མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ན་བརྒྱད་ཐོག་གཉེན་སྒྲིག་བྱས་ཀྱང་སྨན་སློབ་འགྲིམ་པའི་ཧུར་བརྩོན་བྱས།

བོད་ཀྱི་དུས་བབ།
༢༠༡༧/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

རཇིབ་སཀསེཎ་(Rajiv Saxena)ཡིས་སྤེལ།
སྐལ་ལྡན་གྱིས་བསྒྱུར།

རུ་པཱ་ཡཱ་དྷའོ་ཡིས་རྒྱ་གར་རྒྱལ་ཡོངས་གསོ་རིག་ཚུད་རྒྱུགས་(NEET)ཐོག་ཁྱོན་བསྡོམས་སྐར་གྲངས་ ༦༠༣ བླངས་ཏེ། རྒྱུགས་སྤྲོད་པ་ཡོངས་ཀྱི་ཨང་རིམ་ ༢༦༡༢ སོན་ཐུབ་པ་བྱུང་ཡོད་ལ། རང་ཉིད་བྱིས་དུས་སྐབས་སྨན་པ་ཞིག་བྱེད་འདོད་པའི་ཕུགས་བསམ་ཡང་མངོན་འགྱུར་བྱུང་ཡོད།

ཇེའེ་པུར་(Jaipur)གྲོང་ཁྱེར་ཉེ་འདབས་ཀྱི་ཀ་རེ་རི་གྲོང་ཚོའི་དབུལ་པོའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་བུ་མོ་རུ་པཱ་ཡཱ་དྷའོ་(Rupa Yadav)ཕྱི་ལོ་ ༡༩༩༦ ལོར་ལོ་ན་བརྒྱད་ལས་མ་སོན་ཡང་། ཤང་ཀར་ལལ་(Shankar Lal)ཞེས་པའི་བུ་ལོ་བཅུ་གཉིས་ཅན་ཞིག་དང་ལྷན་གཉེན་སྒྲིག་བྱེད་བཅུག་པ་རེད།

ཆེས་སྔ་དྲགས་པའི་གཉེན་སྒྲིག་གི་འགོག་རྐྱེན་དང་། དཔལ་འབྱོར་གྱི་རྒྱབ་རྟེན་ཞན་པའི་གནས་བབ་གང་ལ་ཡང་མ་ལྟོས་པར། རུ་པཱ་ཡཱ་དྷའོ་ཡིས་རྒྱ་གར་རྒྱལ་ཡོངས་གསོ་རིག་ཚུད་རྒྱུགས་(NEET)ཐོག་ཁྱོན་བསྡོམས་སྐར་གྲངས་ ༦༠༣ ལོན་ཐུབ་པ་བྱུང་བ་མ་ཟད། རྒྱུགས་སྤྲོད་པ་ཡོངས་ཀྱི་ཁྲོད་ཨང་རིམ་ ༢༦༡༢ སོན་ཐུབ་པ་བྱུང་ཡོད་ལ། རང་ཉིད་བྱིས་པའི་དུས་ནས་སྨན་པ་ཞིག་བྱེད་འདོད་པའི་ཕུགས་བསམ་ཡང་མངོན་འགྱུར་བྱུང་ཡོད།

རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་མཚམས། ཁོ་མོ་རང་ཁྱིམ་ནས་ཁྱོ་གའི་ཁྱིམ་དུ་བཏང་བ་རེད། སྟབས་ལེགས་པ་ཞིག་ལ་ཁོ་མོས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཀྱི་ཆ་སྙོམས་བརྒྱ་ཆ་ ༨༤ བླངས་ཡོད་པར་བརྟེན། གྲོང་ཚོའི་མི་རྣམས་ཀྱིས་བསྔགས་བརྗོད་དང་ལྷན། ཁྱོ་ག་དང་ཁྱོ་གའི་ནང་མི་རྣམས་ལ་ཁོ་མོ་མུ་འཐུད་སློབ་གཉེར་བྱེད་འཇུག་དགོས་པའི་སྐུལ་མ་བྱས་ཡོད།

རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་གྱི་ཆོད་སེམས་བརྟན་པའི་བུ་མོས་ཀྱང་། ཉིན་རེའི་ཁྱིམ་གྱི་ལས་དོན་སྒྲུབ་ཞོར་དུ་སློབ་སྦྱོང་ལ་འབད་པ་ཆེར་བསྐྱེད་ཀྱིས། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་གྲུབ་འབྲས་ཀྱང་གཟེངས་སུ་ཐོན་པ་བྱས་ཡོད་ལ། ཁྱོ་གའི་ཁྱིམ་གྱི་དཔལ་འབྱོར་གནས་སྟངས་ཞན་རུང་། ཁོ་མོར་ཚན་རིག་གཙུག་ལག་སློབ་ཐོན་གྱི་གོ་སྐབས་བསྐྲུན་པ་མ་ཟད། མུ་འཐུད་རྒྱལ་ཡོངས་གསོ་རིག་སྔོན་འགྲོའི་ཚུད་རྒྱུགས་(AIPMT)ནང་ཞུགས་ཏེ། སྐར་གྲགས་ ༤༡༥ ཐོབ་ཐུབ་པ་བྱུང་ཡོད།

ཁོ་མོས་ “ང་གཞུང་གཉེར་གཙུག་ལག་ཁང་ལེགས་གྲས་ཤིག་ཏུ་སྨན་གཞུང་སློབ་གཉེར་ཨེམ་བྷི་བྷི་ཨེ་སེ་(MBBS)བྱེད་པའི་གོ་སྐབས་མ་ཐོབ་ཀྱང་། གསོ་རིག་སྔོན་འགྲོའི་ཚུད་རྒྱུགས་ཀྱི་གྲུབ་འབྲས་དེས་ངའི་བཟའ་ཟླ་དང་ནང་མི་རྣམས་ལ། ང་ཀོ་ཊ་གྲོང་ཁྱེར་དུ་(Kota)གསོ་རིག་ཚུད་རྒྱུགས་གྲ་སྒྲིག་བྱེད་པར་གཏོང་བའི་བློ་སྦོབས་སྐྱེས་འདུག” ཟེར། ཕྱི་ལོ་ ༢༠༡༥ ལོར་ཁོ་མོས་ཀོ་ཊ་ཨེ་ལན་མདུན་ལམ་སློབ་གཉེར་ཁང་(Allen Career Institute)དུ་ཚུད་རྒྱུགས་སྦྱོང་བརྡར་བྱེད་པར་བསྐྱོད་པ་དང་། སྦྱོང་བརྡར་གྱི་འགྲོ་གྲོན་དང་ཁང་གླའི་དོད་ཁོ་མོའི་ཁྱོ་ག་དང་སྐུད་པོ་གཉིས་ཀྱིས་ཞིང་ལས་ཀྱི་ཞོར་དུ། འཁོར་གསུམ་གླ་འཁོར་(Auto)བཏང་སྟེ་གསོག་སྒྲུབ་བྱས་ཡོད།

ཕྱི་ལོ་ ༢༠༡༦ ལོའི་ཚུད་རྒྱུགས་སྐབས་ཁོ་མོར་སྐར་གྲངས་ ༥༠༦ ཐོབ་ཡོད་ཀྱང་། མིང་གྲགས་ཆེ་ལ་ཟས་ཀྱི་མཐུན་རྐྱེན་སྦྱོར་བའི་གསོ་རིག་མཐོ་སློབ་ཅིག་ཏུ་སྐར་གྲངས་རེ་ཟུང་གིས་ཚུད་མེད་པར་བརྟེན། སྙིང་སྟོབས་ཞུམ་མེད་ཀྱིས་རུ་པཱ་ཡིས་སླར་ཐེངས་ཤིག་ལ་རྒྱུགས་སྤྲོད་བྱེད་པའི་སེམས་ཐག་བཅད་པ་རེད།

ཐེངས་འདིར་ཨེ་ལེན་མདུན་ལམ་སློབ་གཉེར་ཁང་གིས་ཁོ་མོའི་རིག་སྟོབས་དང་སྙིང་སྟོབས་ལ་ངོས་འཛིན་དང་ཆེ་བསྟོད་ཀྱིས། སློབ་ཡོན་གྱི་བརྒྱ་ཆ་ ༧༥ ཆག་ཡང་བྱས་པ་མ་ཟད། ཁོ་མོས་ཀྱང་མིའི་རིགས་ལ་བྱ་བ་གང་ཞིག་སྒྲུབ་པའི་འདུན་པ་ལྡན་ན། སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་སྐྱོ་བོ་ཇི་འདྲ་ཞིག་ཡིན་རུང་འགོག་རྐྱེན་བཟོ་མི་ཐུབ་པ་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད།

རུ་པཱ་ཡིས་ “ཀོ་ཊ་གྲོང་ཁྱེར་དུ་སློབ་གཉེར་བྱེད་རིང་ངའི་ཕུགས་བསམ་སྒྲུབ་པའི་གདེང་སྤོབས་དང་ཡིད་ཆེས་ཆེ་རུ་ཕྱིན་སོང་”ཟེར། ཨེ་ལེན་མདུན་ལམ་སློབ་གཉེར་ཁང་གི་ངེས་སྟོན་པ་ན་ཝིན་མ་ཧི་ཤ་ཝ་རི་(Naveen Maheshwari)ཡིས། རུ་པཱ་ཡི་འབད་བརྩོན་ལ་བསྔགས་བརྗོད་དང་། སློབ་གཉེར་ཁང་དེས་ཁོ་མོའི་ལོ་བཞིའི་རིང་གི་ཨིམ་བྷི་བྷི་ཨེ་སེའི་སློབ་ཡོན་ཆ་ཚང་ནར་གཏོང་བྱེད་པའི་གསལ་བསྒྲགས་བྱས་ཡོད་པ་རེད།

མཆན། གོང་གསལ་རུ་པཱ་ཡཱ་དྷའོ་ཡི་གནད་དོན་དེ་ནི་འབྱོར་བ་ཆེ་ལ་འགྲན་རྩོད་ཆེ་བའི་རྒྱ་གར་གྱི་སྤྱི་ཚོགས་ཁྲོད། དབུལ་ཕོངས་ཉམ་ཐག་གི་ཁྱིམ་རྒྱུད་ཅིག་གི་བུད་མེད་ཀྱི་སྙིང་སྟོབས་དང་། བཟའ་ཟླ་དང་བཟའ་ཟླའི་ནང་མི་རྣམས་ཀྱི་ལྷག་བསམ་དང་བློས་གཏོང་ཆེ་བའི་བསམ་པས། ཆེས་འགྲུབ་པར་དཀའ་བའི་དམིགས་འདུན་ཞིག་མངོན་འགྱུར་བྱུང་བ། སྤྱི་ཚོགས་བརྒྱུད་ལམ་ཆེ་ཁག་ཚང་མར་ཁྱབ་བརྡལ་འགྲོ་བཞིན་པའི་གནས་ཚུལ་ཞིག་ཡིན།

གོང་གི་གནས་ཚུལ་དེར་འབྲེལ་བ་ཡོད་པའི་དྲ་གནས།      ( དང་པོ།  )  (  གཉིས་པ། )

མ་རྩོམ་འབྲེལ་ཐག http://www.dnaindia.com/jaipur/report-from-child-bride-to-medical-college-rupa-cracks-neet-to-script-her-own-success-story-2489257

 

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese