་ཀྱིས་སྨོན་ལམ་འདེབས་རྒྱུ་དེ་རེད། འཛམ་བུ་གླིང་འདིའི་སྒང་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད་པ་རེད། གང་ལྟར་མི་ལ་ཀླད་པ་དང་། སྐད་ཡིག་ཡོད་པ་རེད། དེ་འདྲའི་ཐོག་ནས་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད། ངོས་རང་གིས་ནམ་རྒྱུན་སངས་རྒྱས་པའི་ཆོས་བྱེད་སྐབས་སེམས་ཅན་ཐམས་ཅད་ལ་སེམས་སྐྱེད་ཀྱི་ཡོད། སེམས་སྐྱེད་པ་དེ་ཁ་ཞེ་གཉིས་མིན་ན་ནི་སྨོན་ལམ་བརྒྱབ་ནས་བཞག་ན་འགྲིག་གི་རེད། སེམས་སྐྱེད་པ་དེ་ཁ་ཞེ་གཉིས་མེད་ཡིན་ན་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་བྱེད་ས་ཞིག་ཡོད་ན་ཕན་ཐོགས་བྱེད་དགོས་པ་དེ་གལ་ཆེན་པོ་རེད།

དེ་རིང་ང་ཚོས་འདིར་མ་ཎི་རིལ་སྒྲུབ་བྱེད་པ་དང་། མ་ཎི་གསོག་པ་དེ་གང་ལྟར་སེམས་ཅན་ཐམས་ཅད་སྤྱི་དང་། ཡང་སྒོས་འཛམ་བུ་གླིང་འདིའི་སྒང་སེམས་ཅན་དང་། དེའི་ནང་ནས་འགྲོ་བ་མིའི་རིགས། དེ་དག་ལ་ང་ཚོས་ཕན་ཐོགས་བྱེད་སྡོད་པ་ཞིག་དང་། མ་ཎི་རིལ་བུ་དེ་ཏན་ཏན་འགྲོ་བ་མང་པོར་ཁྱབ་ཀྱི་ཡོད་སྟབས། དེ་ཚང་མ་ལ་ཐད་ཀར་སེམས་པ་བཟང་པོ་ཞིག་ཡོང་བ་དང་། དཔེར་ན། ཞེ་སྡང་དང་སེམས་རྩུབ་པོ་དེ་འདྲ་མི་ཡོང་བ། སེམས་ཞི་བདེ་ཡོད་པའི་ཐོག་ནས། སོ་སོའི་ཡུལ་ལུང་དེ་བདེ་བ་ཡོང་བ་ཞིག་དང་། མི་རིགས་དེ་སྐྱིད་པོ་ཡོང་བ་ཞིག རང་སྐྱིད་པའི་ཞོར་ལ་རོགས་པའང་སྐྱིད་པོ་ཡོང་གི་ཡོད་པ་ཞིག་ཡིན་སྟབས། ཚང་མས་སེམས་ཡག་པོ་ཞིག་སྐྱེད། སྨོན་ལམ་ཡག་པོ་ཞིག་བརྒྱབ་ནས་མ་ཎི་རིལ་སྒྲུབ་གནད་སྨིན་ཞིག་གནང་ཤོག་ཨཱ། ཁ་སང་ནས་ང་རང་ལ་བསམ་བློ་ཞིག་འཁོར་སོང་། ད་རེས་ཀྱི་མ་ཎི་རིལ་སྒྲུབ་ཀྱི་མགོ་དེར་ཐུགས་རྗེ་ཆེན་པོའི་བཀའ་དབང་ཞིག་བྱས་ན་ཡག་པོ་མེད་འགྲོ་དྲན་སོང་། མི་གཞན་དག་གིས་དབང་དེ་བྱེད་རོགས་ཞེས་གང་ཡང་ལབ་མ་སོང་། སྦྱིན་བདག་ཀྱང་གང་ཡང་མེད། དེར་བརྟེན། ཐུགས་རྗེ་ཆེན་པོའི་དབང་དེ་ངེད་རང་གིས་བསྐུར། སྦྱིན་བདག་ཀྱང་ངེད་རང་ཡིན། ཞེས་སོགས་གསུངས་སོང་།

མ་ཎི་གསོག་སྒྲུབ་གནང་རྗེས་༧གོང་ས་མཆོག་གིས་སླར་ཡང་གསུངས་དོན། དེ་རིང་སྤྱིར་སེམས་ཅན་ཐམས་ཅད། ཡང་སྒོས་འཛམ་གླིང་འདིའི་སྒང་གི་སྨྲ་ཤེས་དོན་གོ་བའི་མི་རིགས་ཆགས་སྡང་གི་དབང་དུ་སོང་བསྡད་ཡོད་སྟབས། ང་ཚོ་རང་གཞན་ཚང་མས་བདེ་བ་འདོད་པ་རེད་དེ། བློ་ཆགས་སྡང་གི་དབང་དུ་སོང་བསྡད་ཡོད་སྟབས། སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་གྱི་རྒྱུ་ལ་དང་དོད་སླེབས་ཀྱི་ཡོད། སྡུག་བསྔལ་གྱི་རྒྱུ་ཕྱི་ལོགས་ལ་ཡོད་པ་མ་རེད། སྡུག་བསྔལ་གྱི་རྒྱུ་གཙོ་བོ་དེ་སོ་སོའི་ནང་ལ་ཡོད་རེད། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་བྱ། ཞེས་གསུངས་པ་ལྟར། དགེ་བ་དང་སྡིག་པ་ཞེས་པ་དེ་གཙོ་བོ་རང་དང་གཞན་ལ་འབྲས་བུ་ཕན་ཐོགས་ཡོད་བསྡད་པ་ཞིག་འདུག་ན་དེ་དགེ་བ་རེད། རང་དང་གཞན་ལ་སྡུག་བསྔལ་ཡོང་གི་འདུག་ན་དེ་སྡིག་པ་རེད། དགེ་བ་དང་སྡིག་པ་ཞེས་པ་དེ་འབྲས་བུ་བཟང་ངན་ཞིག་ལ་ལྟོས་ནས་འཇོག་དགོས་པ་མ་གཏོགས་དགེ་སྡིག་རང་ཚན་པ་ཞིག་ཡོད་པ་མ་རེད།

ང་ཚོ་ཚང་མར་རང་བཞིན་ལྷན་སྐྱེས་ཀྱི་ཤེས་པ་ཞིག་ཡོད་པ་དང་། ཤེས་པ་དེ་དང་འབྲེལ་ནས་ཚོར་བ་ཞིག་ཡོད་པ། ཚོར་བ་དེ་ལ་བརྟེན་ནས་ཚོར་བ་བདེ་བ་ཞིག་དང་ཚོར་བ་སྡུག་བསྔལ་ཞིག་རང་བཞིན་གྱིས་ཡོང་གི་ཡོད། སྡུག་བསྔལ་གྱི་རྒྱུ་མཐར་ཐུག་ནི་ཆགས་སྡང་གཉིས་རེད། ཆགས་སྡང་གཉིས་དང་དུ་བླངས་ཏེ་འཛམ་གླིང་འདིའི་སྒང་ལ་འགྲོ་སྡོད་ཀྱི་ཡོད། ཆོས་ཁས་ལེན་ནའང་རེད་ལ། ཆོས་ཁས་མ་ལེན་ནའང་རེད། གང་ལྟར་སེམས་གདུལ་བ་ཞིག་བྱུང་ན་བདེ་སྐྱིད་ཡོང་གི་རེད། སེམས་མ་གདུལ་བ་ཞིག་བྱུང་ན་སྡུག་བསྔལ་ཡོང་གི་རེད། དེ་རིང་ཐུགས་རྗེ་ཆེན་པོའི་དབང་གི་དམིགས་ཡུལ་གཙོ་བ་དེ་རེད། ཅེས་གསུངས་སོང་།

གཏམ་བཟང་ཞིག་ཡོད་པ་ནི། བར་སྐབས་ངེད་ཚོ་ཚན་རིག་པ་ཚོའི་མཉམ་དུ་ཚོགས་འདུ་དང་བགྲོ་གླེང་ཚོགས་པའི་སྐབས་འགྲེལ་བཤད་གང་བརྒྱབ་སོང་ཟེར་ན། ཉམས་ཞིབ་རིམ་པས་བྱེད་ཡོང་སྐབས་མིའི་རང་བཞིན་ལྷན་སྐྱེས་ནི་སྙིང་རྗེའི་རང་བཞིན་ཅན་ཞིག་རེད་ཟེར་གྱི་འདུག དེ་གོ་ནས་ངེད་རང་ལ་སེམས་ཤུགས་ཧ་ཅང་སྐྱེས་སོང་། དངོས་གནས་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཅན་ཞིག་ཡིན་ན། མིའི་བསམ་བློ་དེར་ཡག་པོ་བྱས་ནས་ལམ་སྟོན་བྱེད་ཐུབ་པ་ཡིན་ན། འཛམ་གླིང་འདི་བྱམས་བརྩེ་ཅན་གྱི་འཛམ་གླིང་ཞིག་བཟོ་ཐུབ་ཤག་རེད། མིའི་ལྷན་སྐྱེས་དེ་ཁོང་ཁྲོའི་རང་བཞིན་ཞིག་ཡིན་ན། བྱེད་ཐབས་གང་ཡང་ཡོད་པ་མ་རེད། དཔེར་ན། མེ་ཚ་བའི་རང་བཞིན་ཡིན་སྟབས་ག་དུས་ཡིན་ཡང་ཚ་བོར་སྡོད་རྒྱུ་ལས་བཟོ་བཅོས་བྱ་ཐབས་མེད། ཆུ་ཡི་རང་བཞིན་རླན་ཞིང་གཤེར་བ་ཞིག་ཡིན་སྟབས། དེའི་རང་བཞིན་འགྱུར་བ་འགྲོ་རྒྱུ་མེད། དེར་བརྟེན། མིའི་རང་བཞིན་དེ་ཁོང་ཁྲོའི་རང་བཞིན་ཞིག་ཡིན་ན་བྱེད་ཐབས་གང་ཡང་མེད། མིའི་རང་བཞིན་དེ་བྱམས་བརྩེ་རེད་ཅེས་པ་དེ་ཆོས་ཀྱི་ཐོག་ནས་བཤད་ཀྱི་ཡོད་པ་མ་རེད། དངོས་གནས་མཐོང་བ་མངོན་འགྱུར་གྱི་ཆོས་ལ་བརྟག་དཔྱད་བྱས་ཏེ། དེ་འདྲ་རྙེད་སོང་ཞེས་བཤད་ཀྱི་འདུག ཅེས་གསུངས་སོང་།

ཁོང་གིས། སྔོན་མ་བོད་གངས་ཅན་པའི་ལྗོངས་སུ་སངས་རྒྱས་པའི་བསྟན་པ་ཧ་ཅང་དར་ཡོད་པ་རེད་དེ། ཡིན་ནའང་མང་ཚོགས་ཀྱིས་ཆོས་ཀྱི་འགྲོ་སྟངས་ཤེས་ཀྱི་ཡོད་པ་མ་རེད་ལ། རྒྱུ་མཚན་ལའང་དོ་སྣང་དང་སློབ་སྦྱོང་བྱེད་ཀྱི་མེད་པར། དད་པ་རང་བྱས་ནས་འགྲོ་བསྡད་ཡོད་པ་རེད། དེ་སངས་རྒྱས་པའི་ཆོས་ངོ་མའི་སྒང་ལ་ཕལ་ཆེར་སླེབ་ཐུབ་ཀྱི་ཡོད་པ་མ་རེད་བསམ་གྱི་འདུག ཅེས་སོགས་གསུངས་སོང་།

གསར་འགོད་པ། ཉི་མ་ཚེ་རིང་དང་པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༨ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. ལྷ་རྡོ་རྗེ། says:
    ལོ་ 9 སྔོན།

    འགྲོ་བ་མིའི་གཟུགས་པོའི་ལྷན་སྐྱེས་ཀྱི་གནས་སྟངས་དེ་ཨ་མའི་བརྩེ་བ་ལ་ལྟོས་ཚབས་ཤིན་ཏུ་ཆེན་པོ་ཡོད་པ་ཞིག་ཡིན། ཨ་མ་མེད་ན་རང་མགོ་མི་ཐོན་ཞིང་། ཨ་མའི་ངོས་ནས་བུ་ལ་བརྩེ་བ་མེད་ན་འོ་མ་མི་སྤྲོད་ལ། བུ་ཡི་ངོས་ནས་ཨ་མར་བརྩེ་བ་མེད་ན་འོ་མ་འཐུང་དུ་མི་འགྲོ་བས་འཆི་བ་ལས་འོས་མེད། དེས་ན་བརྩེ་བ་ནི་ཆོས་ཀྱི་བསླབ་བྱ་གཅིག་པུ་ཙམ་མིན་པ་ཞེས་སོགས་ཡང་ཡང་༧མགོན་པོ་གང་གིས་གསུངས།

    Reply
  2. ས་མཐའི་སྤུན་ says:
    ལོ་ 9 སྔོན།

    ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། རྗེས་སུ་ཡི་རངས་བསྐུལ་ཞིང་གསོལ་བ་ཡི། དགེ་བ་འདི་ཡིས་ངན་སོང་སྟོངས་གྱུར་ནས། ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོ་འོ། རང་རེ་ཚང་མས་རྒྱལ་བ་དགྱེས་པའི་ལས་ལ་བརྩོན་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese