མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་མཆོག་གི་གསལ་བཤད།

བོད་ཀྱི་དུས་བབ།
༢༠༡༧/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

འཛིན་སྐྱོང་བཀའ་ཤག་ནས་ཨ་རིའི་སྐུ་ཚབ་དོན་གཅོད་གསར་པ་བསྐོ་བཞག་གནང་ཡོད་པའི་གསལ་བསྒྲགས་དེའི་སྐོར་ལ་སྐུ་ཚབ་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་མཆོག་ནས་གསལ་བཤད་ཅིག་གནང་འདུག

ཁ་སང་ཕྱི་ཚེས་ ༧ ཉིན་བཀའ་ཤག་ནས་ཨ་རིའི་སྐུ་ཚབ་དོན་གཅོད་གསར་པ་བསྐོ་བཞག་བྱུང་ཡོད་པའི་གསལ་བསྒྲགས་གནང་རྗེས། སྤྱི་ཚོགས་ནང་གློ་བུར་དུ་དོན་གཅོད་འཕོ་འགྱུར་གཏོང་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་ལ་གླེང་སློང་སྣ་ཚོགས་འབྱུང་བཞིན་ཡོད་པ་དང་།  སྐུ་ཚབ་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་མཆོག་ནས་ཟླ་འདིའི་ཕྱི་ཚེས་ ༦ ཉིན་བཀའ་ཤག་ནས་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ལས་མཚམས་འཇོག་དགོས་པའི་བཀའ་ཡིག་འབྱོར་ཡོད་སྐོར་དང་། འདས་པའི་ལོ་གཅིག་དང་ཟླ་གཉིས་ལྷག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་གནང་སྟེ་ཕྱག་ལས་གཙོ་བོ་ག་རེ་གནང་ཡོད་པའི་སྐོར་སོགས་ངོ་སྤྲོད་གསལ་བཤད་གནང་འདུག

ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲིར་བཀའ་ལན་གནང་སྐབས། ཨ་རིའི་སྐུ་ཚབ་དོན་གཅོད་ལ་འགྱུར་བ་གཏོང་མིན་གྱི་དབང་ཆ་འཛིན་སྐྱོང་བཀའ་ཤག་ལ་ཡོད་སྟབས། བཀའ་ཤག་གི་ཐག་གཅོད་ག་རེ་གནང་པ་དེ་བཞིན་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ང་རང་གི་བསམ་ཚུལ་དེ་ཐོག་མར་ཕྲུ་གུ་མང་བའི་ཁྱིམ་ཚང་ཞིག་ནས་ཡོང་སྟེ། ལོ་ངོ་ ༢༠ རིང་བོད་མི་མང་སྤྱི་འཐུས་ནང་འགན་འཁུར་ཡོད་ལ། ལོ་ངོ་བདུན་དང་ཕྱེད་ཀའི་རིང་བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་མཉམ་ཞིབ་ཁང་དུ་ལས་ཀ་བྱས་ཏེ་ད་ལྟ་ང་རང་དངོས་གནས་དྲང་གནས་གང་ཡིན་པ་དེ་ཆགས་པའི་མིང་གཞི་གཏིང་བའི་གོ་སྐབས་བྱུང་བ་དང་། ལྷག་པར་དུ་ང་ཚོའི་སྤྱི་ཚོགས་ནང་རླབས་ཆེ་བའི་མི་སྣ་ཟམ་གདོང་རིན་པོ་ཆེ་མཆོག་ལྟ་བུའི་འོག་ཞབས་ཞུ་སྒྲུབ་རྒྱུའིི་གོ་སྐབས་ཐོབ་པ་དང་། ལོ་བདུན་དང་ཕྱེད་ཀའི་རིང་སྤྱི་འཐུས་ཚོགས་གཙོའི་འགན་འཁུར་ཏེ་ཞབས་ཞུ་སྒྲུབ་པའི་གོ་སྐབས་བྱུང་བ་དེ་ཚོ་ཚང་མ་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཤ་སྟག་རེད། དེ་ནས་སྐུ་ཚབ་དོན་གཅོད་བྱས་ནས་ལོ་གཅིག་དང་ཟླ་བ་གཉིས་ཙམ་མ་གཏོགས་འགྲོ་ཡི་ཡོད་པ་མ་རེད། ད་ལྟའི་བར་དུ་བྱང་ཨ་རིའི་ནང་ང་ནས་རྩིས་པའི་དོན་གཅོད་ ༡༠ བྱུང་ཡོད་པ་དང་། དེའི་ནང་ནས་དུས་ཡུན་ཐུང་ཤོས་དེ་ང་ཆགས་ཡོད་དུས། དུས་ཡུན་ཐུང་ཐུང་འདིའི་ནང་ངས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་གྲུབ་འབྲས་ག་རེ་ཐོན་ཐུབ་ཡོད་མེད་ལ་བསམ་བློ་གཏོང་དགོས་པའི་གནས་སྟངས་ཤིག་ཆགས་ཡོང་གི་འདུག ཕྱོགས་གཞན་ཞིག་ནས་ད་ལྟ་ང་ལ་ཉིན་གྲངས་ ༢༢ ཀྱི་དུས་ཚོད་ལས་མེད་དུས། དེའི་རིང་ལ་དོན་གཅོད་གསར་པར་རྩིས་སྤྲོད་རྩིས་ལེན་གྱི་ཡིག་ཆ་སོགས་གྲྭ་སྒྲིག་བྱ་དགོས་ཡོད་པ་རེད། བཀའ་ཤག་གི་ཐག་གཅོད་ལེན་དགོས་པ་དེ་བོད་བསྟན་སྲིད་མི་རིགས་ཀྱི་ཁེ་ཕན་ཆེད་གནང་ཡོད་རྒྱུ་རེད་ལ། ང་རང་སྒེར་ལྟ་བུར་ཆ་བཞག་ན་མི་གཅིག་གི་གནས་སྟངས་དེ་གལ་ཆེན་པོ་མ་རེད། སྒྲིག་འཛུགས་དང་འཐབ་རྩོད་གལ་ཆེན་པོ་རེད། དེར་བརྟེན། བཀའ་ཤག་གི་སྤྱི་མོས་ཐག་གཅོད་གནང་ཡོད་གསུངས་དུས་གནད་དོན་གལ་ཆེན་དེ་ཚོའི་ཐོག་དགོངས་པ་བཞེས་ཡོད་པར་དྲན་ཡོད། ང་ལ་བཀའ་ཤག་གི་ཡི་གེ་དེ་ཕྱི་ཚེས་ ༦ ཉིན་འབྱོར་སོང་བ་དང་། ཕྱི་ཚེས་ ༧ཉིན་བརྒྱུད་ལམ་ཁག་ཏུ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ལགས་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱས་ཡོད་པའི་གནས་ཚུལ་དེ་གོ་ཐོས་བྱུང་སོང་།

གནས་ཚུལ་དེ་སྤྱི་ཚོགས་བརྒྱུད་ལམ་མང་པོའི་ནང་བྲིན་རྒྱུགས་བྱེད་བཞིན་ཡོད་དུས། མདང་དགོང་ཨ་རིའི་ཆུ་ཚོད་ ༡༡ ཡས་མས་སུ་མིི་མང་པོ་ཞིག་གིས། ཁྱེད་ཀྱིས་ནོར་འཁྲུལ་འདྲ་བཟོས་པ་མིན་ནམ་ཞེས་འདྲི་མཁན་མང་པོ་འདུག དེར་བརྟེན། ངས་གསལ་པོ་བྱས་ནས་ཞུ་རྒྱུར་ངས་ད་ལྟའི་བར་ལས་ཀ་ག་རེ་བྱས་བཞག་པ་ཚང་མ་དྲང་པོ་དྲང་བཞག་དང་ཁ་རི་ཁ་ཐུག་ཡིན། གལ་སྲིད་མ་འགྲིག་མ་དག་པ་དེ་འདྲ་བྱུང་སྐབས་གོང་རིམ་ལ་ཡིན་ཡང་ཁ་ཐུག་ཞུ་ཡི་ཡོད་སྟབས། གནས་སྟངས་དེ་འདྲའི་ཐོག་ནས་ཐུགས་མ་མཉེས་པ་དེ་འདྲ་བྱུང་ཡོད་ན་མི་ཤེས་མ་གཏོགས་གཞན་པ་ངས་ནོར་འཁྲུལ་བྱས་བཞག་པ་དེ་འདྲ་གང་ཡང་མེད། ངས་ད་ལྟའི་བར་དུ་ལས་ཀ་རང་ལ་བརྩོན་ནས་བསྡད་པ་ཡིན་ལ། གལ་སྲིད་གནས་ཚུལ་དེ་འདྲ་ཡི་རྐྱེན་པས་ཐུགས་དོགས་གནང་མཁན་ཡོད་པ་ཡིན་ན་ཐུགས་དོགས་མ་གནང་རོགས་ཞུ་ཡ་ཡིན། སྤྱི་ཚོགས་ནང་སྐད་ཆ་ཡང་འདྲ་མིན་ཞིག་འགྲོ་ཡི་ཡོད་པ་འདྲ། འདི་ལོའི་ཕྱི་ཟླ་ ༦ པའི་ནང་༧གོང་ས་མཆོག་མཱི་ནེ་སོ་ཊའི་ནང་ཆིབས་གནང་སྐབས། ང་ལ་བཀའ་སྐྱོན་མང་པོ་ཕོག་ཡོད་རེད་ཟེར་མཁན་དང་། ཡང་ཕྱི་ཟླ་ལྔ་བའི་ནང་ནིན་སི་པོལ་སི་གཙོས་པའི་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དྷ་སར་སྐུ་བཅར་ཞུས་སྐབས་ང་ལ་བཀའ་སྐྱོན་མང་པོ་ཕོག་ཡོད་པ་རེད་ལབ་མཁན། དེ་བཞིན། ཉེ་ཆར་ཕྱི་ཟླ་ ༡༠པའི་ཚེས་ ༡༣ ཉིན་ངས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་ཡིན་ལ། དེའི་སྐབས་སུའང་ང་ལ་བཀའ་སྐྱོན་གནང་བ་རེད་ཟེར་བ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་འགྲེམས་སྤེལ་བྱེད་བཞིན་ཡོད་ཀྱང་དེ་ཚོ་བདེན་པ་མ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཚོའི་ལས་དོན་རང་གི་སྐོར་དང་། སྙན་གསེང་ཞུས་པའི་སྐོར་ལ་བཀའ་སློབ་ལམ་སྟོན་གནང་བ་རེད་མ་གཏོགས་བཀའ་སྐྱོན་གནང་བ་དེ་འདྲ་བྱུང་མེད། དེར་བརྟེན། སྤྱི་ཚོགས་ནང་གནས་ཚུལ་དེ་འདྲའི་རིགས་འགྲོ་ཡི་ཡོད་པ་དཀྲོག་གཏམ་རེད།

ང་རང་བརྒྱུད་ལམ་ཁག་ཏུ་ཞུགས་ཐུབ་ཀྱི་མི་འདུག་སྟེ་ཁ་པར་བརྒྱུད་དེ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཡང་དཀྲོག་གཏམ་གཞན་པ་ཞིག་ལ་མི་མང་པོ་ཞིག་གིས་སྤེན་པ་ཚེ་རིང་དོན་གཅོད་ལས་གནས་ནས་མཚམས་འཇོག་བྱས་ཀྱང་། ཁོ་ལ་ལས་གནས་གཞན་པ་འདི་དང་དེ་སྤྲོད་ཀྱི་ཡོད་པ་རེད་ལབ་སྡོད་མཁན་འདུག་ཟེར། ད་ལྟ་ང་ལ་དངོས་སུ་ཁྱེད་རང་གི་ལས་གནས་འདི་འདྲ་ཞིག་འཁུར་དགོས་ཡོད་ཅེས་གསུངས་མཁན་གང་ཡང་བྱུང་མ་སོང་། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དགོངས་པ་གཏིང་ཟབ་པོ་ཞིག་བཞེས་ནས་འགྱུར་བ་འདི་བཏང་ཡོད་པའི་གནས་སྟངས་ཤིག་ལ་ངོས་འཛིན་ཞུས་ཡི་ཡོད། རྒྱུ་མཚན་ནི། དེ་ནི་ཁྱིམ་ཚང་གཅིག་གི་འགན་འཁུར་ནས་བཞུགས་བསྡད་ཡོད་མ་རེད་ལ།མི་སྒེར་གཅིག་གིས་སོ་སོའི་འཚོ་བ་སྐྱེལ་ཆེད་བཞུགས་བསྡད་ཡོད་པའང་མ་རེད། བོད་སྤྱི་པའི་རྩ་དོན་ཆེད་མི་མང་གིས་བདམས་ཏེ་བཞུགས་བསྡད་ཡོད་དུས་ཏན་ཏན་དགོངས་པ་གཏིང་ཟབ་པོ་བཞེས་ཡོད་རྒྱུ་རེད་དྲན་ཡོད།

ཁ་སང་གི་གནས་ཚུལ་དེ་ཐོན་པ་ནས་བཟུང་ངས་ཉེན་ཁ་གཅིག་ག་རེ་མཐོང་གི་འདུག་ཞུས་ན། ང་ལ་ཡི་གེ་བཏང་བཞག་པ་དེ་ཕྱི་བསྒྲགས་བྱུང་མེད་པ་དང་། སྐུ་ངོ་དངོས་གྲུབ་ལགས་དོན་གཅོད་གསར་པར་བསྐོ་བཞག་གནང་པ་དེ་གཅིག་པུ་ཕྱིར་ཐོན་ཡོང་དུས།  མི་མང་གི་བསམ་བློའི་ནང་དོགས་པ་དང་རྣམ་རྟོག་དེ་འདྲ་མང་པོ་ཞིག་ཡོང་བསྡད་ཡོད་པ་དང་། ང་ལ་ཁ་པར་འབྱོར་བའི་གནས་སྟངས་ལ་བསམ་བློ་བཏང་ན། དེ་སྔོན་འོས་བསྡུའི་ལས་རིམ་སྐབས་སུའང་ང་ཚོའི་སྤྱི་ཚོགས་དུམ་བུར་ཕྱིན་པ་ལྟར་ད་ལྟ་དེ་འདྲ་ཞིག་འབྱུང་མི་ཡོང་ངམ་བསམ་པའི་སེམས་འཚབ་སྐྱེས་ཡོང་གི་འདུག  ང་རང་ངོས་ནས་དམ་བཅའ་བརྟན་པོ་ཡིན། ང་ཚོའི་སྤྱི་ཚོགས་ནང་ནང་དཀྲུག་མི་ཐེབས་པ་དང་རྙོག་དྲ་མི་ཡོང་བ། དེ་བཞིན། ང་ཚོའི་སྤྱི་ཚོགས་འདི་ཁ་ཙམ་གྱི་རྡོག་རྩ་གཅིག་སྒྲིལ་མ་ཡིན་པར་དོན་དམ་པའི་ཐོག་ནས་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་སུ་འབད་བརྩོན་དངོས་ཤུགས་བརྒྱུད་གསུམ་ནས་ཞུ་དགོས་པ་གལ་ཆེན་པོ་བརྩི་ཡི་ཡོད་ལ།  དེ་ག་རང་མ་གཏོགས་ད་ལྟའི་གནས་ཚུལ་གྱི་རྐྱེན་པས་གནས་ཚུལ་འདི་ཤུགས་ཆེ་རུ་གཏོང་བ་དང་ངས་མ་འདོད་པའི་རྣམ་པ་སྟོན་པ་སོགས་རྩ་བ་ནས་སེམས་ནང་མེད། གལ་སྲིད་དེ་འདྲ་ཞིག་བྱས་པ་ཡིན་ན། དེས་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་པ་ཞིག་རྩ་བ་ནས་ཆགས་ཀྱི་མེད། དེར་བརྟེན་ཕྱོགས་གང་ནས་བལྟས་པ་ཡིན་ནའང་།  ང་ཚོ་ཚང་མས་དགོངས་པ་ཆེར་བཞེས་ཀྱིས་བོད་ཀྱི་རྩ་དོན་གཙོ་བོར་འཛིན་དགོས་པ་དང་གང་ཟག་དེ་གཉིས་པར་རྩིས་ཏེ་སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་བ་དང་། ཚིག་རྩུབ་པོ་དང་གཞི་མེད་སྐྱོན་བརྗོད་བྱེད་པ་སོགས་ཚང་མས་མ་གནང་བ་ཡིན་ན། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་མི་དཀྲུག་པར་ཁྱད་པར་ཞིག་བཟོ་ཐུབ་ཀྱི་རེད་བསམ་སྟབས། འདི་བརྒྱུད་ནས་འབོད་སྐུལ་ཞུ་རྒྱུའི་འདོད་པ་བྱུང་སོང་། ཞེས་གསུངས་སོང་།

ཡང་སྐུ་ཚབ་དོན་གཅོད་གནང་བའི་འདས་པའི་ལོ་གཅིག་ལྷག་ནང་ཕྱག་ལས་ག་རེ་གནང་ཟིན་ཡོད་པ་དང་མ་འོངས་པར་འཆར་གཞི་ག་རེ་བསྒྲིགས་ཡོད་པའི་སྐོར་ལ་ཁོང་གིས། ང་རང་ཐོག་མར་ཨ་རིའི་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་བྱས་སྐབས། ༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ཁ་གསལ་པོ་དེ་འདྲ་ཕེབས་གནང་ཡོད། གཅིག་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་གཉིས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱི་མིང་ཐོག་ནས་ལས་ཀ་བྱ་དགོས་ཡོད་དུས། ཨ་རི་དང་ཁེ་ན་ཌའི་ཆབ་སྲིད་མི་སྣ་དང་འབྲེལ་བ་བྱ་རྒྱུ་དེ་གལ་ཆེ་ཤོས་ཆགས་ཀྱི་ཡོད།  ང་ཚོའི་ཆབ་སྲིད་ལ་ལོ་མང་རིང་རྒྱབ་སྐྱོར་གནང་མཁན་རྒན་གྲས་དེ་ཚོ་ང་ཚོར་བཀའ་དྲིན་ཆེན་པོ་རེད་ལ། ཁོང་ཚོ་རྒས་འགྲོ་ཡི་ཡོད་པ་དང་། དགུང་ལོ་འབྲིང་པའི་ནང་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་འབྲེལ་ཐག་དེ་མུ་མཐུད་རྒྱུན་འཛིན་གནང་རྒྱུ་ཡང་གལ་ཆེན་ཆགས་ཡོད་ཀྱང་།  ང་ཚོའི་དོན་གཅོད་ཁང་ལ་ད་ལྟའི་ཆར་ལས་བྱེད་བཞི་ལས་མེད་པ་དང་། ལས་ཀ་རྒྱ་ཆེན་པོ་ཞེ་དྲགས་རེད། ང་ཚོ་མི་བཞི་ཡི་སྙོབ་ཐུབ་པའི་ལས་ཀ་ཞིག་མིན་སྟབས།  ངའི་ཐོག་མའི་སྲིད་བྱུས་སམ་ཡང་ན་ལངས་ཕྱོགས་ནི་ང་ཚོ་དང་ཕྱོགས་མཚུངས་ཀྱི་ལས་ཁུངས་ཁག་དང་མཉམ་རུབ་ཀྱིས་ནུས་པ་འདོན་རྒྱུ་དེ་རེད། ང་འདིར་ཡོང་བ་ནས་བཟུང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་དོན་གཅོད་ཁང་གཉིས་ཐུན་མོང་ཐོག་ཨ་རིའི་གྲོས་ཚོགས་དང་ཕོ་བྲང་དཀར་པོ། དེ་བཞིན། ཨ་རིའི་ཕྱི་སྲིད་ལས་ཁུངས་སོགས་ལ་འབྲེལ་བ་བྱས་ཏེ་ཚང་མར་ང་ཚོས་སྙོབ་ཐུབ་པ་དེ་འདྲ་བྱུང་མེད་ཀྱང་གང་ལ་གང་འཚམས་ཤིག་ལ་འབྲེལ་བ་བྱས་ཡོད།  ལོ་གཅིག་གི་རིང་ཉམས་མྱོང་གང་འཚམས་ཤིག་བསགས་ཏེ་ད་ལྟ་མགྱོགས་པོ་འགྲོ་དགོས་དུས་ཕངས་པོ་འདྲ་བོ་མཐོང་གི་འདུག་སྟེ་བྱེད་ཐབས་ཅི་ཡོད་པ་མ་རེད།  ལས་དོན་གྱི་ནང་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་ནི་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ནིན་སི་པོལ་སི་ལགས་ཀྱི་དབུས་པའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆབ་སྲིད་མི་སྣ་བརྒྱད་དྷ་རམ་ས་ལར་བཅར་ཐུབ་པ་དེ་རྩ་བའི་བཀའ་ཤག་གིས་གསུངས་པ་ནང་བཞིན་སྔོན་མ་ནས་འཆར་གཞི་ཡོད་མདོག་ཁ་པོ་རེད།  འོན་ཀྱང་། ལས་ཀ་དངོས་གཞི་དེ་ན་ནིང་ཕྱི་ཟླ་ ༡༠ པ་ནས་མགོ་བཙུགས་ཏེ་ད་ལོའི་ཕྱི་ཟླ་ ༥ ནང་གྲུབ་པ་རེད། ཕྱོགས་གཅིག་ནས་ཁོང་ཚོ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་མཛའ་བརྩེ་ཆེན་པོ་གནང་ས་ཞིག་ཆགས་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཁོང་རྣམ་པ་ཚོ་དྷ་སར་ཕེབས་ཐུབ་པ་དེས་བོད་ནང་གི་བོད་མི་ཚོར་ཁོང་རྣམ་པ་ཁེར་རྐྱང་མིན་པ་དང་། ཨ་རིའི་ཆབ་སྲིད་མི་སྣས་ཡང་ང་ཚོར་རྒྱབ་སྐྱོར་འདུག་བསམ་པའི་བརྡ་ལན་ཆེན་པོ་ཞིག་བཏང་ཐུབ་ཡོད་ལ། རྒྱ་ནག་གཞུང་ལའང་བོད་པའི་གནད་དོན་དེ་དེ་འདྲ་བྱས་ནས་བཞག་པ་ཡིན་ན་འགྲིག་གི་མིན་འདུག  གང་ཡིན་ཟེར་ན། རྒྱལ་སྤྱིའི་སྟེང་བོད་པར་རྒྱལ་སྐྱོར་བྱེད་མཁན་ཤུགས་ཆེན་པོ་ཡོད་པའི་བརྡ་ལན་བསྟན་ཐུབ་ཡོད་དུས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་དོན་གཅོད་གཉིས་ཐུན་མོང་གིས་ལས་འགུལ་དེ་ལེགས་འགྲུབ་བྱུང་བ་རེད། དེ་བཞིན།  ང་ཚོ་ཐུན་མོང་ཐོག་འདི་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་དེ་ཨ་རིའི་གྲོས་ཚོགས་ཚོགས་ཁང་དུ་གྲོས་ཚོགས་འཐུས་མི་༡༠ ལྷག་དང་། གཞན་བོད་དོན་རྒྱབ་སྐྱོར་བའི་གནད་ཡོད་མི་སྣ་སུམ་བརྒྱ་ལྷག་འཛོམས་པའི་ཐོག་སྲུང་གཙི་ཞུས་ཡོད།  ད་ལྟ་ང་འཕོ་འགྲོ་ཡི་ཡོད་པ་མ་གཏོགས་བྱང་ཨ་རིའི་སྤྱི་འཐུས་རྣམ་པ་གཉིས་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་གི་ཐོག་ནས་ཕྱི་ཟླ་ ༡༢ པའི་ཚེས་ ༡༠ ཉིན་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་འཆར་ཡོད། ཅེས་སོགས་གསུངས་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 16

  1. བསྟན་འཛིན་ཟླ་སྒྲོན། says:
    ལོ་ 8 སྔོན།

    ང་མ་འོངས་མི་རིགས་སོན་རྩ་ཞིག་ཡིན་དུས་ངས་དེ་རིང་བོད་པའི་སྤྱི་ཚོགས་ནང་ཁྱབ་པའི་གཏམ་གླེང་དེ་གོ་དུས་དངངས་སྐྲག་གིས་གནད་དོན་ངོ་མ་ཤེས་འདོད་བྱུང། མ་ཟད་ད་ལྟ་ཨ་རིའི་དོན་གཅོད་ལས་ཚབ་སྤེན་པ་ཚེ་རིང་མཆོག་གིས་གསུངས་པའི་དོན་ངོ་མ་དང་ཁོང་གི་ལོ་མང་རིང་བོད་གཞུང་ལ་གྲུབ་པའི་ལས་འགན་ཐ་དག་ཀློག་པའི་བརྒྱུད་རིམ་ཁྲོད་ད་ཆ་ང་ཚོའི་མི་རིགས་ཀྱི་ལས་བྱེད་རྙིང་པ་ཞིག་ཕྱིར་འདོན་འགྲོ་དུས་ངོ་མ་སེམས་འཕངས་པོ་ཞིག་བྱུང་གི་འདུག་ལ་ཡིད་ལ་དེ་འདྲ་བའི་ཐག་གཅོད་དེར་བསྒྱུར་བཅོས་བྱེད་རྒྱུའི་བསམ་བློ་ཡོད་པའི་རེ་བ་བྱེད་ཀྱི་ཡོད་ལ་ཁོང་འདྲ་བའི་མི་དེ་ང་ཚོའི་བཙན་བྱོལ་བོད་མི་ནས་ནམ་ཡང་མ་བྲལ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    Reply
  2. ཨ་འབར་འཇིགས་དབང། says:
    ལོ་ 8 སྔོན།

    ༄༅། སྐོུ་སྤེན་ཚེ་ནས་ད་ལེན་དངོས་གནས་གཏམ་བཤད་ཡག་པོ་གནང་འདུག་་་བཀྲིས་བདེ་ལེགས་ཡོད།

    Reply
  3. མཐུན་བཞི་ཚང་། says:
    ལོ་ 8 སྔོན།

    ༄། བཀྲིས་བདེ་ལེགས།

    Reply
  4. བློ་བཟང་བསྟན་འཛིན་ says:
    ལོ་ 8 སྔོན།

    སྐུ་ངོ་སྤེན་ཚེ་མཆོག་གིས་གསལ་བཤད་ཡག་པོ་གནང་འདུག། ད་རེས་ཀྱི་གནད་དོན་འདི་ནི་སྒེར་འཁོན་ཞིག་ཡིན་པ་བོད་
    མིའི་སྒྲིག་འཛུགས་ཀྱིས་གསལ་བཤད་ལས་མངོན་གྱི་འདུག། ཡིན་ན་ཡང་སྐུ་ངོ་མཆོག་སེམས་ཤུག་མ་ཆག་པར་རྒྱུན་མཐུད་
    ནས་བོད་མི་རིགས་ཀྱི་དོན་དུ་འདས་པིའི་ཉམས་མྱོང་དེ་དག་ཆུས་ཟད་དུ་མི་འགྲོ་བའི་རེ་བ་ཞུ་རྒྱུ་ཡིན།

    Reply
  5. བསམ་དཀར། says:
    ལོ་ 8 སྔོན།

    གཞན་སུ་ལ་བདེན་པ་ཡོད་མེད་ཞུ་ཤེས་མ་སོང་། ཡིན་ན་ཡང་ཁོང་གི་བཀའ་མོལ་ལས་ཁོང་ཉིད་༧གོང་ས་མཆོག་གི་འོག་ལ་ཡོད་པ་དང་༧གོང་ས་མཆོག་གི་བཀའ་མངགས་བཞིན་ལས་དོན་གནང་གི་ཡོད་པ་ལྟ་བུ་ཞིག་ལས་བཀའ་ཤག་དང་སྲིད་སྐྱོང་གི་འོག་གི་སྡེ་ཚན་ཞིག་ཡིན་པའི་རྣམ་འགྱུར་ཁུར་མེད་པ་དང་། ད་དུང་བཀའ་ཤག་ལ་ཁ་རུ་ཁ་ཐུག་རང་བྱེད་ཀྱི་ཡོད་པ་འདིས་ཁོང་གི་ཕྱག་ལས་གནང་སྟངས་དེ་བཀའ་ཤག་ལ་གཅིག་འོག་ཏུ་གཅིག་མ་འདུས་པ་ཞིག་བྱུང་ཡོད་པ་དང་། དེ་བཀའ་ཤག་གིས་དང་ལེན་བྱ་མི་ཐུབ་པ་ནི་གནད་འགག་ཏུ་འདུག་སྙམ། ནོར་འཁྲུལ་ཟེར་ན་སྐབས་ཀྱི་དོན་དག་ལྟེ་བའང་དེ་རེད་འདུག་སྙམ།

    Reply
  6. བསྟན་འཛིན says:
    ལོ་ 8 སྔོན།

    སྐུ་ངོ་ལགས་་་་ཐུགས་རྗེ་ཆེ་གནང་་བཀའ་སློབ་གནང་བ།

    Reply
  7. dipsel lhamo says:
    ལོ་ 8 སྔོན།

    སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱིས་ཕུག་བསམ་ཀྱི་བཀའ་སློབ་ཟབ་རླིང་ཞིག་གནང་འདུག་པས་ཚང་མས་དགོངས་པར་འཆང་དགོས་པ་མཐོང་། ༧གོང་ས་མཆོག་གིས་མི་རིགས་ཀྱི་བཟང་སྤྱོད་སྤེལ་ཐབས་སུ་ངལ་བ་རྒྱ་ཕྲག་གིས་འབད་འབུང་མཛད་པ་སྐུ་ངོ་ཁོང་གིས་མཁྱེན་འཆུན་ལྟར་དོན་དངོས་ཕྱག་ལེན་ལ་འགེལ་བའི་བཀའ་སློབ་ཉིང་བཅུད་ཅིག་གནང་འདུག་པར་སྙིང་ནས་ཡིད་རང་ཞུ། དྲང་ཚུགས་དང་ཤེས་རྒྱ། ལྷག་བསམ་སོགས་ཀྱི་ཡོན་ཏན་མངའ་བའི་སྐུ་ངོ་ཁོང་ལྟ་བུ་ནི་ད་ལྟའི་བོད་མི་རིགས་ཀྱི་ཛ་དྲག་པའི་སྐབས་འདིར་སྤྱི་པའི་འགན་ཞིག་བཞེས་ཏེ་ཕྱག་ལས་ངེས་པར་གནང་དགོས་པ་ནི་ང་ཚོ་བོད་སྤྱི་པའི་ཁེ་ཕན་ལ་ཐུག་ཡོད། གཞན་ལ་མཛུབ་མོ་བཙུག་པ་སླ་ཡི་རང་ལ་ནི་དཀའོ། ཞེས་པ་ལྟར་སྐུ་ངོ་ཁོང་ལྟ་བུ་ལ་མ་འགྲིག་མ་བྱས་རབ་རྐྱང་རྐྱང་ཤོད་སྡོད་མཁན་གྱི་གང་ཟག་དེ་དག་ངོ་བོ་ལ་བརྟག་ན་སྐུ་ངོ་ཁོག་གི་ཡོན་ཏན་ལ་འགྲན་མ་བཟོད་པའི་ཕྲག་དོག་གིས་སྙིང་ནད་འཁྲུག་སྟེ་འཆོལ་གཏམ་སྨྲ་བ་ལས། དོན་དམ་པའི་སྤྱི་པར་ཕན་པའི་སྐུལ་སློང་ཞིག་གཏན་ནས་མེད་པ་ནི་ང་ཚོས་ད་བར་གོ་བའི་སྙོན་འཛུགས་ཀྱི་སྡིག་མོ་དང་རྐང་འདྲེན་གྱི་འཆོལ་གཏམ་སོགས་ལས་རྟོགས་ནུས། སྤྱིར་བཏང་སྒེར་སྐྱོན་ཕྲན་བུ་རེ་མེད་པའི་སེམས་ཅན་ནི་མ་དམིགས་པས་ལེགས་ཉེས་ཀྱི་ཆ་ཤས་གཉིས་པོ་ལྕི་ཡང་གི་སྒོ་ནས་གང་ཟག་ཡག་ཉེས་འཇོག་དགོས་པ་ནི་ལྟོས་འཇོག་གི་གནས་སྟངས་ཤིག་མ་རེད་དམ།།

    Reply
  8. བསོད་གཡང་། says:
    ལོ་ 8 སྔོན།

    ནང་ཁུལ་གྱི་དགྲ་ཤ་དེ་འདྲ་ལེན་འགྱོགས་པ་དང་ལེན་མཁས་པ་ལ་སྲིད་སྐྱོང་ལགས། ཁྱེད་ལ་ཡིད་ཆེས་རྩ་བ་ནས་མེད་དོ། ཁ་ནས་ཆིག་སྒྲིལ་ཆིག་སྒྲིལ།་ལག་ལེན་ག་རེ་བཏང་བས།

    Reply
  9. Gangchu says:
    ལོ་ 8 སྔོན།

    སྤྱི་སྒེར་གང་ལའང་ཕན་ལས་གནོད་ཚབ་ཆེ་བ་དེ་ནི་སྤྱི་ཚོགས་དྲ་ལམ་ཁག་ཏུ་རིགས་འགའ་ཡིས་བསམ་བཞིན་དཀྲོག་གཏམ་སྤེལ་བ་དང་། འགས་གནོད་སེམས་དང་འཁོན་འཛིན་གྱིས་ཕྲ་མ་བཅུག་པ་དང་། ལས་མེད་ལ་ལས་རི་བོང་ཅལ་འདྲོག་ལྟར་གཞན་ཟེར་གཡམ་རྒྱུག་གིས་རང་གི་གནས་སྟངས་ལ་ཞིབ་འཇུག་དོར་ཏེ་འཆལ་གཏམ་སྤེལ་བའི་ལས་དོན་གཉེར་བ་ནི་བསམ་བློའི་སློབ་གསོས་ཕོངས་ཤིང་དུས་ཚོད་ཀྱི་རིན་ཐང་རྡོག་རོལ་དུ་བཏང་བའི་སྤྱོད་ཚུལ་ལས་རྣམ་སྤྱོད་ཀྱི་འདབ་རྒྱ་ཡངས་པའི་ར་བའི་ནང་མ་འཚུད་པའི་མངོན་རྟགས་ཤིན་ཏུ་གསལ། ང་ཚོས་བོད་མི་རིགས་ཀྱི་གནས་སྟངས་ལ་བསམ་ཤེས་ན་ང་ཚོའི་མི་རིགས་འདི་གྲངས་ཉུང་ཞིང་ཡ་ང་བའི་གནས་སྟངས་འདི་ལྟ་བུར་གྱུར་བའི་སྐབས་སུ་འབུར་ཐོན་གྱི་གང་ཟག་རེ་བཟུང་བྱུང་བ་དེ་དག་མི་རིགས་ཀྱི་ཕྲལ་ཕུག་གི་ཁེ་ཕན་ལ་བཀོལ་སྤྱོད་བྱ་ཐུབ་པ་ཞིག་བྱེད་དགོས་པ་ལས་སྡང་སེམས་ཀྱི་མེ་ཀློང་དུ་གང་ཟག་དེ་དག་སྲེག་འདོད་བཅང་བ་ནི་མི་རིགས་ཀྱི་གྱོང་རྒུད་ལས་མ་འདས། ལས་ཀྱི་སྣེ་མོ་བ་སྲིད་སྐྱོང་མཆོག་གིས་ཕྲལ་ཕུག་གི་དགོས་དམིགས་ལ་གཟིགས་ཏེ་བར་སྟོང་ཁ་སྐོང་གང་དགོས་ཁོང་གིས་གཟིགས་ཞིབ་གནང་བ་དེ་ལས་དུས་ཚོད་མ་འཁྱོལ་བ་རེ་འགས་གང་ཟག་ཁོང་གཉིས་ཀྱི་བར་ཁད་རྒྱང་དུ་གཏོང་བའི་གོ་སྐབས་སླར་འཚོལ་བ་ནི་ང་ཚོའི་མི་རིགས་འདི་ལ་ཞེ་འཁོན་གྱི་རང་རྟགས་ཤིན་ཏུ་གསལ་ལོ།། །།

    Reply
  10. དོན་འགྲུབ། says:
    ལོ་ 8 སྔོན།

    སྤྱི་ཚོགས་ནང་སྐད་ཆ་ཡང་འདྲ་མིན་ཞིག་འགྲོ་ཡི་ཡོད་པ་འདྲ། འདི་ལོའི་ཕྱི་ཟླ་ ༦ པའི་ནང་༧གོང་ས་མཆོག་མཱི་ནེ་སོ་ཊའི་ནང་ཆིབས་གནང་སྐབས། ང་ལ་བཀའ་སྐྱོན་མང་པོ་ཕོག་ཡོད་རེད་ཟེར་མཁན་དང་། ཡང་ཕྱི་ཟླ་ལྔ་བའི་ནང་ནིན་སི་པོལ་སི་གཙོས་པའི་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དྷ་སར་སྐུ་བཅར་ཞུས་སྐབས་ང་ལ་བཀའ་སྐྱོན་མང་པོ་ཕོག་ཡོད་པ་རེད་ལབ་མཁན། དེ་བཞིན། ཉེ་ཆར་ཕྱི་ཟླ་ ༡༠པའི་ཚེས་ ༡༣ ཉིན་ངས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་ཡིན་ལ། དེའི་སྐབས་སུའང་ང་ལ་བཀའ་སྐྱོན་གནང་བ་རེད་ཟེར་བ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་འགྲེམས་སྤེལ་བྱེད་བཞིན་ཡོད་ཀྱང་དེ་ཚོ་བདེན་པ་མ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཚོའི་ལས་དོན་རང་གི་སྐོར་དང་། སྙན་གསེང་ཞུས་པའི་སྐོར་ལ་བཀའ་སློབ་ལམ་སྟོན་གནང་བ་རེད་མ་གཏོགས་བཀའ་སྐྱོན་གནང་བ་དེ་འདྲ་བྱུང་མེད། དེར་བརྟེན། སྤྱི་ཚོགས་ནང་གནས་ཚུལ་དེ་འདྲའི་རིགས་འགྲོ་ཡི་ཡོད་པ་དཀྲོག་གཏམ་རེད། དུས་བབ་ཚང་གི་ལྐུག་རྟགས་དང་། སྐུ་ངོ་སྤེན་ཚེའི་གླེན་རྟགས་གཉིས་བསྡོམས་ནས་གནས་ཚུལ་གསལ་པོ་བཟོས་འདུག།

    Reply
  11. དགེ་འདུན says:
    ལོ་ 8 སྔོན།

    ང་རང་ཚོས་ཡིད་ལ་འཛིན་དགོས་པ་ཞིག་ལ། སྔོན་ཆད་རྒྱལ་མཆོག་བདུན་པ་སྐལ་བཟང་རྒྱ་མཚོས་བོད་སྡེ་བ་གཞུང་དེ་དམངས་གཙོ་སྲིད་གཞུང་ཞིག་གི་ངོ་བོར་བསྒྱུར་བ་རེད། རྗེས་སུ་ལག་ལོག་ཏུ་ཕྱིནད་དེ་མི་ཚང་བཞི་ཡིས་དབང་འོག་ཏུ་གཉེར་བ་བཞིན་ ༸གོང་ས་མཆོག་གིས་མི་མང་ལ་བསྩལ་བའི་མང་གཙོའི་སྲིད་གཞུང་འདི་ཡང་མི་སྒེར་བ་དང་དབང་ཤད་ཅན་དག་གིས་བཟུང་སྒེ་སྒེར་སྤྱོད་རང་ལུགས་མི་བྱེད་པའི་ངེས་པ་མེད་པས་ཚང་མས་དོ་སྣང་གནང་དགོས་པ་གལ་ཆེན་པོར་མཐོང་། 

    Reply
    • བློ་བཟང says:
      ལོ་ 8 སྔོན།

      སྲིད་སྐྱོང་། ཤེས་རིག་བཀའ་བློན། སྔོན་མའི་བཀའ་དྲུང་དང་ད་ལྟའི་ཆོས་རིག་བཀའ་བློན། ཧཧཧ་་་ཆབ་སྲིད་བཙོག་པ་དང་དགྲ་ཤ་མྱུར་ལེན། སྤེན་པ་ཚེ་རིང་འཇོན་ཐང་ཆེ་བའི་མར་ཕབས། ཤར་གླིང་ཟླ་སྒྲོན་མར་གཡུག་འདོད་ཀྱང་དབུས་གཙང་མི་མང་ལ་ཅུང་ཙམ་ཞེད། མདོར་བསྡས་ན་འོས་བསྡུས་སྐབས་ཀྱི་དགྲ་ཤ་རང་ལེན་པ་འདྲ། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

      Reply
  12. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 8 སྔོན།

    དེ་སྔོན་སྲིད་སྐྱོང་འོས་བསྡུའི་སྐབས་ཀྱི་ནད་གཞི་རྙིང་པ་མིན་ན་སྟབས་ཡག་།

    Reply
  13. པད་བཀོད་པདྨ་དགྲ་འདུལ་ཆེ་མོ། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་གསར་འགོད་པ་སྐལ་བཟང་སྦྱིན་པ་ལགས། སྐུ་ཉིད་ཀྱིས་གསར་འགྱུར་སྤེལ་བ་ལེགས་ཀྱང་། དང་པོ། བཀའ་ཤག་གི་ཡི་གེའི་ནང་སྐུ་ངོ་སྤེན་ཚེ་ལགས་ལས་མཚམས་འཇོག་རྒྱུའི་དུས་ཚོད་ཕྱི་ཟླ་ ༡༡ ཚེས་ ༣༠ ཡིན་འདུག་ཀྱང་སྐུ་ཉིད་ཀྱིས་ཕྱི་ཟླ་ ༡༢ བྲིས་འདུག་པས་ནོར་བཅོས་གནང་ལེགས་མཐོང་།

    ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ཨ་རིར་བོད་དོན་ལས་འགུལ་ཆེན་པོ་ཞིག་སྤེལ་འཆར་ཡོད་པ་དང་། སྐབས་དེ་དུས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་སྲིད་སྐྱོང་གཉིས་ཀ་དེར་མཉམ་ཞུགས་གནང་གཏན་འཁེལ་ཡོད། གལ་སྲིད་སྲིད་སྐྱོང་གིས་ཁོ་རང་སྒེར་གྱི་མི་དགའ་བ་དང་ཞེ་འཛིན་ལས་བོད་དོན་ལས་འགུལ་དེ་གལ་ཆེ་བར་ངོས་འཛིན་བྱེད་ཀྱི་ཡོད་ན། ད་བར་ཕྱག་ལས་གནང་མཁན་སྐུ་ངོ་དོན་གཅོད་སྤེན་པ་ཚེ་རིང་ལགས་བོད་དོན་ལས་འགུལ་ཆེན་མོ་མ་ཚར་བར་བཞག་ན་འགྲིག་ཀྱང་དེ་ལྟར་མི་འཇོག་དོན་གང་ཡིན་ནམ། སློབ་བཟང་སངས་རྒྱས་སྐུ་མཁྱེན་བསྐྱར་དུ་༧རྒྱལ་བའི་དགོངས་པ་མ་དཀྲུགས་རོགས། སྐུ་མཁྱེན།

    Reply
  14. akotsering says:
    ལོ་ 8 སྔོན།

    བོད་མིའི་སྒྲིག་འཛུགས་ཟེར་རུང་གང་ལྟར། དམར་ཕྱོགས་སྲིད་གཞུང་དང་ཁྱད་པར་ཆེར་མི་འདུག ཁྲིམས་དང་སྒྲིག་གཞི་མེད་པར་གང་ཟག་སྒེར་གཅིག་གིས་གང་བྱས་ཡིན་པ་འདི་རེད། ༸གོང་ས་མཆོག་གིས་མི་མང་ལ་བསྩལ་བའི་མང་གཙོ་དེ་ད་ཆ་ཕྱི་ཐིམ་མཛེས་པོ་ཞིག་གིས་གཡོགས་པའི་སྒམ་སྟོང་ཞིག་ཏུ་གྱུར་འདུག ཨ་རི་དང་ལྡི་ལི་དོན་གཅོད་ནི་ལོ་སྔོན་མར༸གོང་ས་མཆོག་གིས་ཐད་བསྐོས་ལྟ་བུ་བྱས་ཡོད་ན། དགའ་ལྡན་ཕོ་བྲང་ལ་ཡང་གནས་ཚུལ་འདིའི་ཐད་གསལ་བཤད་ཅིག་ལས་ཡོད་སྙམ་ཡང་། སྲིད་སྐྱོང་གི་འཇིགས་སྐུལ་འོག་གནས་པར་བརྟེན་ཁག་མི་འདུག སང་ཉིན་བཀའ་ཤག་གིས་གསལ་བཤད་ཡོད་ཚུལ་གླེང་གི་འདུག་ཀྱང་། དེ་ནི་འགད་རྫས་ཤིག་མིན་འགྲོ་སྙམ་གྱི་འདུག

    Reply
  15. བསེ་རུ་ཟང་ཐལ། says:
    ལོ་ 8 སྔོན།

    སྐུ་ངོ་སྤེན་པ་ཚེ་རིང་ལགས། ད་ཆ་མང་པོ་མ་སུངས་རོགས། ཐུགས་རྗེ་གཟིགས། ༧གོང་ས་མཆོག་གི་སྐུ་མདུན་དུ་ཁྱེད་ཀྱིས་སྐུར་ཆུ་མཆོད་རྒྱུ་དེ་རྦད་དེ་མཚམས་འཇོག་བྱ་རྒྱུའི་དམ་བཅའ་ཁས་ལེན་གནང་ནས་ལག་ལེན་ལག་ཐོག་ལ་འཁེལ་བ་ཞིག་བྱོས་དང་། སྲིད་སྐྱོང་རྗེས་མ་དེ་ཁྱེད་རང་རང་ཡིན་ཡིན་པ་རེད། བྲེལ་བ་མ་གནང་། དངོས་གྲུབ་ཚེ་རིང་ལགས་ལ་བཟང་སྤྱོད་ཀྱི་དཀའ་ངལ་ཆེན་པོ་གཅིག་ཡོད་པ་ཡོངས་གྲགས་རེད། ད་ཐུགས་ཁག་མེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese