མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་ཞི་དང་དོམ་ཕྲུག་གི་མཚར་གཏམ།

བོད་ཀྱི་དུས་བབ།
༢༠༡༧/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

པེ་ཅིན་དུ་ཡོད་པའི་བྷི་བྷི་སི་གསར་འགོད་པ་སེ་ཊེ་ཕེན་མེཀ་ཌོ་ནེལ་(Stephen McDonell)གྱིས་བརྩམས།
ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།

རྒྱ་ནག་གཞུང་གིས་དྲ་ལམ་ཁག་ཏུ་དོམ་ཕྲུག་ཝིན་ནི་པོ་ཡི་པར་རིས་བཀག་སྡོམ་བྱེད་བཞིན་པ་དེ་ནི་རྒྱ་ནག་གཞུང་གི་ཡ་མཚན་དང་རྒྱུན་ལྡན་མ་ཡིན་པའི་བྱ་སྤྱོད་ཅིག་ཏུ་མངོན་སྲིད་ཀྱང་། དོན་དངོས་ཐོག་དེ་ནི་རྒྱལ་ཁབ་དེའི་དྲ་རྒྱའི་ཞིབ་བཤེར་བཀག་སྡོམ་ལ་ཁ་གཏད་གཅོག་མཁན་གྱི་སྤྱང་གྲུང་ལྡན་པའི་དྲ་རྒྱའི་ཟིན་བདག་ཚོ་བཀག་བསྡོམ་བྱེད་པའི་ འཐབ་རྩོད་ཀྱི་ཆ་ཤས་ཤིག་ཆགས་ཡོད།

རྒྱ་ནག་གི་དྲ་ལམ་ལ་སྟངས་འཛིན་དང་བཀག་སྡོམ་བྱེད་པའི་ལམ་ལུགས་ནང་ལག་ཐོགས་ཆུ་ཚོད་ནི་ལག་ཐོགས་ཆུ་ཚོད་ཙམ་མ་ཡིན་པའི་དུས་སྐབས་དང་། གཙང་པོའི་སྡིག་སྲིན་ཡང་གཙང་པོའི་སྡིག་སྲིན་ཙམ་མ་ཡིན་པའི་དུས་སྐབས་ཤིག་ཡོད་པ་དྲན་གསོས་སམ། དོམ་ཕྲུག་སེར་པོ་ཝིན་ནི་པོ་ནི་དྲ་ལམ་དུ་རྒྱ་ནག་གི་གཙོ་འཛིན་ལ་དམིགས་པའི་བསྟན་བཤིག་དང་ཅོ་འདྲི་བའི་བརྗོད་ཚིག་ཅིག་ཏུ་གྱུར་ཡོད།

བྱིས་པའི་འགུལ་རིས་གློག་བརྙན་ནང་གི་རྒྱགས་པ་རིལ་རིལ་ཤ་ཚ་བའི་དོམ་ཕྲུག་སེར་པོའི་གཟུགས་བརྙན་དེ་དང་དེའི་རྒྱ་སྐད་ཀྱི་མིང་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་སྟེང་བཀག་སྡོམ་བྱས་ཡོད། དེའི་རྒྱུ་མཚན་ནི་དྲ་རྒྱའི་ཟིན་བདག་ཚོས་དོམ་ཕྲུག་སེར་པོ་དེ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཕན་ཚུན་མཚུངས་བསྡུར་བྱེད་བཞིན་ཡོད་པས་རེད།

ཞི་ཅིན་ཕིན་དང་ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་གཉིས་ཀྱིས་ཕན་ཚུན་དོགས་བདེ་ལ་མི་བདེ་བའི་ངང་ལོ་རྒྱུས་རང་བཞིན་གྱི་ལག་པ་གཏོང་རེས་བྱས་སྐབས། དྲ་འབངས་ཚོས་དོམ་ཕྲུག་སེར་པོ་ཝི་ནི་པོ་དང་བོང་བུ་ཨི་ཡོར་གཉིས་ཕན་ཚུན་ལག་པ་གཏོང་རེས་བྱས་པའི་གཟུགས་བརྙན་གྱི་རྣམ་པ་གཏོད་ཡོད།

ཡང་སྲིད་འཛིན་ཞི་ཡིས་དར་དམར་བཙུགས་པའི་རང་ཉིད་ཀྱི་ཆེད་མངགས་འཇིབ་འཁོར་རིང་མོ་ཞིག་གི་ནང་ནས་ལུས་ཕྱེད་ཕྱིར་བཏོན་ཏེ་དམག་མིའི་རུ་སྒྲིག་ལ་ལྟ་ཞིབ་བྱེད་བཞིན་པ་དྲ་ལམ་སྟེང་དུ་དོམ་ཕྲུག་སེར་པོ་ཝི་ནི་པོ་ཡིས་རང་ཉིད་ཀྱི་རླངས་འཁོར་ལས་ལུས་ཕྱེད་ཕྱིར་བཏོན་ཏེ་སྐྱོད་བཞིན་པའི་འདྲ་པར་ཞིག་བཏོན་ཡོད།

རྒྱ་ནག་གི་དབུ་ཁྲིད་ལ་བསྟན་བཤིག་སློང་བའི་སྣང་ཚུལ་དེ་དག་ལ་རྒྱ་ནག་གི་དྲ་ལམ་ཞིབ་བཤེར་ལས་ཁུངས་ཀྱིས་བཟོད་སྒོམ་མི་ཐུབ་པ་ཙམ་མ་ཡིན་པར། གཅེས་པར་འོས་པའི་བྱིས་སྒྲུང་ནང་གི་གཟུགས་བརྙན་དེ་ནི་དྲ་ལམ་སྟེང་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེར་གོ་བའི་མིང་འདོག་ཅིག་ཏུ་འགྱུར་བཞིན་པ་དེ་བས་ཀྱང་མཐོང་འདོད་མེད།

རྒྱལ་ཁབ་གཞན་དག་ནང་མཚུངས་བསྡུར་གྱི་རྣམ་པ་དེ་དག་ལ་གནོད་སྐྱོན་གྱི་རང་བཞིན་ཞིག་ཏུ་བལྟ་མི་སྲིད་ལ། འགའ་ཞིག་གིས་ནི་དོམ་ཕྲུག་སེར་པོ་ཝིན་ནི་པོ་རང་ཉིད་ཀྱི་མཚོན་རྟགས་སུ་ཡོད་པ་ནི་དགའ་འོས་པ་དང་བཀྲ་ཤིས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱང་སྲིད་མོད། འོན་ཀྱང་རྒྱ་ནག་ཏུ་དེ་ལྟ་མིན།

རྒྱ་ནག་ཏུ་སྲིད་འཛིན་ནི་སྐུ་ཞབས་སྒམ་པོ་རེད། ཁོང་གིས་དུས་ནམ་ཡང་བྱབ་ཆུང་གི་བྱ་བ་མི་བྱེད་ལ། ཁོང་གི་རྒྱུད་ལ་ཡ་མཚན་དང་རྒྱུན་ལྡན་མ་ཡིན་པའི་གྲུབ་ཆ་གང་ཡང་མེད། ཁོང་གིས་ནོར་འཁྲུལ་རིགས་བཟོ་མི་སྲིད་པས། དེ་ནི་ཁོང་མང་ཚོགས་ཀྱི་སྟེང་དུ་གནས་དགོས་དོན་དང་། ཁོང་གི་མི་གཤིས་ལ་དོགས་འདྲི་མི་ཆོག་པའི་རྒྱུ་མཚན་རེད།

རྒྱ་ནག་གི་སྲིད་འཛིན་སྔ་མ་ཧུའུ་ཅིན་ཐའོ་ཡི་འབོད་ཚིག་ནི་ “འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན།” ཞེས་པ་དང་རྒྱ་སྐད་དུ་ཧཱ་ཞེ་ 和谐ཞེས་པ་དེ་ཡིན། དྲ་རྒྱའི་ཟིན་བདག་ཚོས་དྲ་ལམ་དུ་ཞིབ་བཤེར་བཀག་སྡོམ་བྱེད་པ་ལ་ “འཆམ་མཐུན་བཟོ་བ”- པེ་ཧཱ་ཞེ་ལཱ་ 被和谐了 ཞེས་འབོད་མགོ་བཙུགས་ཡོད། དེ་ནའང་རྒྱ་ཡིག་གི་སྒྲ་གདངས་ལ་འགྱུར་བ་གཏོང་བའམ། ཡང་ན་ཡིག་འབྲུར་འགྱུར་བ་བཏང་ཚེ་ཁྱེད་ཀྱིས་དེའི་གོ་དོན་ལ་འགྱུར་བ་གཏོང་ཐུབ། དེ་ལྟར་ཧཱ་ཞེ་ཡི་དོན་གཞན་ཞིག་ནི་གཙང་པོའི་སྡིག་སྲིན་ 河蟹ཡིན། ཚིག་གཞན་ནས་སྨོས་ན་ཁྱེད་ཀྱིས་རྒྱ་ནག་གི་དྲ་རྒྱའི་སྟེང་དུ་གཙང་པོའི་སྡིག་སྲིན་གྱི་གཟུགས་བརྙན་ཞིག་མཐོང་ཚེ་དེ་ནི་ཕལ་ཆེར་བྱ་དངོས་ག་གེ་མོ་ཞིག་ལ་ཞིབ་བཤེར་བཀག་སྡོམ་བྱས་ཡོད་པའི་བསྟན་དོན་ཞིག་ཡིན་སྲིད།

ཡང་ཅཱང་ཛེ་མིན་རྒྱ་ནག་གི་གཙོ་འཛིན་ཡིན་པའི་སྐབས་སུ་མཚོན་བྱེད་གསུམ་ (སཱང་ཀཱ་ཏེའེ་སྦེའོ་)三个代表ཞེས་པ་ནི་ཁོའི་ཆབ་སྲིད་ལྟ་གྲུབ་ཡིན། ཁྱེད་ཀྱིས་རྒྱ་ཡིག་གི་ཚིག་དེ་རྣམས་ཀྱི་གོ་རིམ་ཅུང་ཟད་ཅིག་དཀྲུགས་ཚེ་དེ་ནི་ (ཏེའེ་སཱང་ཀཱ་སྦེའོ་)带三个表འམ་ཆུ་ཚོད་གསུམ་གྱོན་པ་ཞེས་པར་འགྱུར་འགྲོ། དེ་ལྟར་ཆུ་ཚོད་གསུམ་གྱོན་པ་ཞེས་པ་ནི་རང་ཉིད་ཀྱིས་”རྒྱ་ནག་གི་ཁྱད་ཆོས་ལྡན་པའི་”རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ལ་ལེགས་སྐྱེས་འབུལ་བ་ཡིན་ཞེས་མ་རངས་པ་དང་གུས་ལུགས་མེད་པའི་སྒོ་ནས་འབོད་ཚུལ་གྱི་རྣམ་པ་ཞིག་ཆགས་ཡོད།

དེ་ལྟར་ནའང་རྒྱ་ནག་གི་ཞིབ་བཤེར་བཀག་སྡོམ་ལས་བདེ་བླག་ངང་ཐར་བ་བྱེད་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་མིན། དཔེར་མཚོན་ཞིག་ཞུས་ན། ཉེ་ལམ་རྒྱ་ནག་གི་བཀག་ཉར་འོག་འདས་གྲོངས་སུ་ཕྱིན་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོན་མཁན་དང་རྒྱ་ནག་གཞུང་གི་ལྟ་བའི་འགལ་ཟླར་ལངས་མཁན་གྱི་ཕྱོགས་འགལ་བ་ཨང་དང་པོ་ལིའུ་ཞོ་པོ་ཐ་ན་འཇིག་རྟེན་འདིར་གནས་ཡོད་མེད་ཀྱང་མང་ཚོགས་སྤྱི་ཡོངས་ཀྱིས་ཧ་མ་གོ་བ་བཟོ་རྒྱུའི་ཐད་རྒྱ་ནག་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། རྒྱ་ནག་གི་སྤྱི་འབངས་མང་ཆེ་བས་ཁོང་གི་མཚན་ཙམ་ཡང་ཐོས་མྱོང་མེད། གལ་སྲིད་ཁྱེད་རང་རྒྱ་ནག་ཏུ་ཡོད་ཚེ་ཁྱེད་ཀྱིས་འདི་གའི་ཞིབ་བཤེར་བཀག་སྡོམ་ལམ་ལུགས་ལ་ཚོད་བགམ་ཞིག་བྱེད་ཐུབ།

རྒྱ་ནག་ཏུ་མི་ཚང་མས་ཝི་ཤིན་སྐད་འཕྲིན་བེད་སྤྱོད་བྱེད་ཀྱིན་ཡོད། ངས་ཟེར་ན་མི་ཚང་མས་གང་ལ་གང་འཚམ་ཞིག་བེད་སྤྱོད་བྱེད་ཀྱི་ཡོད། ཁྱེད་རང་ལག་ཐོགས་ཁ་པར་ནང་སྐད་འཕྲིན་ཡོད་པའི་གྲོགས་པོ་ཞིག་གི་འགྲམ་དུ་བསྡད་དེ་ “ལིའུ་ཞའོ་པོ་”ཡི་མིང་འཁོད་པའི་འཕྲིན་ཐུང་ཞིག་བསྐུར་ཐབས་བྱོས་དང་། ཁྱེད་རང་གི་ཁ་པར་སྟེང་འཕྲིན་ཐུང་དེ་བསྐུར་ཟིན་པ་ལྟ་བུར་མངོན་ནའང་ཁྱེད་རང་གི་གྲོགས་པོར་ཡི་གེ་དེ་འབྱོར་གྱི་མེད།

རྒྱ་ནག་གི་དབང་འཛིན་པ་ཚོས་བཀག་སྡོམ་གྱི་བྱ་ཐབས་སྣ་ཚོགས་བརྒྱུད་དེ། ཚིག་གམ་ཡང་ན་ཚིག་ཚོགས་ངེས་ཅན་ཞིག་ལ་རྟགས་བརྒྱབ་ནས་བརྗོད་གཞི་ཞིག་ལ་བགྲོ་གླེང་བྱེད་རྒྱུར་བཀག་འགོག་བྱེད་ཀྱིན་ཡོད། སྐད་འཕྲིན་ནི་སྒེར་གྱིས་གཉེར་བའི་ཁེ་ལས་ཤིག་ཡིན་ཡང་། རྒྱ་ནག་གི་འཕྲུལ་ལས་ཚོགས་པ་ཁག་གིས་ངེས་པར་དུ་དམར་ཤོག་ཚོགས་པའི་ལངས་ཕྱོགས་དང་མཐུན་པར་གོམ་པ་སྤོ་དགོས་ཀྱི་ཡོད།

དོན་དངོས་ཐོག་རྒྱ་ནག་གི་དབང་འཛིན་པ་ཚོས་དེ་སྔ་ནས་དོམ་ཕྲུག་སེར་པོ་ཝི་ནི་པོ་ལ་མི་དགའ་བའི་རྣམ་རྟོག་ཅིག་བྱུང་ཡོད་ལ། ད་ལམ་བསྐྱར་དུ་དྲ་ཐོག་ཏུ་དོམ་ཕྲུག་སེར་པོར་དམ་དྲག་བྱེད་དགོས་དོན་ནི། འདི་ལོའི་སྟོན་ཁར་དམར་ཤོག་ཚོགས་པའི་ལྷན་ཚོགས་བསྐོང་ཚོགས་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་པས་རེད།

ལྷན་ཚོགས་དེ་ནི་ལོ་ལྔ་རེའི་མཚམས་སུ་སྐོང་ཚོགས་བྱེད་བཞིན་ཡོད། སྐབས་དེར་གནད་དོན་མང་དག་ཅིག་གི་ཁྲོད་ནས་དབུས་ཆབ་སྲིད་ཅུད་ཀྱི་ཚོགས་མི་གསར་པ་བསྐོ་བཞག་ཀྱང་བྱེད་ཀྱིན་ཡོད། ད་ལྟའི་ཆར་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཀྱི་རྩེ་མོར་གནས་ཡོད་པའི་ཆབ་སྲིད་ཅུད་ནང་ཚོགས་མི་བདུན་ཡོད།

ལྷན་ཚོགས་དེ་ནི་ཞི་ཅིན་ཕིན་གྱི་ལས་ཁུར་གྱི་དུས་ཡུན་གཉིས་པ་མགོ་འཛུགས་རྒྱུའི་དུས་མཚམས་ཤིག་ཆགས་ཡོད་ཅིང་། ཁོས་ལྷན་ཚོགས་དེར་རང་ཉིད་ལ་ཉེན་ཚབས་སུ་མཐོང་བའི་ཁ་གཏད་རྣམས་ཕྱིར་འཕུད་དང་། རང་ཉིད་ཀྱི་ཕྱོགས་གཏོགས་རྣམས་གནས་རིམ་གོང་མཐོར་བཏང་སྟེ། རང་ཉིད་ཀྱི་དབང་ཆ་བརྟན་སྲུང་བྱེད་པའི་གོ་སྐབས་ཤིག་ཏུ་བཀོལ་སྤྱོད་བྱེད་ངེས་རེད།

རྒྱ་ནག་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་གྱིས་སྲིད་དབང་ཐེངས་གཉིས་སྐྱོང་བའི་ལམ་ལུགས་ཤིག་ཏུ་འཕོ་འགྱུར་བྱུང་ཡོད་པར་བསམས་ཡོད་མོད། འོན་ཀྱང་དེ་ནི་ཉེ་འཆར་བྱུང་བའི་ལམ་སྲོལ་ཙམ་ཞིག་ཡིན་པ་ལས་སྒྲིག་གཞི་ཞིག་མ་རེད། དེར་བརྟེན། སྲིད་འཛིན་ཞི་ཡི་གཞི་རྒྱ་ཆེ་བའི་ལྐོག་ཟ་རུལ་སུངས་ལ་རྒོལ་བའི་དྲག་གནོན་གྱི་རྐྱེན་པས་དམར་ཤོག་ཚོགས་པའི་ནང་དུ་དགྲ་མང་དག་ཅིག་བསགས་ཡོད་སྟབས། ཁོས་རྗེས་ཀྱི་ལོ་ལྔའི་ལས་ཁུར་དུས་ཡུན་རྫོགས་རྗེས། སྲིད་དབང་བློས་གཏོང་ཕོད་མིན་ཐད་སྐྱེ་བོ་མང་དག་ཅིག་གིས་དྲི་བ་འདོན་བཞིན་ཡོད།

ཁོས་རང་ཉིད་མུ་མཐུད་དེ་གནས་ཐུབ་ཐབས་སུ་རང་ཉིད་ལ་མཁོ་བའི་གཡོ་བ་མེད་པའི་ལྷག་བསམ་དང་ལ་ཞེན་ལ་གས་ཁ་མེད་པ་ཞིག་ངེས་པར་དུ་བཟོ་དགོས་བར་ཡིད་ཆེས་བཅོལ་ངེས་རེད། ཁོར་ཡུག་འདིའི་ནང་ཁོའི་བླ་ན་མེད་པའི་དབང་ཚད་ལ་ཐ་ན་ཆེས་ཅོལ་ཆུང་གི་དོགས་འདྲི་ཙམ་ཡང་བྱ་རྒྱུའི་གནས་མེད་པ་ལྟ་བུ་ཞིག་ཆགས་ཡོད།

མ་ཟིན་གྱི་དྲ་གནས་ཁ་བྱང་། http://www.bbc.com/news/blogs-china-blog-40627855

 

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese