མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོན་རྩ་བྱིས་པའི་དེབ་ཕྲེང་ ༤༠ དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༡༧/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་ལས་ཁུངས་ཀྱིས་བྱིས་པའི་ཀློག་རྩལ་ལས་གཞི་དང་འབྲེལ་བའི་<<སོན་རྩ་བྱིས་པའི་དེབ་ཕྲེང་>>ཞེས་པའི་པར་རིས་ཅན་གྱི་བྱིས་པའི་ཀློག་དེབ་ ༤༠ དཔར་སྐྲུན་དབུ་འབྱེད་གནང་སོང་ལ། ཀློག་དེབ་དེ་དག་གི་བརྗོད་གཞི་གཙོ་བོ་བོད་རང་གི་དུས་ཆེན་དང་ཟ་མ། སྲོག་ཆགས། འབྲེལ་ལམ། རྩེད་མོ་སོགས་གཞིར་བཟུང་སྟེ་རི་མོའི་ལམ་ནས་བྱིས་སྒྲུང་གི་རྣམ་པར་རྩོམ་སྒྲིག་བྱས་འདུག

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་། གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས། བྱིས་པའི་ཀློག་རྩལ་ལས་གཞི་དང་འབྲེལ་བའི་<<སོན་རྩ་བྱིས་པའི་དེབ་ཕྲེང་>>ཞེས་པའི་པར་རིས་ཅན་གྱི་བྱིས་པའི་ཀློག་དེབ་ ༤༠ དཔར་སྐྲུན་དབུ་འབྱེད་གནང་སོང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཕེབས་འདུག་ལ། གཞན། བྱིས་པའི་ཀློག་དེབ་རྩོམ་པ་པོ་དང་རི་མོ་བ། སམ་བྷོ་ཊ་དང་དྷ་སྟེང་བོད་ཁྱིམ་བཅས་ཀྱི་དགེ་ལས་ཁག་ཅིག་བཅས་ཕེབས་འདུག

ཤེས་ཡོན་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་ཀྱིས་ <<སོན་རྩ་བྱིས་པའི་དེབ་ཕྲེང་>> ངོ་སྤྲོད་གནང་སྐབས། ཤེས་རིག་ལས་ཁུངས་ཀྱིས་བོད་སློབ་ཁག་གི་ཤེས་ཡོན་ཡར་རྒྱས་གཏོང་བའི་ལས་གཞི་གལ་ཆེ་ཤོས་ཤིག་བྱིས་པའི་སྒྲུང་དེབ་འདོན་སྤེལ་བྱ་དེ་ཡིན་པ་དང་། དེའི་ནང་ནས་གལ་ཆེ་ཤོས་ཤིག་སོན་རྩ་བྱིས་པའི་དེབ་ཕྲེང་རྩོམ་སྒྲིག་ལས་གཞི་དེ་ཆགས་ཡོད་སྐོར། ང་ཚོའི་སྤྱི་ཚོགས་ནང་བྱིས་པའི་ཀློག་དེབ་བྲིས་ཏེ་དཔར་སྐྲུན་བྱེད་མཁན་དཀོན་པོ་ཆགས་ཡོད་ཀྱང་། ཤེས་རིག་ལས་ཁུངས་ངོས་ནས་རིམ་བཞིན་མི་སྣ་གསོ་སྐྱོང་བྱས་པ་དང་། དེའི་ནང་ནས་བྱིས་པའི་ཀློག་དེབ་འབྲི་ཐུབ་མཁན་འདེམས་སྒྲིག་བྱས་ཤིང་། དེ་ཚོར་བྱིས་པའི་ཀློག་དེབ་འབྲི་ཕྱོགས་ཀྱི་ཟབ་སྦྱོང་རིམ་པ་ལྔ་ཙམ་ཕུལ་བའི་ལམ་ནས་ད་ལན་སོན་རྩ་བྱིས་པའི་དེབ་ཕྲེང་ ༤༠ དཔར་སྐྲུན་འགྲེམས་སྤེལ་ཐུབ་པ་བྱུང་སྐོར་སོགས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ། སོན་རྩ་བྱིས་པའི་དེབ་ཕྲེང་རྩོམ་སྒྲིག་གི་འགན་འཁུར་མཁན་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་འཛན་འགན་ཀརྨ་སྨོན་ལམ་ལགས་དང་། ཕྱག་རོགས་ཀུན་དགའ་རྒྱལ་མཚན་ལགས། ངག་དབང་བསྟན་འཛིན་ལགས་བཅས་ཡིན་པ་དང་། སྤྱི་ཁྱབ་ལམ་སྟོན་པ་རྒྱ་གར་གྱི་མཁས་དབང་ཀ་རེ་ཤཱ་ན་ཀུ་མཱར་ (Prof. Krishna Kumr) དང་། ལ་ཏི་ཊེ་ཀ་གྷབ་ཊ་ (Dr. Latika Gupta) ལགས་གཉིས་ཡིན་པ་དང་། བྱིས་པའི་ཀློག་དེབ་རྩོམ་སྒྲིག་ལས་གཞི་ཡོངས་རྫོགས་གྲུབ་རྗེས། ཤེས་རིག་བསྐྱར་ཞིབ་ཚོགས་ཆུང་གི་ཀརྨ་སྨོན་ལམ་ལགས་དང་ཀུན་དགའ་རྒྱལ་མཚན་ལགས། བསམ་གྲུབ། ཚེ་རིང་ལྷ་མོ་བཅས་ཀྱིས་བསྐྱར་ཞིབ་གནང་བ་དང་། མཐའ་མར་རྒྱ་གར་གྱི་མཁས་དབང་ཀ་རེ་ཤཱ་ན་ཀུ་མཱར་ལགས་དང་། ཝར་ན་མཐོ་རིམ་སློབ་གཉེར་ཁང་གི་དགེ་བཤེས་ངག་དབང་བསམ་གཏན་མཆོག མཁས་དབང་ཨ་ཤོ་ཀ་ཝ་ཇེ་ཕི་ཡ་ (Ashok Vajpeyi)། མཁས་དབང་ཨ་པོར་ཝ་ནན་ (Apporvanand) སོགས་ལ་སྤྱན་འབུལ་ཞུས་རྗེས། བྱིས་པའི་པར་རིས་སྒྲུང་དེབ་ནང་ཚིག་སྦྱོར་དང་དག་བཅོས་སོགས་ཝར་ན་མཐོ་སློབ་ཀྱི་དགེ་བཤེས་ངག་དབང་བསམ་གཏན་མཆོག་དང་། ལྷག་པ་ཚེ་རིང་ལགས། བཀྲ་ཤིས་ཚེ་རིང་ལགས་སོགས་ཀྱིས་གནང་ཡོད་པ་དང་། རིམ་པ་དང་པོའི་ཀློག་དེབ་རྩོམ་པ་བོ། ངག་དབང་བསྟན་འཛིན། ཐེ་བོ་སངས་རྒྱས། འབྲུག་བསྟན་སྐྱིད། སྐལ་བཟང་དོན་གྲུབ། བློ་བཟང་བསྟན་རྒྱལ། ཚེ་རིང་ལྷ་མོ། སྐལ་བཟང་རྒྱལ་མཚོ། བསྟན་འཛིན་ཚེ་དབྱངས། ཐུབ་བསྟན། ཆོས་འཕེལ། ཆོས་གྲགས། བསྟན་འཛིན་ཆོས་མཚོ། ཨོ་རྒྱན་ཆོས་སྒྲོན་བཅས་དང་། རི་མོ་བ། ངག་དབང་རྡོ་རྗེ། ཐུབ་བསྟན་སངས་རྒྱས། བསྟན་འཛིན་བསྟན་དར། དོན་གྲུབ་པ་སངས། ནོར་བུ་དགྲ་འདུལ་ཅེས་སོགས་ཡིན་སྐོར་སོགས་ངོ་སྤྲོད་གནང་བྱུང་།

ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས། སློབ་གྲྭ་ཁག་ནང་ཤེས་ཡོན་ཡག་པོ་མ་བྱུང་བའི་བཀའ་གནད་དང་སྐྱོན་ཆ་དེ་གང་ནས་ཡོང་གི་ཡོད་མེད་ང་ཚོས་སྔོན་ལ་ཉམས་ཞིབ་ཅིག་བྱས་ན་ཞེས་བཀའ་སྡུར་བྱུང་བ་དང་། དེ་ཡག་པོ་འདུག་ཅེས་དེང་སང་གི་ཉམས་ཞིབ་ཐབས་ལམ་གྱི་ཐོག་ནས། གྲངས་བསྡུར་བ་དང་སྤུས་ཚད་བསྡུར་བའི་ཞིབ་འཇུག་བྱས་ན་ཡག་པོ་ཡོད་སྟབས། སྐལ་བཟང་དབང་འདུས་ལགས་བོད་ཁྱིམ་སློབ་གྲྭ་ཁ་ཤས་དང་མ་སི་རི་སློབ་གྲྭ་ཁ་ཤས། དེ་བཞིན། སམ་བྷོ་ཊ་སློབ་གྲྭ་ཁ་ཤས་བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭ་ཁག་བཅས་ལ་ཕེབས་ནས་ཞིབ་མཇུག་བྱས་དོན་ལྟར། ཁོང་གིས་ཞིབ་མཇུག་བྱས་པའི་གྲུབ་དོན་ལ་སློབ་གྲྭ་ཁག་ཏུ་ན་ཚ་ལྟ་བུ་འདི་འདུག་དེ་འདུག་ཅེས་བཤད་པ་རེད། ན་ཚ་ཡོད་པ་བཞིན་ནད་པ་སྨན་པར་བསྟེན་དགོས་སྟབས། དེ་དག་ལ་ག་རེ་བྱས་ན་ཡག་གི་རེད་ཅེས། རྒྱལ་སྤྱི་རང་བཞིན་ལྡན་པའི་མཁས་པའི་ཚོགས་འདུ་ཞིག་ཉིན་གཉིས་རིང་ཚོགས་པ་རེད། སྐབས་དེར་ང་ཚོས་ལམ་སང་ལག་ལེན་བསྟར་ཐུབ་པའི་ལམ་སྟོན་ག་རེ་གནང་བ་རེད་ཅེས་ན། གཞི་རིམ་འོག་མའི་ཤེས་ཡོན་དོ་སྣང་ཡར་རྒྱས་གཏོང་དགོས་པ་དང་དགེ་རྒན་གྱི་སྤུས་ཚད་ཡར་རྒྱས་གཏོང་དགོས་པར་སྐུལ་བ་རེད། གཞི་རིམ་འོག་མའི་ཤེས་ཡོན་སྐོར་ལ་དོ་སྣང་གནང་དགོས་འདུག་ཅེས་པའི་ཁྲོད་དུ། དེ་རིང་དབུ་འབྱེད་གནང་བའི་སོན་རྩ་བྱིས་པའི་དེབ་ཕྲེང་འདི་ཆ་ཤས་ཤིག་ཆགས་ཡོད་པ་རེད། ང་ཚོས་གཞི་རིམ་འོག་མའི་ཤེས་ཚད་ཡར་རྒྱུས་གཏོང་རྒྱུར་ཀློག་རྩལ་ལ་དོ་སྣང་གནང་སྟེ། འཛིན་གྲྭ་སོ་སོའི་ནང་དུ་དཔེ་མཛོད་ཁང་ཆུ་ཆུང་དེ་འདྲ་བཙུགས་པ་རེད། དེ་བཞིན། དགེ་རྒན་རྣམས་པ་ཚོ་ལ་བྱིས་པ་རང་གི་ཆེད་དུ་ཟབ་སྦྱོང་སྤྲོད་པ་དང་སློབ་གྲྭ་ཁག་ནང་གི་དཔེ་མཛོད་འགན་འཛིན་ཚོས་འགན་ག་འདྲ་ཞིག་འཁུར་དགོས་མིན་ཐད་དང་། ཕ་མ་རྣམས་ལ་ཟབ་སྦྱོང་སོགས་སྤྲོད་པ་སོགས་ལེའུ་ཚན་ ༥ ལ་ཤུགས་བརྒྱབ་པ་ཡིན། ཞེས་གསུངས་སོང་།

གསར་འགོད་པས་ཡིག་སྒྱུར་གྱི་ལམ་ནས་བྱིས་པའི་ཀློག་དེབ་མང་པོ་ཞིག་བཟོ་བཞིན་ཡོད་པ་ད་ལྟ་ག་རེ་ཆགས་ཡོད་མེད་དྲིས་པར། ཤེས་ཡོན་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་ཀྱིས། ང་ཚོ་ཤེས་རིག་ལས་ཁུངས་ངོས་ནས་ ༢༠༡༢ ལོ་ནས་བྱིས་པའི་ཀློག་རྩལ་སྒང་ལ་ཤུགས་སྐྱོན་བཞིན་པ་ལྟར། ང་ཚོས་དེབ་ ༣༠ དཔར་སྐྲུན་བྱ་རྒྱུའི་ལས་འཆར་ཡོད་པ་ལྟར། དེ་དག་གི་ནང་ནས་དེབ་ ༡༨ དཔར་སྐྲུན་ཟིན་ཏེ་སྐོབ་གྲྭ་ཁག་ནང་འགྲེམས་སྤེལ་བྱས་ཟིན། དེ་ལ་ང་ཚོས་དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་མ་རེད། ཡིན་ན་ཡང་། ང་ཚོའི་དྲ་རྒྱའི་སྒང་ནས་ལྟ་ཐུབ་ཀྱི་ཡོད་པ་རེད། ད་ལྟ་ང་ཚོར་བྱིས་པའི་དཔེ་དེབ་ ༡༢ དཔར་སྐྲུན་བྱ་རྒྱུ་ལྷག་བསྡད་ཡོད། ང་ཚོས་ལོ་གཅིག་གི་ནང་ལ་དེབ་བཅུ་ནས་བཅོ་ལྔ་བསྒྱུར་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། ད་ལྟ་ང་ཚོའི་སློབ་སྟོན་པ་ཀ་རེ་ཤཱ་ན་ཀུ་མཱར་ལགས་ཡིན་སྟབས་ཁོང་ལ་བཀའ་འདྲི་ཞུས་ཏེ། བྱིས་པའི་དེབ་ག་འདྲ་ཞིག་རྩོམ་སྒྲིག་དགོས་པ་དང་། ག་རེ་བསྒྱུར་དགོས་མིན་སོགས་ཀྱི་ཐོ་གཞུང་གང་འཚམ་ཞིག་བླངས་ཟིན། ཞེས་བརྗོད་སོང་།

གསར་འགོད་པས་བསྐྱར་དུ་སྔོན་ཆད་ང་ཚོར་བྱིས་པའི་ཀློག་དེབ་མེད་པའི་དཀའ་ངལ་ཡོང་གི་ཡོད། ད་ལྟའི་ཆར་ཀློག་དེབ་ཡོད་ན་ཡང་མང་ཆེ་བ་དམའ་རིམ་ཀློག་དེབ་རྐྱང་ཆགས་ཡོང་གི་འདུག དེའི་སྐོར་ལ་དགོངས་ཚུལ་ག་རེ་ཡོད་མེད་དྲིས་པར་ཚེ་རིང་བསམ་འགྲུབ་ལགས་ཀྱིས། ད་ལྟ་ཤེས་རིག་ལས་ཁུངས་ངོས་ནས་ཕ་ཡུལ་ཤེས་བྱའི་བང་མཛོད་འདོན་བཞིན་ཡོད་པ་རེད། དེ་ལ་ང་ཚོས་ལོ་གཅིག་ལ་དེབ་ལྔ་འདོན་གྱི་ཡོད་པ་ལྟར། དེབ་དེ་དག་འཛིན་གྲྭ་དྲུག་པ་ཡན་གྱི་གནས་ཚད་ནས་འདོན་གྱི་ཡོད། ཅེས་བརྗོད་སོང་།

<<སོན་རྩ་བྱིས་པའི་དེབ་ཕྲེང་>>ཞེས་པའི་བྱིས་པའི་ཀློག་དེབ་ ༤༠ དེ་དག་རེ་རེར་ཤོག་ངེས་ ༡༧ རེ་དང་། རི་མོའི་ལམ་ནས་བྱིས་སྒྲུང་གི་རྣམ་པར་རྩོམ་སྒྲིག་བྱས་ཡོད་པ་དང་། ཀློག་དེབ་དེ་དག་གི་བརྗོད་གཞི་གཙོ་བོ་བོད་རང་གི་དུས་ཆེན་ཁག་དང་། ཟ་མ། སྲོག་ཆགས། འབྲེལ་ལམ། རྩེད་མོ་བཅས་ཀྱི་སྐོར་ཡིན་པ་དང་། བརྗོད་གཞི་དེ་དག་རིམ་པ་བཞིར་བགོས་ཏེ། རིམ་པ་དང་པོའི་ནང་། སྟོན་པའི་འཁྲུངས་སྐར་དང་། མཆོད་མེ། མོག་མོག་བརླགས་པྲབྱིའུ་ཆུང་ཆུང་། གཡག ཨ་མའི་ཀུ་ཤུ ཁྱི་སེང་ཕྲུག ཤོག་བྱ་དམར་པོ། སྤོ་ལོ་འཁར་བ། རིམ་པ་གཉིས་པའི་ནང་། ཕྱུ་བ་ལྗང་ཁྲ་དང་། དགུ་ཐུག སྐྱོ་མ་ཞིམ་པོ། རྒྱ་ཐུག ཤོག་བྱ་དང་ཕྱེ་མ་ལེབ། ཕྱེ་མ་ལེབ་ཀྱི་པར་རྗེས། རྔན་པའི་ཤོག་སྒམ་སྟོང་པ། རྨོ་མོ་ལགས་ན་བ། ཨབ་རྡོ། གབ་རེས་ཡིབ་རེས། རིམ་པ་གསུམ་པའི་ནང་། འཁྲུངས་སྐར་དུས་ཆེན་དང་། འབྲས་སིལ། ཞོག་ཁོག་རྡོག་བཙོས། མོག་མོག ཕུག་རོན་བསྐྱབས་པ། མཚེའུའི་ནང་གི་ཉ། བུ་མོ་བདེ་སྐྱིད། སེང་ཕྲུག་ས་དོང་ནང་ལྷུང་བ། གཡག་རྩེད། ཐེབས་པད། རིམ་པ་བཞི་བའི་ནང་། གཞན་ལ་རོགས་རམ་བྱས་པ། མཆོད་མེ་ཁང་། ཞོག་ཁོག་ཁ་ཚ། ཕྱུར་བ་སྐམ་པོ། འབྲིའི་བེའུ། ལུ་གུ་ལོ་ལོ། ཕྲེང་བ་འཚོལ་བ། སྲུ་མོ་ལགས་ཀྱི་ཆང་ས། བྱེ་མའི་ཁང་པ། ཨ་ལད་པད་ཀོ་སོགས་རྩོམ་སྒྲིག་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 9 སྔོན།

    གསར་གཏོད་སོན་ཙ་བྱིས་པའི་ཀློག་དེབ་རྒྱུད་།
    མ་འོངས་བོད་ཀྱི་སོན་ཙའི་ཤེས་སྤྱོད་སོགས་།
    ཡར་ངོའི་ཟླ་ལྟར་ཡར་རྒྱས་གོང་འཕེལ་ནས་།
    བོད་མིའི་མངོན་འདོད་འགྲུབ་པའི་སྨོན་ལམ་ཞུ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese