མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་མཉམ་འབྲེལ་ཞི་བདེ་ཚོགས་འདུ་དང་དམག་མཚམས་འཇོག་པའི་གྲོས་ཆོད།

བོད་ཀྱི་དུས་བབ།
༢༠༡༧/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

ལྕམ་ཨཱང་སེན་སོའུ་ཀཱེ་ལགས་འབར་མ་རྒྱལ་ཁབ་ཀྱི་སློབ་སྟོན་པར་གྱུར་བ་ནས་བཟུང་། འབར་མའི་མི་སེར་མང་པོ་ཞིག་གིས་ཁོ་མོར་རེ་འདུན་ཆེན་པོ་བཅིང་ཡོད་ཀྱང་། ད་ལྟ་འབར་མའི་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད།

ཨལ་ཇ་རྫེ་རཱ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༢༤ ཉིན་འབར་མའི་རྒྱལ་ས་(Naypyidaw)རུ། འབར་མ་རྒྱལ་ཁབ་ཀྱི་སློབ་སྟོན་པ་ལྕམ་ཨཱང་སེན་སོའུ་ཀཱེ་ལགས་ཀྱིས་སྣེ་ཁྲིད་དེ། འདས་པའི་ལོ་ངོ་ ༧༠ ལྷག་རིང་འབར་མ་དྲག་པོའི་དམག་གཞུང་དང་གྲངས་ཉུང་མི་རིགས་ཁག་བར་རྩོད་ཉོག་འབྱུང་བཞིན་པའི་གནད་དོན་སྐོར་ལ་ཉིན་ལྔའི་རིང་མཉམ་འབྲེལ་ཞི་བདེའི་ཚོགས་གྲོས་མོལ་ཚོགས་ཆེན་ཐེངས་གཉིས་པ་དེ་ཚོགས་ཡོད་འདུག

ཚོགས་འདུ་དེའི་གྲོས་གཞི་གཙོ་བོ་དྲག་དམག་སྲིད་གཞུང་དང་གྲངས་ཉུང་མི་རིགས་ཀྱི་ཚོགས་སྡེ་ཁག་བར་འབར་མ་རྒྱལ་ཡོངས་སུ་དམག་མཚམས་འཇོག་དགོས་པའི་གྲོས་ཆོད་(National Ceasefire Agreement)ཅེས་བ་དེ་ཡིན་པ་དང་། གྲོས་གཞི་དེ་ལྕམ་ཨཱང་སེན་སོའུ་ཀཱེ་ཡི་རྒྱལ་ཡོངས་དམངས་གཙོ་ཚོགས་པར་འོས་བསྡུའི་རྒྱལ་ཁ་མ་ཐོབ་སྔོན་ནས་དྲག་དམག་སྲིད་གཞུང་དང་གྲངས་ཉུང་མི་རིགས་བར་གྲོས་བསྡུར་བྱས་མྱོང་བའི་གྲོས་གཞི་ཞིག་ཡིན་འདུག གཞན། ཐེངས་འདིར་མངའ་སྡེ་མཉམ་འབྲེལ་གྱི་གཞུང་འཛིན་རྒྱུར་ཡང་གླེང་སློང་ཤུགས་ཆེན་བྱུང་ཡོད་འདུག

འབར་མ་རྒྱལ་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་ཚོགས་པ་གཙོ་གྲས་ ༢༠ ཙམ་ཡོད་ཀྱང་། ཐེངས་འདིའི་ཚོགས་འདུར་གྲངས་ཉུང་མི་རིགས་ཀྱི་ཚོགས་པ་ ༨ ལས་མཉམ་ཞུགས་གནང་མེད་པ་དང་། མི་མང་པོ་ཞིག་གིས་ད་ལྟའི་གཞུང་འདིས་འབར་མའི་ནང་ཞི་མཐུན་ཡོང་ཐབས་དང་། གྲངས་ཉུང་མི་རིགས་ཁག་ལ་ཁེ་ཕན་ཡོད་པའི་ཚོགས་འདུ་ཞིག་བསྐོང་མི་སྲིད་པར་ངོས་འཛིན་བྱེད་བཞིན་ཡོད་འདུག

ཨལ་ཇ་རྫེ་རཱའི་གསར་འགྱུར་གཞན་ཞིག་གི་ནང་། ན་ནིང་ཕྱི་ཟླ་ ༨ པའི་ཚེས་ ༣༡ ཉིན་ལྕམ་ཨཱང་སེན་སོའུ་ཀཱེ་ཡིས་སྣེ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་ཚོགས་པས། དྲག་དམག་སྲིད་གཞུང་དང་གྲངས་ཉུང་མི་རིགས་ཁག་གི་འཐུས་ཚབ་བར་ཚོགས་འདུ་ཐེངས་དང་པོ་གོ་སྒྲིག་བྱས་ཡོད་པ་དང་། སྐབས་དེར་ཚོགས་འདུ་དེའི་མིང་ལ་དུས་རབས་ཉེར་གཅིག་པའི་མཉམ་འབྲེལ་ཞི་བདེ་ཚོགས་འདུ་(Panglong)ཞེས་བཏགས་ཡོད་འདུག ཚོགས་འདུ་དེའི་མིང་གི་སྐོར་ལ་ཚོགས་འདུ་གོ་སྒྲིག་པ་སྐུ་ཞབས་ཁོན་ཐན་(Khun Than Myint)ལགས་ཀྱིས་ངོ་སྤྲོད་གནང་བར། ༡༩༤༧ ལོར་ཨཱང་སེན་སོའུ་ཀཱེ་ཡི་ཨ་ཕ་འབར་མའི་དམག་སྤྱི་ཆེན་མོ་ཨཱང་སེན་(Aung Sun)ལགས་ཀྱིས་འབར་མའི་དྲག་དམག་སྲིད་གཞུང་དང་གྲངས་ཉུང་མི་རིགས་ཁག་བར་(Panglong Agreement)ཞེས་པའི་རང་ཉིད་སྐྱེས་ཡུལ་གྱི་མིང་ཐོག་ལ་གྲོས་ཆོད་ཅིག་བཞག་ཡོད་པ་དང་། གྲོས་ཆོད་དེས་འབར་མའི་གྲངས་ཉུང་མི་རིགས་ཁག་ལ་རང་སྲིད་རང་སྐྱོང་སྤྲོད་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་པ་མ་ཟད། ༡༩༤༨ ལོར་དམག་སྤྱི་ཆེན་མོ་ཨཱང་སེན་ལགས་ཀྱིས་དབྱིན་ཇིའི་འོག་ནས་འབར་མའི་རང་བཙན་ལངས་པ་སོགས་ལ་བརྟེན་ཏེ། ཁོང་ནི་རྒྱལ་ཁབ་ཀྱི་དཔའ་བོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་སྟབས། ཚོགས་འདུ་དེའི་མིང་ལའང་དུས་རབས་ཉེར་གཅིག་པའི་པཱ་ལཱོན་(Panglong)ཞེས་བཏགས་པ་ཡིན་འདུག

ན་ནིང་མཉམ་འབྲེལ་ཞི་བདེ་ཚོགས་འདུ་དེར་མཉམ་ཞུགས་གནང་མཁན་གྲངས་ཉུང་མི་རིགས་ཀྱི་ཚོགས་པ་ཁག་ ༡༧ བྱུང་ཡོད་པ་དང་། སྐབས་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་བྷན་ཀེ་མོན་(Ban Ki-moon)གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གི་རྟོག་ཞིབ་མི་སྣའང་མཉམ་ཞུགས་བྱས་ཤིང་། སྐབས་དེར་རྒྱལ་སྤྱིའི་སྟེང་ལྕམ་ཨཱང་སེན་སོའུ་ཀཱེ་ལགས་སུ་གདེང་འཇོག་དང་བསྟོད་བསྔགས་མང་པོ་ཐོབ་ཡོད།

ད་ལོའི་ཚོགས་འདུ་མཉམ་ཞུགས་བྱེད་མཁན་གྲངས་ཉུང་མི་རིགས་ཀྱི་ཚོགས་པ་བརྒྱད་དེ་ད་ལྟའི་དམག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་དང་། རྒྱལ་ཡོངས་སུ་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་དེར་མོས་མཐུན་ཡོད་མཁན་ཤ་སྟག་ཡིན་འདུག ཚོགས་འདུ་དེར་འཛུལ་ཞུགས་བྱེད་འདོད་མེད་པའི་གྲངས་ཉུང་མི་རིགས་ཀྱི་ཚོགས་པ་ཁག་ལ་དམིགས་བསལ་སྐུ་མགྲོན་གྱི་མིང་ཐོག་ནས་མཉམ་ཞུགས་བྱེད་བཅུག་ཡོད་འདུག

༢༠༡༥ ལོར་ལྕམ་ཨཱང་སེན་སོའུ་ཀཱེ་ལ་སྲིད་དབང་ཐོབ་པ་ནས་བཟུང་། ཁོ་མོས་རང་ཉིད་ཀྱི་དམིགས་ཡུལ་གཙོ་བོ་ནི་འབར་མའི་ནང་ཞི་བདེ་སྐྲུན་ཐབས་སུ་ཤུགས་སྐྱོན་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ༢༠༡༦ ལོར་ཁོང་མོས་མཉམ་འབྲེལ་ཞི་བདེ་ཚོགས་འདུ་བསྡུ་སྐོང་བྱས་ཏེ་དྲག་དམག་སྲིད་གཞུང་དང་གྲངས་ཉུང་མི་རིགས་བར་ཞི་མཐུན་ཡོང་ཐབས་སུ་འབད་བརྩོན་གནང་ཡོད། འབར་མའི་གྲངས་ཉུང་མི་རིགས་མང་པོ་ཞིག་གིས་ལྕམ་ཨཱང་སེན་སོའུ་ཀཱེ་ལ་རེ་བ་བརྒྱབ་ཡོད་པ་མ་ཟད། དམིགས་བསལ་མཉམ་འབྲེལ་ཞི་བདེ་ཚོགས་འདུ་ལ་རེ་བ་ཆེན་པོ་འཛིན་བཞིན་ཡོད་ཀྱང་། བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་པ་ལྟར་ན། ཐེངས་འདིའི་ཚོགས་འདུ་དེ་ནི་རྒྱལ་སྤྱིའི་གནོད་ཤུགས་འོག་འབར་མའི་དྲག་དམག་སྲིད་གཞུང་ཨུ་ཐུག་སྟེ་ཚོགས་འདུ་དེ་བསྡུ་སྐོང་བྱས་པ་ཞིག་ཡིན་འདུག

འབར་མ་གཞུང་གིས་རྒྱལ་ཁབ་དེའི་ནང་གྲངས་ཉུང་མི་རིགས་ ༡༣༥ ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེ་དག་ལས་འབར་མའི་ཤར་ལྷོ་ནུབ་བྱང་གི་ས་མཚམས་སུ་ཁེལ་བའི་གྲངས་ཉུང་མི་རིགས་ཁག་ལ་འབར་མའི་ནང་འཁྲུག་ཁྲོད་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་པ་དང་། འབར་མའི་ནུབ་བྱུང་རཱོ་ཧིང་གཱ་ཡའི་(Rohingya)ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ཧ་ཅང་ཐབས་རྡུགས་ཆགས་ཡོད་འདུག ཁོ་ཚོ་གཞུང་འབྲེལ་ཐོག་འབར་མའི་མི་སེར་ཁོངས་ནས་ཕྱིར་འཕུད་བཏང་ཡོད་སྟབས། རཱོ་ཧིང་གཱ་ཡའི་ཁ་ཆེ་ ༧༥༠༠༠ ལྷག་བྷིང་ལ་ཌི་ཤཱིའི་(Bangladesh)ནང་བྲོས་བྱོལ་དུ་འགྲོ་དགོས་ཁེལ་པ་དང་། ཁཱེ་རཱན་(Karen State)མངའ་སྡེ་ནི་འབར་མའི་ནང་འཁྲུག་ཁྲོད་འཐབ་འཁྲུག་རིང་ཤོས་བྱེད་མཁན་གྱི་གྲངས་ཉུང་མི་རིགས་དེ་ཡིན།

༢༠༡༡ ནས་ ༢༠༡༧ ལོའི་བར་འབར་མའི་མི་སེར་ ༧༠༠༠༠༠ ཙམ་འབར་མ་རང་གི་ནང་དུ་འགྲོ་ས་འདུག་ས་མེད་པར་ཐབས་ཟད་ཨུ་ཐུག་གི་གནས་སུ་ལྷུང་ཡོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡའི་འགྲོ་བ་མིའི་ལྟ་རྟོག་ལྷན་ཁང་ལྟར་ན། འབར་མའི་ནང་འཁྲུག་ཁྲོད་ཁྱོན་མི་འབོར་ས་ཡ་ ༣ མ་ཟིན་ཙམ་ཞིག་བྲོས་བྱོལ་དུ་འགྲོ་དགོས་ཁེལ་ཡོད་པ་དང་། ད་ལྟ་འབར་མ་ནི་རྒྱལ་སྤྱིའི་སྟེང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་། འཐབ་འཁྲུག་རིང་ཤོས་དང་ཆེ་ཤོས་རྒྱག་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད།

ཨོ་ཁི་སི་ཧྥོར་ཌི་ (Oxford Burma Alliance) ཞེས་པའི་གནས་ཚུལ་ནང་། འབར་མ་རྒྱལ་ཁབ་ལ་མི་འབོར་ ༥༡༤༨༦༢༥༣ དང་། མངའ་སྡེ་བདུན་དུ་བགོས་ཡོད་པ་དང་། འབར་མ་ཁྱོན་ཡོངས་སུ་གྲངས་ཉུང་མི་རིགས་ ༡༣༥ ཡོད་པ་དང་། དེ་དག་ཚང་མར་སོ་སོའི་ལོ་རྒྱུས། སྐད་དང་རིག་གཞུང་སོགས་ཡོད་འདུག འབར་མའི་དྲག་དམག་སྲིད་གཞུང་དེ་གྲངས་ཉུང་མི་རིགས་ཁྱོན་ཡོངས་ཀྱི་གསུམ་ཆ་གཉིས་ལས་གྲུབ་ཡོད་འདུག

ད་ལྟའི་དྲག་དམག་སྲིད་གཞུང་གིས་རཱོ་ཧིང་གཱ་ཡ་གྲངས་ཉུང་མི་རིགས་ཁོངས་གཏོགས་སུ་རྩི་བཞིན་མེད་པ་དང་། རཱོ་ཧིང་གཱ་ཡར་ཁྱོན་མི་འབོར་ས་ཡ་ ༢ ལྷག་ཡོད། ད་ལྟའི་འབར་མའི་ནང་འཁྲུག་གི་རྩོད་གཞི་གཙོ་བོ་ནི་འབར་མའི་གྲངས་ཉུང་མི་རིགས་ཁག་གི་གསུམ་ཆའི་གཅིག་གིས་དྲག་དམག་སྲིད་གཞུང་ལ་ཁ་གཏད་ལྕོག་གི་ཡོད་པ་དང་། དེའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་ཚོགས་པ་ཆེ་གྲས་ ༢༠ ཡོད།

འབར་མའི་ས་མཚམས་སུ་ཁེལ་བའི་གྲངས་ཉུང་མི་རིགས་མང་ཆེ་བར་སོ་སོར་དམག་དང་མཚོན་ཆ་ཡོད་པ་མ་ཟད། ཁོ་ཚོ་ས་མཚམས་སུ་ཁེལ་ཡོད་སྟབས་དཔལ་འབྱོར་ཡོང་འབབ་ཀྱང་ཡག་པོ་ཡོད་སྟབས། དྲག་པོའི་དམག་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྐམ་མཚོ་གཉིས་ཀྱི་དཔལ་འབྱོར་ས་ཚིགས་ཁག་ལ་སྟངས་འཛིན་བྱེད་པར་འཐབ་རྩོད་བྱེད་བཞིན་ཡོད་པ་དང་། གྲངས་ཉུང་མི་རིགས་ཁག་གིས་ཀྱང་སོ་སོའི་དཔལ་འབྱོར་ཡོང་ཁུངས་སྲུང་སྐྱོབ་ཆེད་གཞུང་ལ་དྲག་པོའི་ཁ་གཏད་གཅོག་གི་ཡོད་འདུག

འབར་མ་རྒྱལ་ཡོངས་སུ་དམག་མཚམས་འཇོག་པའི་གྲོས་ཆོད་དེ་ནི་སྔོན་ཆད་དྲག་དམག་སྲིད་གཞུང་གིས་གྲངས་ཉུང་མི་རིགས་དེ་དག་སྟངས་འཛིན་བྱེད་པའི་ཐབས་ལམ་ཞིག་ཡིན་པ་དང་། གྲོས་ཆོད་དེ་ཐོག་མ་ ༡༩༨༩ ལོར་དྲག་པོའི་དམག་གཞུང་གིས་བཏོན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese