མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ལོ་མ་སོན་ཡང་སློབ་འཇུག་བྱས་པ།

བོད་ཀྱི་དུས་བབ།
༢༠༡༧/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

གསར་འབྱོར་རྒད་པོ།

         འདས་པའི་ལོ་ངོ་བཅོ་ལྔའི་སྔོན་ཏག་ཏག་ཅིག་རེད། ང་རྒྱ་གར་དུ་འབྱོར་ནས་རིང་པོ་ཞིག་ཕྱིན་མེད། ངའི་བུ་མོ་དེ་དུས་ལོ་བཞི་དང་ཕྱེད་ཡས་མས་ཤིག་ཡིན། མ་གཞི་ངེད་ནས་བོད་ཁྱིམ་གྱི་སྒྲིག་གཞི་ལྟར་ལོ་དྲུག་ལ་མ་སོན་པར། རང་གི་བུ་མོ་སློབ་འཇུག་མི་ཆོག་པ་ཤེས་ཀྱི་ཡོད། སྟབས་ཉེས་པ་ཞིག་ལ། སྐབས་དེར་བུ་མོའི་ཨ་མ་གློ་བུར་ནད་གཞི་ལྕི་མོ་ཞིག་བྱུང་། བུ་མོ་ཡང་སྨན་ཁང་དུ་མཉམ་འཁྲིད་མི་བྱེད་ག་མེད་ཆགས། སྨན་པས་བུ་མོ་སྨན་ཁང་དུ་ཁྲིད་ཡོང་མི་ཆོག་པར་སྐོར་བཤད། རྒྱུ་མཚན་སྨན་ཁང་དུ་བྱིས་པའི་རིགས་ལ་ན་ཚ་ཅི་ཞིག་ཡིན་ཡང་འགོས་སླ། དེར་བརྟེན་བྱིས་པ་སྨན་ཁང་དུ་འཁྲིད་ཡོང་མི་ཆོག་པ་སྨན་ཁང་གི་སྒྲིག་སྲོལ་ཡིན་ཟེར། དེ་དུས་བྱ་ཐབས་ཟད་དེ། རང་གི་བུ་མོ་ལོ་བཞི་དང་ཕྱེད་ཅན་དེ་འཁྲིད་ནས་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་དུ་བཅར། འབྲེལ་གཏུག་བྱེད་ཡུལ་དེ་བོད་ཁྱིམ་གྱི་འབྲེལ་ཡོད་ལས་བྱེད་གནད་ཡོད་ཅིག་རེད། ཁོང་གི་མཚན་ལ་ཅི་ཟེར་དེ་སྐབས་དོ་སྣང་མ་བྱུང་། ངེད་ནས་བུ་མོའི་ཨ་མ་སྨན་ཁང་དུ་ཡོད་ཚུལ་སོགས་ཀྱི་གནས་ཚུལ་རྣམས་གསལ་བོར་སྙན་གསན་ཞུས། འབྲེལ་ཡོད་ལས་བྱེད་དེས་བུ་མོ་སློབ་ལོ་མ་སོན་པར་སློབ་འཇུག་བྱེད་ཐབས་མེད་སྐོར་ནན་གྱིས་གསུངས་བྱུང་།

ད་ནི་བྱ་ཐབས་མི་འདུག་སྙམ་པའི་སྐབས་དེར། འབྲེལ་ཡོད་ལས་བྱེད་དེས་བུ་མོ་ཁོང་གི་མདུན་དུ་བཀུག་སྟེ། བྱིས་པའི་སེམས་ཁམས་དང་མཐུན་པའི་བཀའ་མོལ་འགའ་གནང་རྗེས། ཤོག་བུ་ཞིག་དང་སྨྱུ་གུ་ཞིག་བླངས་ནས་ཀ་མད་སུམ་ཅུ་དང་། གཅིག་ནས་བརྒྱ་བར་གྲངས་གནས་རྣམས་ངོས་འཛིན་དུ་བཅུག་སོང་། མ་གཞི་ནས་ངེད་ཀྱི་བུ་མོ་ཧ་ཅང་བློ་རིག་རྣོ་ཞིང་གྲུང་པོ་ཞིག་ཡིན། ཀ་མད་སུམ་ཅུ་དང་། གཅིག་ནས་བརྒྱ་བར་གྱི་གྲངས་གནས་སོགས་འབྲི་ཀློག་རང་རྐྱ་འཕེལ་བ་ཡོད། ཅུང་ཟད་ནས་འབྲེལ་ཡོད་ལས་བྱེད་དེའི་གདོང་ཡོངས་འཛུམ་གྱིས་ཁེངས་ཏེ་ཕྲན་ལ་བཤད་རྒྱུར། ཁྱེད་ཀྱི་བུ་མོ་ཧ་ཅང་བློ་རིག་རྣོ་པོ་འདུག་ཅེས་བརྗོད་པ་དང་དུས་མཚུངས། འདི་གའི་སློབ་ལོ་སོན་པའི་འཛིན་གྲྭ་དང་པོའི་སློབ་ཕྲུག་ཁྲོད་ཀ་མད་སུམ་ཅུ་དང་། གྲངས་གནས་གཅིག་ནས་བརྒྱ་བར་ཁྱེད་ཀྱི་བུ་མོ་འདི་དང་བསྡུར་ན། རང་སྐྱ་འཕེལ་བར་འབྲི་ཀློག་མི་ཐུབ་མཁན་ཡང་སྐོར་ཞིག་ཡོད། ལར་ཁྱེད་ཀྱི་བུ་མོ་འདི་རྣམ་རིག་ཧ་ཅང་གསལ་བོ་འདུག་པས་དགའ་ཚོར་བྱུང་། སློབ་ལོ་མ་སོན་ཡང་སློབ་ལོ་སོན་པ་དང་འཚམས་པའི་ཤེས་ཡོན་ཡག་པོ་འཇགས་འདུག ཁྱེད་ཕ་མ་གཉིས་ལ་ཐུགས་རྗེ་ཆེ་ཞུ། ངེད་བོད་ཁྱིམ་སློབ་གྲྭས་དེ་རིང་ནས་ཁྱེད་ཀྱི་བུ་མོ་སློབ་འཇུག་བྱེད་ཀྱི་ཡིན་ཟེར།

ཨ་ཙི་འདི་ནི་རྨི་ལམ་ཡིན་ནམ། ངས་ལམ་སེང་ཁོང་ལ་བཀའ་དྲིན་ཆེ། ངེད་ཀྱིས་བུ་མོ་སློབ་འཇུག་གི་ཐོག་མར་བརྟེན་ཚེ་གྲངས་ལ་བལྟས་ནས་གང་མྱུར་སྐྱེལ་གྱི་ཡིན་ཞེས་བརྗོད་པར་ཁོང་གིས་མོས་མཐུན་གནང་བྱུང་། སྟབས་ཡག་པ་ཞིག་པ་ཉིན་དེའི་ཕྱི་མ་ཉི་བཟང་སྐར་བཟང་རེད་ཟེར། གྱོན་ཆས་སོགས་གྲ་སྒྲིག་བྱས་ཏེ་ཕྱི་ཉིན་བུ་མོ་ཁྲིད་ནས་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་འབྲེལ་ཡོད་ལས་བྱེད་དེའི་སར་བཅར། འབྲེལ་ཡོད་ལས་བྱེད་དེས་ཅི་ཞིག་ལ་མཁྱེན་པ་ཡོད་པ་ལྟར། བུ་མོ་འདུག་སའི་ཁྱིམ་ཚང་དང་མ་མ་བཅས་སྔོན་ཚུད་ནས་གྲྭ་སྒྲིག་བྱས་འདུག ངས་འབྲེལ་ཡོད་ལས་བྱེད་དེར་རང་གི་བུ་མོ་སྔོན་འགྲོར་འཇུག་པའི་རེ་སྐུལ་ཞུ་སྐབས། ཁོང་གིས་དེ་སྐོར་ལ་ངས་བསམ་བློ་ཞིབ་ཚགས་བཏང་བ་ཡིན། ཁྱེད་ཀྱི་བུ་མོ་བློ་རིག་རྣོ། སྔོན་འགྲོ་ནས་སྦྱང་དགོས་པ་ཚང་མ་ཤེས་ཚར་འདུག གལ་སྲིད་སྔོན་འགྲོར་བཅུག་ན། ལོ་གཅིག་གཉིས་ཤིག་གི་དུས་ཚོད་འཕྲོ་བརླག་རེད་ཟེར། ད་ཆ་ངའི་བུ་མོས་བོད་ཁྱིམ་གྱི་འཛིན་གྲྭ་སོ་སོ་ནས་སྦྱངས་འབྲས་ལེགས་པོ་བྱུང་སྟེ། སྦང་ལོར་རུ་མཐོ་སློབ་འགྲིམ་བཞིན་ཡོད།

ཀློག་མཁན་རྣམ་པ་ལགས། ཐབས་སྐྱོ་བ་ཞིག་ལ། ངས་ད་དུང་འདས་པའི་མི་བཅོ་ལྔའི་སྔོན་གྱི་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་འབྲེལ་ཡོད་ལས་བྱེད་དེའི་ངོ་གདོང་དྲན་པ་ལས་མིང་ཤེས་ཀྱི་མེད། ད་ལྟ་ཁོང་འཇིག་རྟེན་འདི་ནས་ཡོད་མེད་ཀྱང་མི་ཤེས། གང་ལྟར་མདང་དགོང་ངས་འདས་དོན་མང་པོ་ཞིག་ལ་བསམ་གཞིག་བྱེད་དུས། སྤྱི་སེམས་ཆེ་ཞིང་དྲང་ཚུགས་བརྟན་པ། ངོ་ལྐོག་དང་གཡོ་སྒྱུ་མེད་པའི་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་འབྲེལ་ཡོད་ལས་བྱེད་དེ་དྲན་བྱུང་། ཁོང་ལ་སེམས་ཁོང་ནས་ཐུགས་རྗེ་ཆེ་ཞུ་བར་འདོད། ༸གོང་ས་མཆོག་དགུང་ནའི་བབ་ཇེ་མཐོར་འགྲོ་བཞིན་པའི་སྐབས་འདིར་ཁྱེད་རང་དང་། ཁྱེད་རང་འདྲ་བ་ལྷག་ཏུ་དྲན་བྱུང་། ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྱེད་རང་འདྲ་བ་ཅི་ཙམ་ཡོད་དམ།

ཀློག་མཁན་རྣམ་པ་ལགས། མཇུག་མཐའི་རེ་སྐུལ་ཞུ་འདོད་པ་ཞིག་ལ་ད་ལྟའི་བཙན་བྱོལ་བོད་མིའི་ལས་ཀྱི་སྣེ་མོ་བ་ཚོའི་བཟང་སྤྱོད་སྐོར་ལ། ཚང་མས་བློ་གཟུ་བོར་གནས་ཤིང་བདེན་པ་གཞི་ལ་བཞག་སྟེ་བསམ་ཚུལ་བརྗོད་དེ་བགྲོ་གླེང་རེ་གནང་རོགས།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 2

  1. ཟིང་སྐྱ། says:
    ལོ་ 9 སྔོན།

    དེང་སྐབས་གཞུང་གི་ལས་བྱེད་ནང་ལའང་། རང་གི་དགའ་མོས་དགའ་ཕྱོགས་ཡར་འཐེན་བྱེད་པ་ལས། དངོས་ནས་དྲང་ནས་མི་དྲང་ཚུགས་ཅན། སློབ་སྦྱོང་ཡོད་མཁན་སོགས་ལ་བདག་པོ་མི་རྒྱག དུས་དེང་སང་རྟ་འདོ་བའི་བོངས་ཁ་ཇེ་དམའ་དང་། བོང་སྐྱ་ལིའི་བསྟན་པ་ཇེ་དར་རེད། མདོར་བསྡུས་ན་ངུ་ཡང་ངུ་མཆི་མ་མི་ཡོང་དུས་རེད།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 9 སྔོན།

    དུས་སྔ་མོ་མི་བཟང་བཞུགས་ས་ལ་།
    དུས་དེང་སང་མི་ངན་འཛོམས་ས་རེད་།
    དུས་སྔ་མོ་ལས་འབྲས་སྲུང་མཁན་མང་།
    དུས་དེང་སང་ལས་འབྲས་བཤོད་མཁན་མང་།
    ཕ་ཨ་ཁུ་ཙནྡ་སྡོང་པོ་རེད་།
    རྒྱུད་བུ་ཕྲུག་ཚེར་ཤིང་ལོ་མ་རེད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese