མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐུ་བྷོད་དམག་གིས་རྒྱའི་མཁར་རྫོང་ལེན་པར་ལོ་ངོ་ཉི་ཤུར་སྒུག

བོད་ཀྱི་དུས་བབ།
༢༠༡༧/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཀྲང་ཞོའད་ཧྥང་གིང་བརྩམས། ལྷ་མོ་མཚོས་སྒྱུར།

རྒྱའི་བཙན་རྫོང་གཏོར་ཆེད་ཐུ་བྷོད་པས་རྒྱའི་མཁར་སྒོ་སྲུང་མཁན་ཞིག་ལ་བོད་ཀྱི་བུ་མོ་མཛེས་མ་ཞིག་ཆུང་མར་སྤྲད་དེ་བྱིས་པ་བུ་གཉིས་སྐྱེས་ཤིང་། ལོ་ངོ་ ༢༠ རྗེས་སུ་བུ་དེ་གཉིས་ནར་སོན་ཏེ་བཙན་རྫོང་གི་སྒོ་ཕྱེས་ཤིང་། བྷོད་དམག་ནང་དུ་དྲངས་ཏེ་རྒྱའི་བཙན་རྫོང་བོད་ལ་ཤོར།

བེ་ཀྲུག་(༡)ནི་སྐབས་དེའི་ཐང་གི་གྲི་འཛིང་བྱེད་ས་ཞིག་ཡིན་ལ། ས་ཁུལ་དེ་ནི་ཐང་ཆེན་པོ་དང་བོད་ཆེན་པོ་གཉིས་ཀྱི་ས་མཚམས་སུ་འཁེལ་ཡོད་ཅིང་། ད་ལྟའི་སི་ཁྲོན་བུན་ཁྲོན་(༢)ནུབ་བྱང་གི་ཤེད་(༣)གྲོང་ཁུལ་ལ་གོ་བ་ཡིན།

“ས་དེའི་ལྷོ་ནི་འབྲི་ཆུ་དང་རྒྱལ་ས་ལོ་དབྱང་ཡིན་ལ། རི་བོ་མེན་(༤)གྱི་ནུབ་མཚམས་རི་བོ་ལེན་དང་གཅིག་ཏུ་འདྲེས། བྱང་གི་ཕྱོགས་ན་རི་བོ་ལོན།(༥) མུ་ཏིག་འཚེར་འདྲའི་གངས་རི་བརྩེགས། །ཤར་ཀྱི་ཕྱོགས་ལ་ཁྲིན་ཏུ་གྲོང་། ། ཁྲོན་པ་གཏིང་ཟབ་ལྟ་བུར་ཆགས། ། ས་མཚམས་ཧྲུ་ནུག་རི་(༦)དང་མཐུད། ཤཱ་རྒྱལ་རབས་(༧)འཛུགས་མཁན་ཡུའུ་(༨)ཡང་ཧྲུ་ནུག་རི་ནས་སྐྱེས། མཁར་རྫོང་ནི་རི་བོ་མེན་གྱི་རྩེ་ན་ཆགས་ཤིང་ཕྱོགས་གསུམ་ན་གཙང་བོ་བཞུར།”

བེ་ཀྲུག་ནི་ཧ་ཅང་གལ་འགངས་ཆེ་བའི་ས་གནས་ཤིག་ཡིན་སྟབས། ཐང་ཆེན་མོ་དང་ཐུ་བྷོད་བཙན་པོ་གཉིས་ཀྱིས་ཐེངས་མང་པོར་རྩད་མྱོང་ཡོད།   ༼   སུན་ཙིའི་དམག་ཇུས།  ༽ . ལས། “རང་གཞན་སྡེ་བ་སུས་བཟུང་ཡང་ཕན་པའི་ས་དེ་ལ་རྩོད་པའི་ས་ཞེས་བྱ་ལ།” (༩) བེ་ཀྲུག་ནི་འདི་ལྟ་བུའི་དཔེ་མཚོན་ཅན་གྱི་ “རྩོད་ཡུལ” ཞིག་ཡིན་པ་རེད།

གཅིག

ཀྲང་ཏེ་ཡོན་གྱི་ལོ་སྟེ་ཕྱི་ལོ་(༧༦༣) ལོའི་སྟོན་ཁའི་མཚན་གུང་ཞིག་ལ་བེ་ཀྲུག་རྫོང་དུ། ཐུ་བྷོད་དམག་དཔུང་ཁ་ཁུ་སིམ་པོར་རྫོང་མཁར་འོག་ཏུ་སྦས་བཞིན་མུན་ནག་གི་ཁྲོད་མདུན་སྐྱོད་བྱས། མཁར་རྫོང་བེ་ཀྲུག་ནི་རི་བོ་མེན་གྱི་རྩེ་ན་ཀྲོང་ངེར་འགྱིང་བ་དང་། རྔམ་བརྗིད་ལྡན་པའི་རྫོང་མཁར་དེ་གཙང་བོ་གསུམ་གྱིས་བསྐོར་ཡོད། དེ་ནི་ཧ་ལམ་ཁེར་རྐྱང་གི་མི་བོ་ཆེ་ཞིག་དང་ཀུན་ནས་མཚུངས་ཤིང་། དབེན་འཇགས་ངང་བསླེབ་ལ་ཉེ་བའི་མགྲོན་པོའི་རུ་དཔུང་ཞིག་ལ་མིག་ཅེར་ནས་སྒུག་ཡོད་པ་དང་མཚུངས།

ཐུ་བྷོད་དམག་དཔུང་གི་མདུན་ན་བགྲེས་སོང་ཞིག་མངོན་པ་དང་། དེས་རྫོང་མཁར་སྒོ་ཕྱོགས་སུ་ཁ་གཏད་ནས་ཤུ་སྒྲ་ཞིག་བསྒྲགས། ཅུང་ཙམ་སྒུག་པ་དང་ཐུ་བྷོད་དམག་དཔོན་གྱིས་སྐད་གདངས་དམའ་མོས་བགྲེས་སོང་དེར་གནས་ཚུལ་ཞིག་འདྲི་བའི་སྐབས་སུ་ལྗིད་ཏིག་ཏིག་གི་མཁར་སྒོ་གློ་བུར་དུ་ཕྱེས་བྱུང་བ་དང་། མེ་སྤར་བ་དང་ན་གཞོན་དེ་གཉིས་ཀས་གཡས་གཡོན་ནས་བོད་དམག་གི་དཔུང་ཆེན་སྣེ་དྲངས་ཏེ་མཁར་རྫོང་ནང་དུ་འཛུལ། འདི་ལྟར། ཐང་ཆེན་པོ་དང་ཐུ་བྷོད་ཀྱིས་རྩོད་ཡུལ་འདིའི་ཆེད་ལོ་མང་དམག་འཁྲུག་གི་དུ་སྤྲིན་ཁྱབ་པར་བྱས་ཡོད་སྟེ། མཚན་མོ་དེར། བེ་ཀྲུག་ཡོངས་སུ་བོད་ལ་ཤོར་སོང་།

ཉིན་མོ་འདིའི་ཆེད་དུ་ཐུ་བྷོད་རྣམས་ཀྱིས་ཏག་ཏག་མི་ལོ་ཉི་ཤུ་ལ་རེ་སྒུག་དང་གྲ་སྒྲིག་བྱས་པ་རེད། ཐེངས་འདིའི་ཐུ་བྷོད་དམག་གིས་དཔུང་འཇུག་ལ་ལོ་རྒྱུས་དེབ་ཐེར་ན་ “ཐུ་བྷོད་ཀྱི་སོན་དང་བེ། པོ་ཀྲུག་གསུམ་བཙན་བཟུང་བྱས་ཏེ་རི་བོ་ཡོན་ལ་རྫོང་མཁར་གཉིས་པ་བརྩིགས། སུ་ཁྲོན་ས་ཁ་མཐོ་བས་སྐྱོབ་པར་དཀའ། འོན་ཏེ་ལྷོ་དང་ནུབ་རི་ཀྲུག་ཐུ་བྷོད་ཀྱི་ལག་ཏུ་ཤོར།” ཞེས་བཀོད་ཡོད་པ་རེད།

ཞོར་ལ་གོ་ཧྲུ་ཟེར་བའི་ཚིག་འདི་གླེང་ན། ཁོ་ནི་ང་ཚོ་ཚང་མས་ཤེས་པའི་སྙན་ངག་པ་གྲགས་ཆེན་གོ་ཧྲུ་རེད། སྲིད་སྐྱོང་གི་ནང་ཏུ་ཆེས་བློ་སེམས་དཀར་བའི་ཐང་རྒྱལ་རབས་སྐབས་ཀྱི་སྙན་ངག་པ་གཞན་དང་མ་འདྲ་བ་ཞིག་ཡིན། གོ་ཧྲུས་དམག་དཔུང་གིས་དཔུང་སྐྱོད་གྲ་སྒྲིག་བྱ་ལོང་མེད་པར་ཐུབ་བྷོད་དམག་གི་གོམ་ཁ་འགོག་མ་ནུས། གོ་ཧྲུས་དམག་དཔུང་འཇུག་བྱེད་ལོང་མེད་པའི་རྗེས་ལ་ཐུ་བྷོད་དམག་གི་གོམ་ཁའང་འགོག་མ་ནུས།

ཐུ་བྷོད་རྣམས་བེ་ཀྲུག་ནས་མགོ་བརྩམས་ཏེ་ལམ་ཁ་ཤར་ལ་གཏད་པ་དང་། དགུན་ཟླ་བཅུ་བའི་ནང་ཅེན་ཀྲུག་(ཀན་སུའི་ཅེན་ཀྲུག) ཕེན་ཀྲུག(ཕེན་རྫོང་) དམག་གི་སྣེ་མོ་ཁྲང་ཨན་ལ་ཕྱོགས། ཏག་ཏག་ཅེན་ཀྲུག་རྩ་མེད་བཟོས་རྗེས་གོ་ཧོན་གྱིས་བོད་དམག་ལ་མགོ་བསྒུར། དེར་མ་ཟད་དེའི་བཀའ་གསུང་བརྩི་རྒྱུ་བྱས་ཏེ། ཐུ་བྷོད་དམག་གི་ལམ་འཁྲིད་ནས་ནང་ཁུལ་དུ་བསླེབས། ཁྲང་ཨན་རྒྱལ་ས་གཏོར་བ་དང་འདི་ལ་ “རྒྱལ་སར་འཇིགས་པས་གཡོལ་བ” ཞེས་གྲགས།

གོ་ཧྲུས་ཏེ་ཐང་གི་སྐད་གྲགས་ཆེ་བའི་སྙན་ངག་པ་དང་། གོང་མའི་ཕོ་བྲང་དུ་དཔོན་གནས་ཡོད་པ་དང་ལོ་རྒྱུས་སུ་གོ་ཁྲང་ཐུ་ཟེར།

ཛ་དྲག་གི་སྐབས་སུ་ཐང་ཏེ་ཙོང་གིས་དམག་དཔོན་ཆེན་མོ་གོ་ཙུ་ཡུ་ལ་ཤན་དབྱང་གི་མདུན་ནས་འགོག་དགོས་བའི་བཀའ་བཏང་། འོན་ཀྱང་། རྒྱལ་རབས་སྔོན་མའི་དུས་སུ་གོ་ཙུ་ཡུ་ལ་དོགས་ཟོན་ཡོད་པའི་རྐྱེན་གྱིས་གོ་ཙུ་ཡུ་སྔ་ས་ནས་ “རྒོལ་བར་སྒུག་ཡུན་རིང་དྲགས་པས།། ཚོགས་པའི་མི་རྣམས་ཁ་འཐོར་སོང་།།” ཞེས་པའི་རྣམ་པ་མངོན།

བཤད་རྒྱུན་ལ་དམག་གི་བཀོད་འདོམས་མེད་པར་དམག་མི་འཐོར་མཁན་ཞིག་རེད་ཟེར། བཀའ་ལ་སྒུག་པ་དང་སླར་ཡང་དཔུང་འཇུག་གི་བཀའ་སླེབས་ཡོང་སྐབས། བློ་སྤོབས་ལྡན་པའི་གོ་ཙུ་ཡུ་ནི་ “ མི་རྟ་ཉི་ཤུ་ཙམ་” ཁོ་ནར་གྱུར་འདུག མ་ཟད་ཐུ་བྷོད་དམག་གི་སྟོབས་ཤུགས་ཧ་ཅང་ཆེ་ལ།   “ཐུ་བྷོད་ཀྱི་དཔའ་པོས་ཐུའུ་ཡུ་ཧྤེ་དང་ཏང་ཤང་། ཏུས་དང་ཆང་ལ་སོགས་དབང་དུ་བསྡུས་ནས་དམག་མི་ཁྲི་གཉིས་ལྷག་འདུས། ལེ་བར་བཅུ་རེ་མཚམས་ན་སྤྲིན་འཁྲུག་པ་བཞིན་ཁྱབ་པ་དང་། ནགས་དང་གཙང་པོ་བརྒལ་ཏེ། རི་ཆེན་འཛེགས་ནས་ཤར་ལ་བསྐྱོད།” ཞེས་སོ།།

དགྲ་མང་བས་རེ་བ་བརླག་པའི་ངང་ཚུལ།

གོ་ཙུ་ཡུ་ལྷ་ཞིག་མིན་པས་ཐུ་བྷོད་དམག་གི་མདུན་འགོག་མ་ནུས་པ་དང་། ཁྲང་ཨན་གྲོང་ཁྱེར་ནང་བཙན་རྒོལ་བྱས། “ཐུ་བྷོད་དམག་གིས་རལ་གྲི་མཁའ་ལ་འཕྱར་ཏེ་རྒྱ་ནག་རྒྱལ་པོ་ཅི་བྱ་གཏོལ་མེད་དུ་གྱུར། གློ་བུར་དུ་ཅི་བྱེད་འདི་བྱེད་མེད་པར་གནམ་སྲས་ཅ་ཀྲུག་ལ་བྲོས། ཐུ་བྷོད་དམག་གིས་ཕམ་པར་བརྒྱབ་པས་རྒྱལ་པོ་བྲོས་ཤིང་ཀྲུག་དམག་རྣམས་ནི་ཁ་འཐོར།” ཞེས་སོ།། (འདིའི་སྐོར་བོད་ཀྱི་ལོ་རྒྱུས་ཡིག་ཚང་མས་སྟག་སྒྲ་ཀླུ་ཁུང་གི་སྐབས་དེར་གཟིགས་ན་གསལ། སྒྱུར་བ་པོས་མཆན།)

ཐུ་བྷོད་དམག་མི་རྣམས་ཀྱིས་ཉམས་ཐག་པའི་རྒྱ་ནག་རྒྱལ་པོའི་རྗེས་འདེད་བྱས་སྟབས་འབྲོ་སའི་ཁུངས་མ་རྙེད། “ཤིང་རྟ་འཁོར་བཅས་དཔའ་ཀྲུག་ལ་བསླེབས་པ་དང་། རྒྱལ་པོའི་འཁོར་རྣམས་འཐོར། ཞབས་འབྲང་རྣམས་ཀྱང་བྱ་ཐབས་མེད། ཚང་མས་གྲང་ངད་དང་བཀྲེས་ལྟོག་ཚད་མེད་མྱངས།”

སྤྱིར་ “འབངས་གྱེན་ལོག” གི་དོན་རྐྱེན་གྱི་རྗེས་སུ་ཐང་ཤན་ཙོན་དང་ཐང་སུའུ་ཙོན། ཐང་ཏད་ཙོན་རྣམ་པ་གསུམ་ནི་སྤོ་བོ་ལགས་ནས་བརྒྱུད་པའི་ཚ་བོའི་རྒྱལ་པོ་རྣམ་གསུམ་ཡིན། ཁོ་ཚོ་རྣམས་ཐེངས་གཅིག་ལ་ཡང་རྒྱལ་ས་བྲལ་ནས་བཀྲེས་ལྟོག་དང་གྲང་འཁྱག་གི་སྡུག་བསྔལ་མྱངས་མེད། ཡིན་ན་ཡང་ཐེངས་འདིའི་ཐུ་བྷོད་དམག་གིས་ཐང་ཆེན་པོའི་རྒྱལ་པོ་ངོ་ཚར་བཏད་སོང་བ་རེད། ཁྲང་ཨན་ལ་འཛུལ་བའི་བྷོད་དམག་གིས། ཐང་གི་རྒྱལ་སར་ “(བོའུ་ཡིན)    戊寅     རྒྱལ་པོར་བསྐོས།

ཐུ་བྷོད་ཁྲང་ཨན་ལ་འཛུལ་ནས་གོ་ཧོན་དང་ཐུ་བྷོད་ཀྱི་དམག་དཔོན་ཆེན་མོས་རྒྱལ་རྒྱུད་ཚ་བོ་གང་བོའུ་ཁྲིན་རྒྱལ་པོར་བསྐོས་ཏེ། མིང་ནི་ཡོན་ལ་བསྒྱུར། སྲིད་སྐྱོང་ལུགས་དང་སྔོན་ཧན་ལེན་སློབ་ཐོན་ནས་བློན་པོར་བསྐོ་རྒྱུ་སོགས་ཀྱི་ལམ་ལུགས་རང་འཇགས་བཞག”

ཐུ་བྷོད་པ་ཚོས་ཐང་ཆེན་མོ་ལ་རྒྱལ་པོ་ཞིག་བསྐོས་མོད། ཁྲིམས་དང་ལུགས་སྲོལ་རང་སོར་བཞག་པ་ལས། ཁོ་ཚོ་ཁྲང་ཨན་ནས་རྒྱུན་རིང་སྡོད་རྩིས་བྱས་མེད། ཁོ་ཚོ་ཡོང་དོན་ནི་རྒྱུ་འཕྲོག་རྒྱུ་དེ་རེད། “ཐུ་བྷོད་ཀྱིས་བོའུ་རྒྱལ་པོ་བསྐོས་ཏེ་དབང་ཆ་སྤྲད་པ་དང་། གྲོང་ཁྱེར་གྱི་རྒྱུ་ནོར་དང་ཡུལ་དེའི་བུ་དང་བུ་མོ། དེ་བཞིན། ལས་བཟོ་བ་སོགས་མི་མང་པོ་འཕྲོག་བཅོམ་དང་བཙན་འདེད་ཀྱིས་རང་རྒྱལ་དུ་ལོག་” ཅེས་དང་། “ཐུ་བྷོད་ཀྱིས་མཁར་དང་མཛོད་ཁང་ལ་སོགས་པ་བཅོམ་པ་དང་མེར་བསྲེགས་བཏང་བས་ཁྲང་ཨན་སྐད་ཅིག་ཉིད་ལ་སྟོང་པར་གྱུར།”  ༼    འདིའི་སྐོར་ཏུན་ཧོང་བོད་ཡིག་ནའང་རོབ་ཙམ་གསལ་བས་དེར་གཟིགས། སྒྱུར་བ་པོས།    ༽ ཁྲང་ཨན་ནས་ཕྱིར་བཟློག་པའི་ཐུ་བྷོད་དམག་ནི་ཐེངས་འདིར་རང་གི་ཡུལ་ལ་ལོག་དགོས་པའི་ངེས་བ་མེད་དེ། རྩོད་ཡུལ་ “བེ་ཀྲུག་” ནི་ཁོ་ཚོའི་དབང་འདུལ་ནང་དུ་ཡོད་པས་སོ།།

《新唐书•李德裕传》 ལུས་ཏེ་སུའི་བརྩམས་ཆོས་ཐང་ཡིག་གསར་མའི་ནང་། “བེ་ཀྲུག་ནས་ཁྲིན་ཏུའུ་བར་ལེ་བར་བཞི་བརྒྱ་ཡོད་པ་དང་། མཐའ་རྣམས་རི་བོས་བསྐོར་ཡོད། ཤར་བྱང་ནས་རི་བོ་ལེན་ལ་མཐུད་པ་དང་ལེ་བར་ཉིས་བརྒྱས་ཆོད་ཡོད་པས། ས་དེར་ནི་ཉེན་ཁྲ་བྲལ། འབྲི་ཆུར་长川 སོང་ཚེ་ལེ་བར་གསུམ་སྟོང་མེད། དེ་དག་ཡོངས་ནི་ཐུ་བྷོད་ཁ་ན་ཡོད།” ཟེར། གལ་སྲིད་ཐང་གི་བེ་ཀྲུག་མུ་མཐུད་དུ་བཟུང་ཡོད་ཚེ། ཆང་རིགས་གསུམ་སྟོང་ནམ་ཡང་བཀོལ་སྤྱོད་ཆོག མཚོན་གྱི་འགྲོ་སོང་མེད་པར་ཟམ་པ་སུམ་ཅུ་མེ་རུ་བསྲེག་ཆོག དམག་ཆས་སླར་ཡང་གསོས་ཆོག་པའི་གོ་སྐབས་ཡོད་པ་རེད་ཟེར། འོན་ཏེ་བེ་ཀྲུག་ཤོར་བས། ལེ་བར་བཞི་བརྒྱ་ཡན་གྱི་ཁྲིན་ཏུའི་ཉེན་ཁ་བྲལ་བའི་ས་ཆ་དེ་ཐད་ཀར་ཐུ་བྷོད་བཙན་པོའི་དམག་གི་འོག་ཏུ་ཚུད། “དེ་ནས་བཟུང་ནུབ་དང་ལྷོ་ཡི་ལམ་ལ་བསྐྱོད་པར་ལྷག་ཏུ་དཀའ་བར་ཐེ་ཚོམ་མེད་པར་གྱུར།”

ཐུ་བྷོད་ལ་བེ་ཀྲུག་ཐོབ་པ་དང་། འདི་ལ་བེ་ཀྲུག་མི་ཟེར་བར་འདི་ལ་རང་རིགས་ཀྱི་སྙན་པ་གསོ་བའི་ཚིག་སྙན་པོ་“སེམས་ཁྲལ་མེད་པའི་རྫོང་”ཞེས་བོས། “སེམས་ཁྲལ་མེད་པའི་རྫོང་ཡོད་པས་ཐུ་བྷོད་རྣམས་དེ་གར་སེམས་ཁྲལ་མེད་,, པ་རེད།

གོ་ཙི་ཡུའི་རི་མོ།

ཐུ་བྷོད་ལ་ “སེམས་ཁྲལ་མེད་པའི་རྫོང་” ཐོབ་ཆེད་དུ། ཐུ་བྷོད་པས་བུ་མོ་མཛེས་མ་ཞིག་གི་མོ་ལོ་ཉི་ཤུའི་ལང་ཚོ་དང་བརྩེ་དུང་གི་བསླུ་བྲིད་ལ་བརྟེན་ཏེ་བེ་ཀྲུག་ཚུར་བླངས་པ་རེད།

སྔོན་དུ་གླེང་ཟིན་པ་ལྟར། ཐང་ཆེན་པོ་དང་བོད་བཙན་པོ་གཉིས་ཀྱི་འབྲེལ་ལམ་དེ་ནི། ཐོག་མའི་ཐང་གི་སྐབས་སུ་བོད་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་གོང་ཇོ་བག་མར་བསུ་བར་ཁ་གཡར་ནས་འབྲེལ་ལམ་མུ་མཐུད་ཡག་པོར་གནས་ཡོད། ཕྱོགས་གཉིས་ཀྱི་མཐའ་མཚམས་སུ་འཐབ་འཁྲུག་མེད་པར་ཞི་བདེ་ངང་གནས་ཡོད།

རྩོད་མེད་ཞི་བདེ་ཟེར་ཡང་དོན་རྐྱེན་རིགས་གཅིག་ཀྱང་མེད་པར་ཐ་གཅིག་ཏུ་ཞི་བདེར་གནས་པ་ཞིག་ཀྱང་བསྟན་མེད། ལོ་ཉི་ཤུའི་སྔོན་ལ་ཐང་ཆེན་མོ་ད་དུང་དར་རྒྱས་ཀྱི་རྩེ་མོ་ན་ཡོད། ཐུ་བྷོད་པས་བེ་ཀྲུག་གི་ “རྩོད་ཡུལ” དེ་ངེས་ཤེས་རྙེད་པ་དང་། ས་དེ་འཕྲོག་པའི་འཆར་འགོད་དང་བསམ་གཞིགས་བྱས་པ་རེད། ཡིན་ན་ཡང་ཕར་རྒོལ་བྱ་རྒྱུ་དེ་ནི་ལས་སླ་བོ་ཞིག་མ་རེད།

བེ་ཀྲུག་ནི་མཐའ་གསུམ་ཆུ་བོས་བསྐོར་ཅིང་རི་རྣམས་མཐོ། ས་ཁུལ་ཉེན་ཁ་ཆེ་བས་ཕར་རྒོལ་བྱ་རྒྱུ་ལས་སླ་བོ་མིན། ཡིན་ཡང་ཐུ་བྷོད་དམག་དཔུང་སྟོབས་ཤུགས་ཆེ་ལ་དམག་འཐབ་ཀྱི་རྩེ་མོར་སོན་ཡོད་ཀྱང་། མཁར་རྫོང་ལེན་རྒྱུ་དེ་ལས་སླ་བོ་ཞིག་མིན་སྟབས། མཁར་རྫོང་ལེན་པར་བཟོད་བསྲན་དང་ངང་སྒུག་བྱེད་དགོས་ལ། ནང་ཁུལ་དུ་མྱུལ་མ་ཞིག་གཏོང་ཐུབ་བྱ་བཞག་འགྲུབ་ངེས་ཡིན། མཁར་རྫོང་ནང་དུ་མྱུལ་མ་ཞིག་ཇི་ལྟར་བཏང་དགོས་སམ། ཧ་ལམ་ཏག་ཏག་ལོ་ཉི་ཤུའི་སྔོན་ལ་ཐེན་པོ་ཁྲི་ལོ་(སྤྱི་ལོ་༧༤༣ལོར།) ཐུ་བྷོད་ཚོས་བསམ་བློ་ཞིབ་མོ་བཏང་ཡོད།

གླེང་མ་དགོས་པ་ཞིག་ལ། ཁོ་ཚོས་ཐབས་ལམ་གཅིག་རང་རྙེད་པ་ནི། ད་ནས་བཟུང་བུ་མོ་མཛེས་མ་ཞིག་མཁར་རྫོང་སྲུང་མཁན་གྱི་བག་མར་བརྫང་རྒྱུ་དང་། རྗེས་མ་བུ་སྐྱེས་ནས་སློབ་གསོ་སྤྲད་དེ། བུ་དེ་ནར་སོན་པར་རེ་སྒུག་བྱས་ཏེ་ནུས་ཤུགས་བསྐྱེད་རྗེས་ད་གཟོད་ཐུ་བྷོད་དམག་ལ་མཁར་རྫོང་གི་སྒོ་ཕྱེ་རྒྱུའི་རམ་འདེགས་དང་དེའི་ནང་མྱུལ་བྱ་རྒྱུ་དེ་རེད།

ཧང་སངས་དགོས་པ་ཞིག་རེད། དངོས་ནས་ཧང་སངས་དགོས་པ་ཞིག་རེད། སྤྱིར་གྲུབ་འབྲས་མཐོང་བ་ལ་དུས་ཚོད་ཏོག་ཙམ་འགོར་དགོས་པ་རེད། དེ་བཞིན། ལོ་དེར་ཐུ་བྷོད་བཟའ་ཚོ་ཞིག་གིས་རང་གི་ཤ་ལས་ཆད་པའི་བུ་མོ་ལ་འདི་ལྟར་ལབ་པ་རེད། “ཁྱེད་རང་ཐང་ཆེན་མོའི་བེ་ཀྲུག་གི་མཁར་རྫོང་སྲུང་མཁན་ལ་མནའ་མར་སྟེར་རྒྱུ་ཡིན། ལོ་ཉི་ཤུའི་རྗེས་སུ་བུ་འཚར་ལོངས་བྱུང་རྗེས། བུ་ལ་རང་རེའི་ཐུ་བྷོད་དམག་ལ་མཁར་སྒོ་ཕྱེ་རུ་འཇུག་དགོས། ཡག་པོ་ཨེ་འདུག་གམ།” ཞེས་ཟེར།

བུ་མོ་མཛེས་མ་འདིའི་མིང་དང་ལོ་རྒྱུས་སོགས་དེབ་ཐེར་ཁག་ཏུ་གསལ་བོ་མི་འདུག བུ་མོ་འཐད་པ་བྱུང་བ་དང་། རང་གི་གཅེས་བའི་སྲོག་དང་མཛེས་པའི་ལང་ཚོ་བློས་གཏོང་བྱ་རྒྱུའི་ཨ་ལན་སྤྲད། དུས་དེ་ནས་ལོ་ངོ་ཉི་ཤུའི་རྗེས་ལ། ཀུང་ཏེ་ཡོན་གྱི་ཁྲི་ལོའི་སྟོན་དུས་ཀྱི་མཚན་མོར་ཐང་ཆེན་མོའི་བེ་ཀྲུག་རྫོང་ཤོར་བ་རེད། ཐུ་བྷོད་བཙན་པོ་ལ་ད་གཟོད་ “སེམས་ཁྲལ་མེད་པའི་རྫོང་” དེ་ཐོབ་པ་རེད།

ངེས་པར་གླེང་དགོས་པ་ཞིག་ལ། སྒྲུང་འདི་ནི་ཧ་ཅང་ངོ་མཚར་ཐལ་དྲགས་ཏེ་རྫུན་མ་ཞིག་ལས་དངོས་ཡོད་ཞིག་ཏུ་མཐོང་དཀའ་མོད། འོན་ཀྱང་འདི་ནི་དོན་དངོས་རེད། ཐུ་བྷོད་པས་འཆར་འགོད་དེའང་ཉེན་ཁ་བརྒྱུད་པ་རེད། ཏག་ཏག་ལོ་ངོ་ཉི་ཤུའི་རིང་ལ། སུ་ཞིག་གིས་བེ་ཀྲུག་རྫོང་ནང་གི་ཐུ་བྷོད་ཀྱི་བུ་མོ་ཞིག་གིས་ཐུ་བྷོད་དམག་ལ་མཁར་སྒོ་ཕྱེ་བའི་ངེས་ལེན་བྱ་ཐུབ་བམ། སུས་ཐུ་བྷོད་ཀྱི་བུ་མོ་འདི་རང་གི་བཟའ་ཟླ་དང་ལྷན་དུ་བརྩེ་དུང་ཆགས་མི་ཐུབ་པ་དང་། དེ་ལས་བཟློག་སྟེ་རང་གི་རིགས་ལ་ངོ་ལོག་མི་བྱེད་པའི་ངོས་ལེན་བྱེད་ཐུབ་བམ། སུས་བཟའ་ཚང་འདི་གཉིས་ལ་སྐྱེས་པའི་བུ་ངེས་པར་དུ་ཐུ་བྷོད་ཕྱོགས་སུ་ལོག་པར་ངེས་ལེན་བྱེད་ཐུབ་བམ། དེར་མ་ཟད་ཐུ་བྷོད་དམག་ལ་མཁར་སྒོ་ཕྱེ་བའི་འདོད་བློ་ཡོད་པ་ངེས་ལེན་བྱེད་ཐུབ་བམ། སུས་ཨ་མ་འདིའི་སེམས་ནང་གི་གསང་བ་དེ་ཨ་ཕས་མི་ཚོར་བར་ཁག་ཐེག་བྱེད་ཐུབ་བམ།
མདོར་ན། དུས་ནི་ཧ་ཅང་རིང་། འགྱུར་བག་ཤིན་ཏུ་རྒོད། རྒྱུ་རྐྱེན་ཚད་མ་ཉུང་།

ཐང་རྒྱལ་རབས་ཀྱི་མཁར་རྫོང་གི་རི་མོ།

སྤྱིར་འདི་ནི་ངོ་མཚར་ཅན་གྱི་སྒྲུང་ཞིག་ཡིན་ཡང་། འདི་དག་ནི་༼   ཐང་ཡིག་རྙིང་མ།  ༽ ་དང་༼   སྲིད་སྐྱོང་མེ་ལོང་།  ༽  དུ་བཀོད་ཟིན་པའི་དོན་རྐྱེན་ཞིག་དང་ལོ་རྒྱུས་ཡིག་ཚགས་ཤིག་རེད།

༼   སྲིད་སྐྱོང་མེ་ལོང་།   ༽   《资治通鉴》གི་ཤོག་དངོས་ ༢༤༧ ངོས་ན། “བེ་ཀྲུག་རི་མཐོ་བོའི་རྩེར་གནས་བ་དང་། ངོས་གསུམ་ཆུ་བོས་བསྐོར། དམག་ཆས་མཚོན་རྣམས་ཐང་ཆེན་དུ་བཀྲམས། རྒྱ་མིའི་དམག་གི་བགྲོད་ལམ་ཡིན། ཁྲོའི་དང་གཙང་བོ། ལོན་གསུམ་གནོད་པ་མེད་པར་རང་སར་གཅིག་པུར་གནས་ཡོད། ཐུ་བྷོད་པས་མཛེས་མ་མཁར་སྲུང་བའི་བག་མར་བསླུ་བྲིད་ཀྱི་ནང་མྱུལ་དུ་བཏང་སྟེ། ལོ་ངོ་ཉི་ཤུའི་རྗེས་ལ་ཁོ་མོའི་བུ་ཕོ་གསར་དེ་གཉིས་དར་ལ་བབས་པ་དང་། མཁར་གྱི་སྒོ་ཕྱེས་ཏེ་བྷོད་དམག་རྣམས་མཁར་ནང་དུ་འཛུལ་བར་རམ་འདེགས་བྱས། མཁར་བླངས་པ་དང་མིང་ལ་སེམས་ཁྲལ་མེད་པའི་རྫོང་ཞེས་བཏགས། དེ་ནས་བཟུང་ནུབ་ཀྱི་སྟོབས་ཤུགས་སྔར་ལས་ལྷག་པར་རྒྱས་ཤིང་ལྷོ་ལམ་བགྲོད་པར་དཀའ་བ་མེད་པར་གྱུར།”

༼   ཐང་ཡིག་རྙིང་མ་ས་དཔྱད།   ༽   《旧唐书•地理志》 ཅེས་པའི་ནང་དུ། “ཡོན་གོང་མའི་ལོ་མཇུག་ལ། ཧི་ཤུ་དང་ལོན་ཡུག་ཐུ་བྷོད་པས་བླངས། དེས་ཧྲུའུ་ཁྲོན་ལ་དཔུང་འཇུག་བྱེད་རྒྱུའི་རེ་འདོད་དང་འཆར་འགོད་བྱས་པར་ཕན། བེ་ཀྲུག་ལ་དཔུང་འཇུག་བྱེད་དཀའ་བས། མཛེས་མ་མཁར་སྲུང་གི་བག་མར་ཡོང་ནས་ནང་མྱུལ་བྱས། ལོ་ཉི་ཤུའི་ནང་དུ་བུ་གཉིས་སྐྱེས། ཐུ་བྷོད་དམག་གི་མཁར་འཕྲོག་པར་བུ་དེ་གཉིས་ཀྱིས་ནང་མྱུལ་བྱས་ཏེ་མཁར་ཤོར། ཐུ་བྷོད་ལ་རྒྱལ་ཁ་ཐོབ་པས་མཁར་གྱི་མིང་ཡང་ “སེམས་ཁྲལ་མེད་པའི་མཁར”ཞེས་བཏགས། ཞེས་བཀོད་ཡོད།

༼   ཐང་ཡིག་རྙིང་མ། ལུས་ཏེ་སུའི་མཛད།  ༽  《旧唐书•李德裕传》 པ་ལས། “ཐུ་བྷོད་ལ་བཙན་ས་ཐོབ་འདོད་པས་མཛེས་མ་མཁར་སྲུང་གི་བག་མར་མངགས། ལོ་ཉི་ཤུའི་རྗེས་སུ་བུ་མོ་དེས་བུ་གཉིས་སྐྱེས་ནས་ནར་སོན། ཐུ་བྷོད་དམག་གིས་མཁར་འཕྲོག་པ་ལ་བུ་དེ་གཉིས་ཀྱིས་ནང་མྱུལ་བྱས་ཏེ་བེ་ཀྲུག་ཤོར། ཐུ་བྷོད་རྒྱལ་ཁ་ཐོབ་པས་མིང་ཡང་ “སེམས་ཁྲལ་མེད་པའི་མཁར་”ཞེས་བཏགས་ཞེས་འཁོད།

ལུས་ཀྲོའི་ ༼   ཐང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཁ་གསབ།  ༽   李肇《唐国史补》ནང་། “ ཡོན་གྱི་ལོ་མཇུག་ལ་ཐང་གི་བེ་ཀྲུག་ཐུ་བྷོད་ཀྱི་ལག་ཏུ་ཤོར། མཛེས་མ་བདམས་ནས་བེ་ཀྲུག་མཁར་སྲུང་གི་བག་མར་བྱིན། ཡོན་དང་ཀྲོན་གྱི་དུས་སུ་བུ་མོ་དེས་བུ་གཉིས་གསོ་སྐྱོང་བྱས། ཐུ་བྷོད་དམག་དཔུང་ཆེན་མོས་མཁར་ནང་མེ་སྤར་ཏེ་བེ་ཀྲུག་བླངས།” ཞེས་བཀོད་འདུག

༼  ཐང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཁ་གསབ།   ༽  《唐国史补》མར་བཤད་པའི་ལོ་དུས་དང་སྔོན་གྱི་ལོ་རྒྱུས་དག་གིས་བཤད་པའི་ལོ་དུས་ལ་མི་འདྲ་བ་ཏོག་ཙམ་ཡོད་མོད། སྤྱིའི་དོན་རྐྱེན་གཅིག་མཚུངས་སུ་བཀོད་འདུག ཐང་ཆེན་མོས་བེ་ཀྲུག་བསྐྱར་དུ་ལེན་འདོད་ཡོད་པ་རེད། ལོ་ ༨༧ རྗེས་སུ་ཐང་ཤོན་ཙོང་གྱི་ཁྲི་ལོ་གསུམ་པར་(སྤྱི་ལོ་༨༤༩)ལ་བེ་ཀྲུག་སླར་ཡང་རྒྱས་བླངས།

འདིར་གསལ་བོར་མཐོང་ཐུབ་པ་ཞིག་ལ། ལོ་རྒྱུས་སྟེང་གི་མཛེས་མ་འདིའི་བློས་གཏོང་དང་བྱས་རྗེས་སོགས་ལོ་རྒྱུས་དེབ་ཐེར་རུ་བཀོད་མི་འདུག་ལ། ཐ་ན་མིང་ཙམ་ཡང་བྲིས་མི་འདུག

སྒྱུར་བ་པོས་གསལ་བཤད། རྩོམ་ཡིག་འདི་རྒྱའི་གནའ་ཡིག་དང་ལུང་ཚིག་ཕྲེང་དུ་བསྟར་ནས་གྲུབ་པ་ཞིག་ལས་ལྷུག་བརྗོད་ཀྱི་ཉམས་འདོན་ཐུབ་མེད་མོད། རྩོམ་ཡིག་གལ་ཆེན་ཞིག་ཏུ་མཐོང་སྟེ། གུས་མོས་བོད་སྒྱུར་གྱི་ཤེས་ཚད་དམའ་བ་དང་དུས་ཚོད་མ་འདང་བ་སོགས་ཀྱི་རྐྱེན་པས་བོད་འགྱུར་འདི་རྒྱའི་ཡིག་ཚང་དག་ལ་གཤིབ་བསྡུར་བྱ་ཐུབ་མེད། དོ་སྣང་ཅན་ཚོས་མ་རྩོམ་རྒྱ་ཡིག་དང་བོད་འགྱུར་གཉིས་ཀ་བོད་རྒྱའི་ཡིག་ཚང་གཞན་དག་ལ་བསྟུན་ནས་དཔྱད་ཐུབ་ན་ལེགས་སྙམ། འདིར་རྩོམ་ཡིག་འདིའི་སྤྱི་ཁོག་གི་གོ་བ་ཙམ་ལོན་ཐུབ་རྒྱུ་དང་། གལ་ཆེའི་ས་མིང་འགའ་རེ་ཞབས་མཆན་དུ་བཀོད་ཡོད།

  • ཁ་བྱང་འདི་སྒྱུར་བ་པོས་བཏགས་པ་ཡིན།

མ་རྩོམ་དྲ་ཐག http://www.gooread.com/article/20121614077/

སྒྱུར་བ་པོའི་མཚན།

(༡) བེ་ཀྲུག་ནི་维州 ཀྲུང་གོའི་གནའ་བོའི་ཡིག་ཚང་གི་ས་ཁུལ་གྱི་མིང་ཞིག་ཡིན་ལ། བེ་ཀྲུག་དེང་གི་སུ་ཁྲོན་ཞིང་ཆེན་ནང་ཡོད་པ་དང་། ཐང་གི་སྐབས་སུ་འདིའི་མིང་ལ་བེ་ཀྲུག་འབོད་པ་རེད། བོད་དང་རྒྱའི་བེ་ཀྲུག་དམག་འཁྲུག་ཆེན་མོ་བྱུང་ས་དང་།་ཡོངས་གྲགས་སུ་འདི་ལ་ཐང་བོད་དམག་འཁྲུག་དང་བེ་ཀྲུག་དམག་འཁྲུག་འང་ཟེར་བ་རེད།

(༢) བུན་ཁྲོན་ 汶川 ནི་སུ་ཁྲོན་ཞིང་ཆེན་གྱི་རྫོང་ཞིག་ཡིན་ལ་མི་རིགས་གནས་སྡོད་བྱེད་མཁན་གཙོ་བོ་ཆང་དང་བོད། ཧེ་ཧེ་དང་རྒྱ་རིགས་སོགས་མཉམ་བསྲེས་ངང་གནས་བ་ཞིག་ཡིན།

(༣) ཤེད་(༣) གྲོང་ཁུལ་薛城镇 ནི་གནའ་བོའི་བེ་ཀྲུག་ཡོད་ས་དེ་རེད། རྫོང་འདི་གནའ་བོའི་ལོ་རྒྱུས་ཀྱི་ཡིག་ཚང་དུ་ཧ་ཅང་གལ་གནད་ཅན་གྱི་ས་མིང་ཞིག་ཡིན་པ་དང་། རྫོང་རྙིང་ཤོས་དང་རྒྱལ་རབས་དང་རྒྱལ་པོ་མི་འདྲ་བའི་འདི་ལ་མིང་ཡང་མི་འདྲ་བ་དུ་མ་བཏགས་ཡོད། བེ་ཀྲུག་ནི་ཐང་གི་སྐབས་སུ་བསྐྲུན་པའི་རྫོང་དང་མིང་རེད། དེང་སང་སུ་ཁྲོན་ཞིང་ཆེན་ཨ་པ་ཆང་དང་བོད་རིགས་རྫོང་དང་ཤེད་གྲོང་ཁུལ་ཞེས་འབོད་ཀྱིན་ཡོད་པ་རེད།

(༤) མེན་རི་   岷 ནི་ས་དང་རི། ཆུའི་མིང་སོགས་ལ་གོ་བ་དང་། རི་བོ་མེན་དང་མེན་གཙང་བོ་གཉིས་ནི་སུ་ཁྲོན་ན་ཡོད་པ་དང་། ཡང་མེན་རྫོང་ཞེས་བ་ནི་ཀན་སུའུ་ནང་ཏུ་ཡོད། འདི་བཀོད་པའི་མེན་ནི་རི་བོ་དང་གཙང་བོ་ཡིན་ལ་སུ་ཁྲོན་ནང་ཡོད་པ་རེད།

(༥) ལོན་རི་ 陇山   ནི་ཉེན་ཤ་ཡི་ལྷོ་ཕྱོགས་དང་ཅ་ཤུའི་ནུབ་ཕྱོགས་སུ་ཡོད་པ་དང་། ཉེན་ཤ་དང་ཅ་ཤུ། ཀན་སུ་གསུམ་དབར་གྱི་འབྲེལ་ལམ་ཡིན།

(༦) ཧྲུ་ནུག་རི་ནི་སུ་ཁྲོན་ཨ་པ་ཆང་རིགས་བོད་རིགས་རང་སྐྱོང་ཁུལ་བུ་ཁྲོན་རྫོང་དང་མེན་ཁྲུ་ཤང་ན་ཡོད་པའི་གནས་རི་ཞིག་ཡིན་ལ། ཡུལ་སྐོར་སྤྲོ་འཆམ་བྱེད་སའི་གནས་འགངས་ཆེན་ཞིག་རེད། ཤཱ་རྒྱལ་རབས་འཛུགས་མཁན་གྱི་རྒྱལ་བོ་ཡང་འདི་ནས་སྐྱེས་བར་གྲགས། 四川省阿坝藏族羌族自治州汶川县绵池乡高店村飞沙关上

(༧) ཤ་རྒྱལ་རབས་ནི་སྤྱི་ལོ་སྔོན་གྱི་(༢༠༧༠ ནས་༡༦༠༠) བར་དུ་གནས། སྡོམ་པའི་རྒྱལ་རབས་༡༤ དང་རྒྱལ་པོ་༡༧ བྱུང་། ཤ་འཛུགས་མཁན་ནི་ཡུའུ་ཡིན་ལ། ཤ་རྒྱལ་རབས་སྐབས་ཧྲང་དང་ཀྲུག་རྒྱལ་རབས་གསུམ་གནས་ཡང་། དེ་དག་ནི་རིགས་རྒྱུད་ཚོ་ཁག་ལྟར་གནས་པ་དང་། ཤ་ལས་ཀྲུང་གོ་ལ་རྒྱལ་རབས་བྱུང་འགོ་ཚུགས།

(༨) ཡུའུ་ཡི་མིང་གཞན་ལ་ཤ་ཡུའུ་དང་ཏ་ཡུའུ་ཡང་ཟེར། ཡུའུ་ཡི་ཡབ་ནི་གླང་བོ་རི་འདབས་ཀྱི་ཚོ་དཔོན་ཡིན་པས་ཁོ་ཡང་དེ་གར་སྐྱེས་པ་དང་། ཕྱིས་སུ་བྱང་ཤར་ལ་བསྐྱོད་པ་དང་། བྱས་རྗེས་ཆེ་ཤོས་ནི་རྨ་ཆུ་ཡར་འདྲེན་དང་ཤ་རྒྱལ་རབས་བཙུགས་པས། ཤ་ཡུའུ་དང་ཏ་ཡུའུ་འབོད་དོན་ཡང་ཆེ་བསྟོད་ལས་བྱུང་བ་ཡིན།

(༩) (ཞེས་པ་འདི་ནི་མགོ་ལོག་རྣམ་རྒྱལ་གྱིས་བསྒྱུར་བའི་སུན་ཙིའི་དམག་ཇུས་ལས་བཞུས་བ་ཡིན།)

འབྲེལ་ཡོད་གསར་འགྱུར།

ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༤ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢
Mobile App

གཏམ་གླེང་དམར་རྗེན་མ།

༢༠༢༥/༠༥/༢༢
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese