མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་དངོས་ཤེས་རྟོགས་བྱེད་པའི་ཐོབ་ཐང་ཆ་ཚང་མི་མང་ལ་ཡོད། 

བོད་ཀྱི་དུས་བབ།
༢༠༡༧/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

                                                             མ་ཞག་པ་ཚེ་རིང་།

ང་ཚོའི་གཞུང་འདི་སྲ་བརྟན་དང་ཡུན་གནས་དགོས་ན་མང་ཚོགས་ཀྱིས་གཞུང་གི་ལས་ཀྱི་སྣེ་མོ་ཚོས་ཅི་བྱས་ལ་དོ་སྣང་དང་འགན་ཁུར་དགོས་པ་མ་ཟད། ཐལ་སྤྱོད་ཀྱི་རིགས་ལ་ངེས་པར་དུ་ངོ་རྒོལ་བྱས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་མི་རབས་རྒན་པ་ཚོས་དཀའ་སྡུག་སྣ་མང་འོག་གཡས་སྐྱོར་གཡོན་སྐྱོར་བྱས་པ་ལས་བྱུང་བའི་གཞུང་སྲིད་འདི་ཅི་ནས་ཀྱང་གང་ཟག་སྒེར་པའི་ལག་རྩེད་དབང་དུ་མ་སོང་བ་ཞིག་དགོས་པ་ཡིན། དེ་ལྟར་མ་བྱས་ན་སྤྱི་ནོར་༸གོང་ས་མཆོག་དང་མི་རབས་རྒན་པ་ཚོའི་བཀའ་དྲིན་ལ་བསམ་ཤེས་མ་བྱས་པ་དང་། བོད་མི་རིགས་ཀྱི་མ་འོངས་པའི་མི་རབས་རྣམས་ལ་འགན་མ་འཁུར་བ་ཞིག་ཆགས་ཀྱི་ཡོད།

ད་རེས་ཀྱི་དོན་རྐྱེན་འདིས་ང་ཚོའི་སྤྱི་ཚོགས་འདི་སླར་ཡང་ཟང་ཟིང་བཟོས་ཤིང་རྒྱལ་ཞེན་ཆེ་བའི་མི་སྣ་མང་པོ་ཞིག་བཀའ་ཤག་གི་བྱེད་སྟངས་དེར་བློ་ཕམ་དང་ཡིད་ཆད་དུ་གྱུར་ཡོད་པ་མངོན་གསལ་ཡིན། བཀའ་ཤག་ནས་མཁྱེན་གསལ་ལྟར་ང་ཚོའི་སྤྱི་ཚོགས་འདི་ཚོར་བ་ཧ་ཅང་སྐྱེན་པོ་ཡོད་པ་ལྟར་གནད་དོན་གང་ཞིག་ཡིན་རུང་སྔ་ཕྱི་བར་གསུམ་དུ་བསམ་བློ་བཏང་སྟེ་སྤྱི་ཚོགས་འདི་བབ་ལྷིང་བརྟན་གསུམ་ཡོང་ཐབས་བྱེད་དགོས་པ་ནི་བཀའ་ཤག་གི་ལས་འགན་དང་པོར་བརྩི་དགོས་པ་ཞིག་ཡིན། གང་ཡིན་ཟེར་ན་མཐུན་སྒྲིལ་གྱི་མ་རྩ་ཡོད་པའི་ཐོག་ནས་ལས་དོན་མ་བརྩམས་པ་ཡིན་ན་གནའ་བོའི་ཁ་དཔེར་ཡོད་པ་བཞིན། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཅེས་པ་ལྟར་ཡོང་ངེས་པས་ཡིན། དེས་ན་གནད་དོན་འདི་ཚོར་བསམ་ན་ད་རེས་ཀྱི་བཀའ་ཤག་གི་ལས་སྟངས་དེ་ཆབ་སྲིད་ཀྱི་གོ་རྟོགས་ཡོད་པ་ཞིག་གི་ཐག་གཅོད་དང་བྱེད་སྟངས་ཤིག་མ་རེད།

ལྷག་པར་དུ་ཨ་རིའི་དོན་གཅོད་སོགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་འོག་ཡོད་པ་བཞིན་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་ལགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགག་བྱ་དགོས་པ་དུ་མར་གཟིགས་ཏེ་བསྐོ་གཞག་གནང་བ་ཞིག་ཡིན་སྟབས། ད་རེས་ཀྱི་དོན་རྐྱེན་འདི་༸གོང་ས་མཆོག་ལ་སྙན་གསན་ཞུས་དབང་དུ་བཏང་རུང་དོན་དངོས་ཆ་ནས་༸གོང་ས་མཆོག་ལ་རྒྱབ་གཏོད་དང་མ་འོངས་པར་༸གོང་ས་མཆོག་གི་གནད་དོན་འདི་ཚོར་ཕྱག་མ་འཆང་ན་བཟང་བའི་བརྡ་ལན་ཞིག་བཀའ་ཤག་ནས་༸གོང་ས་མཆོག་ལ་ཤུགས་ཀྱིས་སྤྲད་པ་རེད། འདི་ནི་ཆབ་སྲིད་ཀྱི་ཐོག་ནས་ཧ་ཅང་གི་ནོར་འཁྲུལ་དང་རྩིས་ནོར་ཚབས་ཆེན་ཞིག་ཡིན་ཏེ་བྱེད་སྟངས་འདིས་དོལ་རྒྱལ་པ་ཚོ་ལྟ་ཅི། བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་གཙོས་ནང་ལོག་ནས་༸གོང་ས་མཆོག་ལ་དངོས་དང་བརྒྱུད་པའི་སྒོ་ནས་ངོ་རྒོལ་བྱེད་མཁན་དེ་དག་ལའང་མུ་མཐུད་ངོ་རྒོལ་གྱི་རྣམ་འགྱུར་བཟུང་རྒྱུར་ཆ་རྐྱེན་དུ་འགྱུར་ངེས་རེད། དེས་ན་བཀའ་ཤག་གིས་ཁ་ནས་༸གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་མ་ཎི་བཞིན་བགྲང་རུང་སྦྱོར་བའི་ཐོག་ནས་ཁ་བཤད་དོན་སྟོང་དུ་སོང་ཡོད།

མ་གཞི་ནས་སྲིད་སྐྱོང་འདི་༸གོང་ས་མཆོག་གི་ལམ་སྟོན་ལ་ཡིད་ཆེས་དང་དེའི་འོག་ཤར་བསྐྱོད་གནང་མཁན་ཞིག་ཡིན་ནམ། དེའི་དཔེ་མཚོན་ཞིག་བགྲངས་ན་འདས་མ་ཐག་པའི་གྲོས་ཚོགས་སྐབས་སྤྱི་འཐུས་བསྟན་པ་ཡར་འཕེལ་ནས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ་དགའ་ལྡན་ཕོ་བྲང་ནས་གཟེངས་རྟགས་སྤྲད་མ་སྤྲད་དང་འབྲེལ་བའི་རྙོག་གླེང་བྱེད་སྐབས། སྲིད་སྐྱོང་གིས་བྱིས་པ་ཆུང་ཆུང་ཞིག་དང་འདྲ་བར་གཟེངས་རྟགས་དེའི་སྐོར་ལ་དགའ་ལྡན་ཕོ་བྲང་ལ་ཁ་པར་བཏང་ཡོད། དེའི་དོན་ནི་གལ་ཏེ་དངོས་སུ་༸གོང་ས་མཆོག་གམ་དགའ་ལྡན་ཕོ་བྲང་ནས་སྤྱི་འཐུས་དེར་གཟེངས་རྟགས་ཕུལ་ཡོད་ན་ངོ་རྒོལ་ཡོད་པའི་དོན་རེད། བྱེད་སྟངས་ལས་སྟངས་འདིས་སྲིད་སྐྱོང་གིས་༸གོང་ས་མཆོག་ལ་ཇི་ཙམ་གྱིས་དད་གུས་དང་ཁོང་གི་ལམ་སྟོན་འོག་ཤར་བསྐྱོད་བྱེད་མིན་དེ་མཚོན་ཐུབ། གནད་དོན་འདི་ཚོའི་ཐོག་ནས་སྲིད་སྐྱོང་གིས་རང་གི་ཆབ་སྲིད་ཀྱི་དགོས་མཁོར་༸གོང་ས་མཆོག་ལ་རྒྱབ་གཏོད་བྱེད་མཁན་ཚོར་ངོ་རྒོལ་ཡོད་ཅེས་བཤད་པ་ཙམ་ལས། ལག་ལེན་ངོ་མའི་ཐོག་ནས་དོན་དངོས་ཇི་ཡིན་ཁ་གྲག་ཡོད།

གང་ལྟར་ཡང་ད་རེས་ཀྱི་དོན་རྐྱེན་འདི་དད་གུས་ཡོད་མེད་ཇི་ལྟར་ཡང་གོ་ཐོས་ལ་དོན་གཅོད་རྙིང་པ་སྐལ་རྡོར་གྱིས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བོད་ཀྱི་ཐེབས་རྩ་ཁང་ནས་གཡར་རུང་དོན་གཅོད་ཀྱི་རྩིས་ཁྲའི་ནང་གསལ་ཁ་ཆགས་མེད་པའི་གནས་ཚུལ་ཞིག་དང་འབྲེལ་ཞིང་། གནས་ཚུལ་འདི་ད་ལྟའི་དོན་གཅོད་སྤེན་པ་ཚེ་རིང་ལགས་ནས་གསལ་ཁ་གཏོད་སྟབས། འབྲེལ་ཡོད་འགའ་ཞིག་གཏིང་ནད་ཀྱིས་མིན་པར་ཁྲིམས་ངོ་མའི་ཐོག་ནས་ལྐོག་ཟ་པ་ཆགས་ན་སྤྱི་ཚོགས་ཟང་ཟིང་འགྱུར་བ་ལས་ཀྱང་ཚབས་ཆེ་སྟབས། འདི་ལྟ་བུའི་ཡ་ཡུད་ཆེ་བའི་ཐག་གཅོད་ཅིག་མ་བྱེད་ཐབས་མེད་དུ་གྱུར་བའང་ཡིན་ལས་ཆེ། དེས་ན་དོན་དངོས་ཇི་ལྟར་ཡིན་རུང་། གཞུང་འདི་༸གོང་ས་མཆོག་གིས་མི་མང་ལ་སྩལ་ཞིང་མི་མང་གིས་ཡིན་སྟབས། དོན་དངོས་ཇི་ཡིན་ཤེས་རྟོགས་བྱེད་རྒྱུར་མི་མང་ལ་ཐོབ་ཐང་དང་འགན་དབང་ཆ་ཚང་ཡོད། དེས་ན་གནད་དོན་འདི་ཚོ་གསལ་པོར་བཟོ་རྒྱུར་ངོ་རྒོལ་བྱེད་དགོས་པ་ཆགས་ཀྱང་འོས་བབ་དང་རྒྱུ་མཚན་ལྡན་པ་ཞིག་ཡིན།

ཡང་ཕྱོགས་གཞན་པ་ཞིག་ནས་བསམ་བློ་བཏང་ན།  ད་རེས་ཀྱི་རྒྱུ་མཚན་གསལ་ཁ་གང་ཡང་མེད་པའི་ཐག་གཅོད་འདིས་འོས་བསྡུའི་སྒེར་ནད་སངས་ཐབས་བྱས་པ་དང་ཕྱོགས་མཚུངས་འདས་མ་ཐག་པའི་གྲོས་ཚོགས་སྐབས་ནས་ད་ལྟའི་བར་སྤྱི་ཚོགས་ནང་གླེང་སློང་ཆེ་ཤོས་ནི་སྤྱི་འཐུས་བསྟན་པ་ཡར་འཕེལ་ལ་ངོ་རྒོལ་བྱེད་མཁན་མཚམས་མ་ཆད་དུ་བྱུང་བ་དེ་རེད།  རྒྱ་ཆེའི་མང་ཚོགས་ཀྱིས་དེ་ལྟ་བུའི་ངོ་རྒོལ་བྱེད་དུས་སྲིད་སྐྱོང་གིས་བསྟན་པ་ཡར་འཕེལ་སེམས་ནས་མ་བཟོད་པར་སྤྱི་ཚོགས་ཀྱི་གླེང་སློང་ལ་ཁ་ཕྱོགས་བསྒྱུར་བའང་ཡིན་སྲིད་པས།  དོན་གྱི་བདག་པོ་རྒྱ་ཆེའི་མང་ཚོགས་ཀྱིས་ངེས་པར་དུ་ད་རེས་ཀྱི་དོན་རྐྱེན་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་གང་ཡིན་བཀའ་ཤག་དང་དོན་གཅོད་སྤེན་པ་ཚེ་རིང་གཉིས་ཀས་གསལ་བཤད་མི་ཡིད་ཆེས་པ་དང་འདྲེ་ཁོ་ཐག་ཆོད་པ་ཞིག་མ་བྱུང་གི་བར་དུ་དོན་གཅོད་གསར་པ་ངོས་ལེན་བྱེད་རྒྱུ་མེད་པ་མ་ཟད། བཀག་ཤག་ལ་ངོ་རྒོལ་བྱེད་དགོས་པ་ཡང་འོས་བབ་ཆགས་ཡོད།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༡༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 17

  1. gendun says:
    ལོ་ 7 སྔོན།

    ང་ཚོའི་སྒྲིག་འཛུགས་ཕྱི་གསལ་ནང་གསལ་ཟེར་བ་དོན་དངོས་ཡིན་དགོས་ན། སྤེན་ཚེས་ནག་ཉེས་གང་བྱས་ཁ་གསལ་བྱ་དགོས། གལ་སྲིད་ང་ཚོས་ཆིག་སྒྲིལ་ཟེར་བ་སེམས་ནང་གི་སྐད་ཆ་ཡིན་ན། མང་ཚོགས་ཀྱི་སེམས་ནང་ན་འབར་བཞིན་པའི་དོགས་གཞི་ཅན་གྱི་རྙོག་གླེང་དེ་གསལ་པོ་བཟོ་དགོས། གནད་དོན་དེ་གསལ་པོ་ཆགས་ན།རང་བཞིན་གྱིས་ལྷང་འཇགས་དང་འཆམ་མཐུན་ཡོང་ཐག་ཆོད་རེད། ཡིན་ནའང་སྤྱི་ཚོགས་ལ་རྙོག་སློང་མཁན་ཁ་ཤས་ཡོད་པ་དེ་ཁེར་རྐྱང་ལྷག་གི་རེད། དེ་ནས་བཟུང་དབུ་ལམ་ཡིན་པའི་ཕྱོགས་ཁག་གཉིས་འཆམ་མཐུན་ཡོང་བར་དོགས་པ་ཟ་མི་དགོས་པ་ཞིག་རེད།

    Reply
  2. དགེ་འདུན says:
    ལོ་ 7 སྔོན།

    ཅི་ཞིག་ལ་སྨྲ་བརྗོད་རང་དབང་ཟེར། གང་བཤད་ཆོག་པ་དང་གང་བཤད་མི་ཆོག་པའི་ཁྲིམས་ཡིག་ཡོད་དམ། སྨྲ་བརྗོད་རང་དབང་ཡིན་མིན་གྱི་ས་མཚམས་གང་ནས་འཇོག་དགོས་སམ། ང་ཚོ་ལ་སྨྲ་བརྗོད་རང་དབང་ཡོད་དམ། སོ་སོའི་སྐད་ཆ་སོ་སོས་འགན་ཁུར་བ་དང་། ཁྲིམས་ཐོག་ནས་འགན་ལེན་བྱེད་ཐུབ་པ་ཡིན་ན་དེས་འཐུས་སམ། འདི་ལྟར་བསམ་བློ་བཏང་ནས་ཁ་རྩོད་བྱེད་མཁན་ཚོའི་སྨྲ་བ་ཉུང་དུ་གཏོང་ཐུབ་པའི་ཕན་ཐོག་ཡོད་སྲིད། 

    Reply
  3. ལྷགས་པ་ཚེ་རིང། says:
    ལོ་ 7 སྔོན།

    ཡག་པོའདུག་ང་ཡང་ཡོད་ཞུས།

    Reply
  4. བོད། says:
    ལོ་ 7 སྔོན།

    དོན་དངོས་ཤེས་རྟོགས་བྱེད་པའི་ཐོབ་ཐང་ཆ་ཚང་མི་མང་ལ་ཡོད་ལ་སྤྱི་ཚོགས་བརྟན་ལྷིང་གནོད་གཞིར་གྱུར་གྱི་ཡོད་ན་བཀའ་ཤག་གིས་ངོས་ནས་གསལ་ཁ་བཏན་དང་མ་བཏོན་གཉིས་ཀའི་ཐག་གཅོད་ཀྱི་འགན་དབང་ཡང་ཡོད་པ་རེད།

    དཔེར་ན། ཁྱོད་རས་བྱས་ཉེས་བསགས་པ་ཐམས་ཅད་གཞན་ལ་བཤད་ཀྱི་མ་རེད། དེ་སྤྱིར་བཏང་ཤེས་བྱ་རེད།་་་་་་་་་་་་གལ་སྲིད་བཀའ་ཤག་གིས་གསལ་པོར་ལབ་པ་ཡིན་ན་དེས་སྤྱི་ཚོགས་དང་མི་ཆེན་དཔོན་ཆེན་འགའ་ཞིག་ལ་ཧ་ཅང་མིང་ཆད་ཆེན་པོ་ཆགས་འགྲོ་གི་རེད།

    ད་ཐེངས་ལས་བྱེད་པའི་བླང་དོར་སྒྲིག་གཞིར་གཞི་ལ་བཞག་ནས་ཐག་ཆོད་ཕྱིན་པ་རེད། ་་དེ་ནི་མངོན་གནས་རྣམ་དཔྱོད་ལྡན་པ་རེད།

    སྤེན་པ་ཚེ་རིང་ནད་འཁྱོགས་ནི་མེད་པར་ཁྱེད་སྤེན་ཚེའི་རྒྱབ་སྐྱོར་བ་རྣམས་ནད་ཅི་འི་ཕྱིར་མི་འཁྱོགས་སམ། དྲི་རྟགས་རེད།

    གལ་སྲིད་སྤེན་ཚེས་ཁ་ཁུ་སིམ་མེར་མ་བསྡད་པར་གསལ་པོ་བཟོ་དགོས་ལུགས་བརྗོད་ཀྱི་ཡོད་ན་(མ་ཞག་པ་ཚེ་རིང་) ཁྱོད་རང་འགྲིགས་པ་རེད།

    Reply
    • བསྟན་འཛིན་ཕུན་ཚོགས། says:
      ལོ་ 7 སྔོན།

      ཁྱེད་ཚོས་སྐད་ཆ་ག་རེ་བཤད་ཀྱི་ཡོད། ལས་བྱེད་པ་འཕོ་འགྱུར་གཏོང་བ་སྤྱིར་བཏང་གི་གནས་ཚུལ་ཞིག་ལ་ཁྱེད་ཚོ་དེ་འདྲའི་ནད་མི་ཁྱགས་པའི་རྒྱུ་མཚན་ངོ་མ་ག་རེ་ལ་ཐུག་པ་ཡིན། ལས་ཀྱི་སྣེ་མོ་བས་ག་རེ་བྱེད་ཀྱི་ཡོད་མེད་ལ་དོ་སྣང་བྱེད་དགོས་ཟེར་བ་བདེན་པ་རེད། འོན་ཀྱང་དོ་སྣང་བྱེད་སྟངས་དེ་མིག་དང་རྣ་བ་གཉིས་ཀ་བེད་སྤྱོད་བཏང་ནས་ཕྱོགས་ཚང་མར་བལྟ་དགོས་པ་མ་གཏོགས་སོ་སོས་སྣང་བ་མི་འགྲོ་ས་དེར་སྐྱོན་ག་རེ་འདུག་བལྟས་ནས་བསྒུག་བསྡད་པ་ལ་ཟེར་གྱི་མ་རེད། བཀའ་ཤག་གིས་ཐག་གཅོད་ལ་དོ་བདག་སྤེན་ཚེས་ངོས་ལེན་ཡོད་ན་ཁྱོད་ཚོ་ལ་མི་འགྲིག་པའི་རྒྱུ་མཚན་ག་རེ་ཡིན། སྤྱི་ཚོགས་བབ་བརླིང་བརྟན་གསུམ་ཡོང་མི་འཇུག་མཁན་སྤེན་ཚེའི་རྒྱབ་སྐྱོར་བྱེད་མཁན་གྱི་སྔ་བསམ་ཕྱི་གཏོང་གང་ཡང་མི་ཤེས་མཁན་ཁྱེད་ཚོ་རེད། བཀའ་ཤག་གིས་གསལ་བཤད་མི་གནང་བའི་རྒྱུ་མཚན་ཕྱོགས་གཅིག་ནས་འོས་བསྡུའི་རྩོད་གླེང་གི་ཐོག་ནས་བསླབ་བྱ་བླངས་ཏེ་༧རྒྱལ་བའི་དགོངས་པ་དཀྲུག་དོགས་ཀྱིས་ཡིན་པ་དང་། གཉིས་ནས་ད་བར་བོད་པའི་སྤྱི་ཚོགས་ནང་མི་རྣ་གང་འཚམས་ཡོད་པའི་སྤེན་པ་ཚེ་རིང་ལ་མིང་ཆད་ངན་པ་མི་ཡོང་ཆེད་དགོངས་བཞེད་གནང་བ་ཞིག་རེད། ཡིན་ནའང་ཁྱེད་ཚོས་མཐའ་གཅིག་ཏུ་གསལ་བཤད་དགོས་ཞེས་བཀའ་ཤག་དང་དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་བྱས་པ་ཡིན་ན་མཐའ་མ་གསལ་བཤད་གནང་དགོས་ཆགས་ཀྱི་རེད། དེ་དུས་མིང་ཆད་ངན་པའི་གྱོང་གུད་སྤེན་པ་ཚེ་རིང་ལ་ཡོང་རྒྱུ་མ་གཏོགས་ཁྱེད་ཚོ་མི་གཅིག་གིས་དེའི་འགན་ཁྱེར་གྱི་མ་རེད་ལ་ཁྱེར་བསམ་ཡང་ཁྱེར་ཐབས་མེད། དེ་ངེས་པར་བསམ་བློ་གཏོང་ཤེས་དགོས།

      Reply
    • ཤར་མདའ། says:
      ལོ་ 7 སྔོན།

      ཁྱེད་ཀྱིས་བཤད་པ་ལ་གནས་ལུགས་མི་འདུག་ཟེར་བ་མིན་གང་ལྟར་སྤེན་ཚེས་ནག་ཉེས་མ་བཤད་ན་ད་དུང་སྤེན་ཚེ་ལ་ནག་ཉེས་མེད་པར་སྒྲུབ་ནས་སྲིད་སྐྱོང་ལ་ཉེས་མེད་ཉེས་འཛུགས་བྱེད་བཞིན་ཡོད་པ་རེད། མ་ཟད་སྤྱི་ཚོགས་ཡང་འཁྲུག་ནས་འདུག་དེ་འདྲ་སོང་ཙམ་ནག་ཉེས་དངོས་འཛིན་དགོས་པ་རེད། སྲིད་སྐྱོང་རང་ཉིད་ནས་གསལ་བཤད་གནང་དགོས་པ་རེད་དོན་དག་གང་ཡོད་རང་ཉིད་གཙོ་བོ་བྱས་ནས་ཐག་གཅོད་གནང་པ་ཡིན་ཙམ་གསལ་བོ་བཟོ་དགོས་བྱུང་བ་རེད།

      Reply
    • རྒྱ་མ་ཚང says:
      ལོ་ 7 སྔོན།

      བསྟན་འཛིན་ཕུན་ཚོག་
      དོ་དངོས་ལ་རྒྱབ་ལང་བྱས་པ་ནི་འགྲོ་བ་མིས་བྱེད་འོས་པའི་བཟང་སྤྱོད་ལས་སྤན་ཚེ་་ཁོ་ནའི་ཆེད་དུ་ག་ནས་ཡིན་་་དེ་བས་ཀྱང་མི་ཡི་གོང་བུ་ལ་སྲོག་ཆག་ཞན་གྱི་རྣམ་པར་རོལ་པའི་ཕྱོག་ཐན་སྤང་ནས་ལས་འབྲས་ཙེ་གསུང་གི་བོད་མི་ཞིག་བྱེད་ཐུབ་ན་ལེགས

      Reply
  5. Gangkar Meshod says:
    ལོ་ 7 སྔོན།

    བདེན་པ་སྤུ་ཙམ་མི་འདུག གསལ་ཁ་མ་ཆགས་པའི་སྔོན་དུ་སྤེན་ཚེ་ལ་བདེན་ཁ་སྦྱིན་ཚར་འདུག ད་ནས་ང་ཚོས་ཕྱོགས་ཞེན་གྱི་སྐད་ཆ་མ་བཤད། ངོ་ལོག་དང་ངོ་རྒོལ་གྱི་ངན་སྐུལ་མ་བྱེད་པའི་ཐོག་ནས་ཕྱོགས་གཉིས་ཀྱི་གསལ་བཤད་ལ་སྒུག་དགོས།

    Reply
    • འཇམ་དབྱངས་བསྟན་འཛིན། says:
      ལོ་ 7 སྔོན།

      ངའི་ལྟ་སྟངས་བྱས་ན། སྤེན་པ་ཚེ་རིང་འདི་དོན་གཅོད་ལ་བསྐོས་པ་ནས་བཟུང་བྱང་ཨ་རིའི་བོད་མི་གནས་བྱེད་ས་གང་སར་སླེབས་ནས་བོད་མི་རྣམས་ཆིག་བསྒྲིལ་གྱིས་རྩ་དོན་ལ་འབད་བརྩོན་དགོས་པ་དང། དཔྱ་དངུལ་ཕུལ་དགོས་པ། རིག་གཞུང་བདག་པོ་རྒྱབ་དགོས་པ་སོགས་ཁ་ཏ་སློབ་གསོ་ཡག་པོ་བྱས་ཏེ་བོད་མི་ཚང་མ་ཆིག་བསྒྲིལ་བཟོས་སོང། མ་ཟད་ཆོས་ཚོགས་ཁག་ལའང་བཅར་ཏེ་བོད་དོན་ལ་དོ་ཁུར་དགོས་པ་བཤད་སོང་བ་མིག་གིས་མཐོང་བྱུང། དེ་སྔ་དོན་གཅོད་སུ་གང་གི་ཡང་དེ་ལྟར་གནང་བ་མཐོང་མ་བྱུང་ལ་ཐོས་ཀྱང་མ་བྱུང། ད་དུང་སྤེན་ཚེ་འདི་སྤྱི་མཐུན་ཚོགས་པའི་ཚོགས་འདུ་སྟངས་འཛིན་ལེགས་པ། ཚོགས་ཞུགས་པ་རྣམས་ལ་སེམས་ཤུགས་བྱེད་དགོས་པ་རང་ཉིད་ནས་དཔེ་མཚོན་བཏོན་ཐུབ་པ་སོགས་གང་ལྟར་བྱང་ཨ་རིའི་སྤྱི་མཐུན་ཚོགས་པ་ཡོངས་ནས་བལྟ་སྟངས་ཡག་པོ་ཡོད། དེ་ལེན་སྤེན་ཚེ་ཁོང་གསལ་ཁ་མེད་པའི་གནས་དབྱུངས་འདིས་མི་མང་པོ་སེམས་ཕམ་དགོས་པ་བཟོས་སོང། བཀའ་ཤག་གི་གནང་སྟངས་འདིས་རང་གཞུང་ལ་ཡིད་ཆེས་བརླགས་གྲབས་བྱེད་ཀྱི་འདུག སྤེན་ཚེས་བྱས་ཉེས་ཆེན་པོ་བྱས་ཡོད་ན་མི་མང་ལ་དྲང་པོ་བྱས་ནས་གསུང་དགོས། བྱས་ཉེས་བསགས་ཡོད་ན་རྒྱབ་སྐྱོར་མི་བྱེད་དཀོན་མཆོག་དཔང་བཙུགས།

      Reply
  6. Gangchab says:
    ལོ་ 7 སྔོན།

    ད་ཡིན་ན་དོན་གཅོད་སྤེན་པ་ཚེ་རིང་གི་བྱས་ཉེས་དངོས་དེ་གསལ་བཤད་བྱ་དགོས་ཀྱི་ཡོད་པ་འདྲ། མ་ཚད་དུས་ལ་ཡང་བབ་འདུག ག་སྲིད་གསལ་བཤད་ཅིག་བྱེད་པ་ཡིན་ན། སླར་ཡང་གསང་བ་མི་གནང་བའི་རྒྱུ་མཚན་ཅི་ཡིན་ཞེས་སྐྱོན་བརྗོད་གནང་ཡོང་གི་རེད། ད་ཡིན་ན་ཡོད་རེད་ཧ་ཧ་ཧ་ཧ་ཧ།

    Reply
  7. Shirab says:
    ལོ་ 7 སྔོན།

    ཐེངས་འདི་གནད་དོན་བློ་སེང་ནས་ཆེ་གསང་དགོས་བ་བྱེད་དགོས་བ་རང་ལ་འོས་ཤོག་ཐོབ་པ་དང་དུས་མཉམ་དུ་ཨ་སྒོར་ས་ཡ་མང་བོའི་ཁང་བ་གསར་ཉོས་བྱེད་པ་དང་ཧ་ཀྱང་འབྲེལ་བ་ཆེན་པོ་འདུག་བསམ ། གལ་སྲིད་དེ་འདྲ་ཡིན་ཚེ་བོད་ཀྱི་ལོ་རྒྱུས་ནང་སྲིད་འཛིན་རྐུན་མ་དང་པོ་བློ་སེང་ཆགས་པ་རེད །

    Reply
  8. Jigme wanggyel says:
    ལོ་ 7 སྔོན།

    སྲིད་སྐྱོང་བློ་སེང་དང་ཁོང་གི་ཕྱོགས་གཏོགས་རྣམས་ཀྱིས་ད་ལྟ་ནས་རྨི་བཞིན་པའི་རྨི་ལམ།

    ༡༽ ད་རེས་སྐུ་ངོ་སྤེན་ཚེ་གནས་དབྱུང་བཏང་བ་དང་དེའི་གསལ་བཤད་རྣམས་ནི་གཙོ་བོ་སྐུ་ངོ་སྤེན་ཚེ་ནག་པོ་བཟོ་ནས་སྤྱི་ཚོགས་ནང་དུ་མགོ་བོ་འདེགས་རྒྱུ་མེད་པར་བཟོ་ཆེད་རེད། དེ་ཡིན་དགོས་དོན་ནི། མ་འོངས་པར་ཕྱི་ལོ་ ༢༠༢༡ ལོར་སྲིད་སྐྱོང་གི་འོས་བསྡུ་སླེབས་སྐབས་རྒྱབ་སྐྱོར་མི་འབྱུང་བའི་ཆེད་རེད། ད་ལྟའི་དུས་སུ་མི་མང་པོ་ཞིག་གི་སེམས་ནང་དུ་སྐུ་ངོ་སྤེན་ཚེ་ཡིས་ནག་ཉེས་གཅིག་བསགས་མེད་དམ་སྙམ་པའི་དོགས་པ་ཞིག་ཡོང་གི་ཡོད། དོགས་པ་དེ་ཡིས་ཁོང་མ་འོངས་པའི་སྲིད་སྐྱོང་གི་འོས་བསྡུ་ལ་དོ་ཕོག་འགྲོ་ཡི་མ་རེད་དམ། དེ་ཡིས་ཁོང་གི་འོས་མང་པོ་ཞིག་ཇེ་ཉུང་དུ་གཏོང་གི་མ་རེད་དམ། དེ་ཡིས་ཁོང་གི་ཁ་གཏད་དུ་ལང་མཁན་གྱི་སྲིད་སྐྱོང་འོས་མི་དེར་འོས་མང་བ་རག་གི་མ་རེད་དམ། ད་རེས་སྐུ་ངོ་སྤེན་ཚེ་ནག་པོ་བཟོ་དགོས་པའི་རྒྱུ་མཚན་དང་དགོས་དོན་གཙོ་བོ་ནི།

    ༢༽ ཕྱི་ལོ་ ༢༠༢༡ སྲིད་སྐྱོང་འོས་མིའི་ཁོངས་སུ་སྲིད་སྐྱོང་བློ་སེང་གི་ཕྱོགས་གཏོགས་བཀའ་ཟུར་རྒྱ་རི་སྒྲོལ་མ་ལང་རྒྱུ་ཡིན་པ་ཐག་གིས་ཆོད་ཡོད། རྒྱུ་མཚན་ནི་སྲིད་སྐྱོང་བློ་སེང་གི་སྲིད་སྐྱོང་ལས་ཡུན་གཉིས་པའི་བཀའ་ཤག་ནང་དུ་བཀའ་བློན་གནང་མི་དགོས་དོན་ཅི། དེའང་ཁོ་མོས་དེ་སྔོན་བཀའ་བློན་གནང་བའི་སྐབས་སུ་ནང་སྲིད་ལྷན་ཁང་དང་འབྲེལ་བའི་ལས་དོན་ཐོག་ལ་བྱས་རྗེས་མི་ཆུང་བ་ཞིག་བཞག་ཡོད་པ་ཡོངས་གྲགས་རེད། འོན་ཀྱང་བཅའ་ཁྲིམས་དོན་ཚན་ཉེར་གཅིག་པ། “སྲིད་སྐྱོང་དང་། བཀའ་བློན་གྱི་འོས་ཆོས་ཞེས་པའི་ནང་དུ། སྲིད་སྐྱོང་དང་བཀའ་བློན་གྱི་འོས་གཞིར་རུང་བའི་སྐྱེ་བོ་ནི། (༧) ཡུན་ཚད་གཉིས་བསྟུད་མར་སྲིད་སྐྱོང་ངམ་བཀའ་བློན་གྱི་ལས་འཁུར་བྱེད་བཞིན་པ་མ་ཡིན་པ། “ ཞེས་འཁོད་པ་ལྟར་བཀའ་ཟུར་རྒྱ་རི་སྒྲོལ་མ་བཀའ་བློན་གྱི་ལས་གནས་མུ་མཐུད་ནས་བཀའ་བློན་གནང་མེད། དེ་ནི་གཙོ་བོ་ཕྱི་ལོ་ ༢༠༢༡ ལོར་སྲིད་སྐྱོང་བློ་སེང་གི་སྲིད་སྐྱོང་ལས་ཡུན་གཉིས་པའི་རྗེས་ཀྱི་སྲིད་སྐྱོང་དུ་ལང་རྒྱུའི་དམིགས་ནས་རེད། དེ་ནི་སྲིད་སྐྱོང་བློ་སེང་དང་ཁོང་གི་ཕྱོགས་གཏོགས་རྣམས་ཀྱི་ད་ལྟ་ནས་རྨི་བཞིན་པའི་རྨི་ལམ་ཞིག་རེད་ལ། དེར་ཁོང་ཚོས་ད་ལྟ་ནས་འབད་རྩོལ་ཡང་ལྷོད་མེད་བྱེད་བཞིན་ཡོད། འབད་རྩོལ་བྱས་པའི་ལས་དོན་ཐོག་མ་ནི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་ནང་དུ་ཕལ་ཆེར་རེ་བ་ཅན་གྱི་འོས་མི་སྐུ་ངོ་སྤེན་ཚེ་ནག་པོ་བཟོས་ནས་སྤྱི་ཚོགས་ནང་དུ་ཁོང་གི་རྒྱབ་སྐྱོར་བའི་གྲངས་ཇེ་ཉུང་དུ་གཏོང་རྒྱུ་དེ་རེད། (ཀློག་པ་པོ་ཁྱེད་ཚོས་རིམ་གྱིས་ཤེས་ཀྱི་རེད།)

    Reply
  9. བསེ་རུ་ཟང་ཐལ། says:
    ལོ་ 7 སྔོན།

    སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ་དང་ཐོག་ནས་ཡིད་ཆེས་རྩ་བ་ཉིད་ནས་བྱས་མེད་ལ་ད་ཆའང་བྱེད་ཐབས་མི་འདུག། རྒྱུ་མཚན་གསུམ་ཡོད། ༡) ཁོང་གིས་ཕྱོགས་གཅིག་ནས་༧གོང་ས་མཆོག་ལ་དད་པ་མོས་གུས་ང་ལས་ཆེ་བ་མེད་ཤོད་ཀྱི་ཡོད། དེ་སྐྱག་རྫུན་རེད། ༢) ཕྱོགས་གཞན་ཞིག་ནས་སྤྱི་ལྷན་ནང་རྟག་ཏུ་༧གོང་མཆོག་དང་དགའ་ལྡན་ཕོ་བྲང་ལ་ཟུར་ཟ་བྱེད་མཁན་སྤྱི་མཐུས་ཐ་ན་རང་ཉིད་ས་གནས་རྡ་སར་ཡོད་བཞིན་དུ་གཙུག་ལག་ཁང་དུ་༧གོང་ས་མཆོག་གི་བརྟན་བཞུགས་མཛད་སྒོར་ཡང་ཆེད་དུ་མི་བཅར་མཁན་དེ་ཚོ་ཁོང་གིས་དབང་འཛིན་སྒེར་བདག་བྱེད་སའི་བང་མཛོད་ལྟ་བུར་གསང་གསང་གསང་ལ་བློ་འགེལ་ཡིད་ཆེས་བྱེད་པ་དང་བདག་པོ་བརྒྱག་ནས་བསྡད་ཡོད། ༣) ཁོང་ལ་གཞི་རྩའི་བོད་ཀྱི་ཆོས་དང་རིག་གཞུང་གི་ཞག་རྩི་ཡོད་རྒྱུ་ཕར་བཞག་ཐ་ན་བོད་ཀྱི་སྐད་དང་ཡི་གེ་ཡང་ཡག་པོ་མི་མཁྱེན་པས་བྱུར་རྒྱལ་ཞིག་ཡིན། གཏམ་དྲིས་ན་མི་ཤེས་སྒུག་ན་ཤེས་ཟེར་སྲོལ་ཡོད་པ་ལྟར་རིམ་པས་གསལ་ཁ་ཡོང་ངེས་རེད། བོད་མི་ཚོས་ད་གཟབ་དགོས།

    Reply
  10. འཛུམ་ཤུལ་ཐབས་མཁས། says:
    ལོ་ 7 སྔོན།

    སང་དཱ་ལེ་མོ་སོ།
    སྐུ་ངོ་བློ་བཟང་སེང་གེ།
    རྐུན་མའི་རྒྱབ་རྩ་མ་བྱེད།
    ཨ་སྒོར་ས་ཡ་ཕྱེད་ཀ།།
    “ཕྱིར་སྤྲད་རྩིས་ཁྲ་”མེད་ན།།
    གསང་དང་མ་གསང་མི་འདུག།
    དོན་གཅོད་སྤེན་པ་ཚེ་རིང་།།
    བདེན་པ་མིན་ན་གང་རེད།།

    སང་དཱ་ལེ་མོ་སོ།།

    གཡུ་ཐོག་ཀརྨ་དགེ་ལེགས།།
    གསར་འགོད་གསལ་བསྒྲགས་ཐོག་ནས།།
    གསལ་བོ་གསུང་རྒྱུ་མེད་ན།།
    མི་མང་ཐུགས་སེམས་དཀྲུགས་པའི།།
    “མགོ་རྙོག་”གསུང་རྒྱུ་ཨ་ཡོད།།

    རྩིས་ཁྲ་གསལ་བོ་བཟོས་དང་།།
    ཁྲིམས་དང་སྒྲིག་གཞི་ཡོད་པའི།།
    བྱ་སྤུ་ནོན་དང་མ་ནོན།།
    གསལ་བོ་དེ་ནས་ཤེས་ཡོང་།།

    Reply
  11. ཤར་མདའ། says:
    ལོ་ 7 སྔོན།

    རེད་ངེས་པར་ཐུགས་བསམ་བཞེས་དགོས་པ་རེད་༸གོང་ས་མཆོག་གིས་སྲིད་དབང་ཡོངས་རྫོགས་རྩིས་སྤྲོད་གནང་བ་དང་འདི་འདྲ་བཀྲ་མི་ཤེས་པ་དང་མི་མང་ལ་ཡིད་ཆེས་བརླག་པའི་བྱ་སྤྱོད་འདི་འདྲ་སྤེལ་ན་སུ་ཞིག་ལ་ཡིད་ཆེས་གནང་དགོས་པ་རེད། རྒྱ་ནག་དམར་གཞུང་གིས་འུ་ཅག་ལ་འདི་འདྲ་དྲང་བདེན་མ་ཡིན་པས་བཙན་གནོན་དང་ནོར་གཅོད་གཏོང་གི་ཡོད་པ་རེད། ད་དུང་འུ་ཅག་གིས་དབུ་ཁྲིད་མཁན་རྣམ་པ་ཚོས་ཕྱག་ལས་འདི་འདྲ་གནང་བ་ཡིན་ན་ད་སུ་ཞིག་ལ་ཡིད་ཆེས་བྱེད་དགོས་པ་རེད། དེ་འདྲ་སོང་ཙང་ད་ལྟའི་གནས་སྟངས་འདི་བཀའ་ཤག་གིས་འགན་ཁུར་བས་ཐོག་ནས་ངེས་པར་གསལ་བཤད་དང་མི་མང་གིས་དངོས་འདོད་གསལ་བོ་གང་ཡིན་དང། བཀུར་འོས་དབུ་ཁྲིད་རྣམ་པས་ཐག་གཅོད་གནང་བ་ནོར་ཡོད་རྒྱུ་མ་རེད། ངེས་པར་ནག་ཉེས་གང་ཞིག་བྱས་ཡོད་མེད་གསལ་བོ་བཟོ་དགོས་པ་རེད་མ་གཏོགས་མི་མང་གཞུང་ལ་རྩི་བཀུར་མེད་པ་དང་ཡིད་ཆེས་མེད་པར་ཆག་སྲིད་པ་ཞིག་རེད་འདོད།

    Reply
  12. དགྲ་ལས་རྣམ་རྒྱལ། says:
    ལོ་ 7 སྔོན།

    1 དགེ་འདུན་རྒྱ་མཚོ། ་ལགས་ཀྱིས་སྤེལ་དོན།:
    November 14th, 2017 at 9:12 pm
    ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ལབ་ན། ཧིན་སྒོར་འབུམ་དགུ་བརྒྱ་དང་བརྒྱད་ཅུ་རེད། ཟེར

    #2 བྱང་ཆུབ་ལོ་མ། ་ལགས་ཀྱིས་སྤེལ་དོན།:
    November 14th, 2017 at 9:39 pm
    སྲིད་སྐྱོང་དང་བཀའ་ཤག་གིས་འདི་འདྲའི་དངུལ་འབོར་ཞིག་རྩིས་ཞིབ་ལ་གསང་དགོས་དོན་དང་། རྩིས་ཞིབ་ལ་ཤེས་བཅུག་པ་དོན་གཅོད་ཀྱི་ནག་ཉེས་སུ་བགྲངས་སྟངས་དེ་ད་དུང་མགོ་ཚོས་ཀྱི་མི་འདུག གངས་སྐྱིད་ཀྱི་རྩིས་ཞིབ་ལས་ཁུངས་ཀྱིས་རྩིས་ཞིབ་ཀྱི་འགྲོ་ལུགས་ཏག་ཏག་ཅིག་གནང་གིན་ཡོད་པ་ཡིན་ན། ཨ་རིའི་དོན་ཁང་གི་ཧིན་སྒོར་འགུམ་དགུ་བརྒྱ་དང་བརྒྱད་ཅུ་འདི་གང་དུ་ཕྱིན་ཡོད། གང་ན་ལྷག་ཡོད་ཐེར་འདོན་བྱེད་སྲིད་པ་རེད། གང་ལྟར། རུལ་སུངས་ཀྱི་ན་ཚ་འདི་བོད་གཞུང་གི་རྩིས་ཞིབ་ལས་ཁུངས་ལ་མི་ན་བའི་རེ་བ་བྱེད་ཀྱི་ཡོད།

    #3 གཞུང་པ་ཚེ་དབང་བསོད་ནམས་ ་ལགས་ཀྱིས་སྤེལ་དོན།:
    November 14th, 2017 at 9:40 pm
    དབུས་བོད་མིའི་སྒྲིགས་འགཛུགས་ལ་ཨ་རིར་དོན་ཁང་རྒྱག་རྒྱུའི་དངུལ་མེད་ན་གཞན་ནས་དངུལ་གཡར་ནས་དོན་ཁང་རྒྱག་རྒྱུའི་སྔོན་རྩིས་བཀའ་ཁྲོལ་སྤྱི་འཐུས་གྲོས་ཚོགས་ལ་ཞུས་ཡོད་པ་ཡིན་ནམ་གལ་སྲིད་གྲོས་ཚོགས་ལ་བཀའ་ཁྲོལ་ཞུས་མེད་ན་དཔལ་འབྱོར་དང་འབྲེལ་བའི་གནད་དོན་ལ་སོང་ཁྲིམས་འགལ་ལ་ངོས་འཛིན་དགོས་པ་རེད་དམ་ཁྲིམས་མཐུན་ལ་ངོས་འཛིན་པ་རེད་།

    #4 བདེན་པའི་རྒྱབ་ལངས། ་ལགས་ཀྱིས་སྤེལ་དོན།:
    November 14th, 2017 at 9:56 pm
    བློ་སེང་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་མིང་བྱང་དེས་འོག་ནས་རེ་བ་ཆེན་པོ་ཞིག་རྒྱབ་སྟེ་སྲིད་སྐྱོང་དུ་བསྐོས་ཡིན་བསམ་པ་དྲན། དེ་ལྟར་ཡིན་ན་གྲོས་ཚོགས་ལ་བཀའ་འཁྲོལ་མ་ཞུས་པའི་ལས་ཀ་ཚབ་ཆེན་དེ་འདྲ་རང་བྱེད་ཕོད་དམ། གལ་སྟེ་གསལ་ཁ་དང་ཁྲིམས་མཐུན་མིན་པའི་ལས་ཀ་རྫབ་ཆེན་དེ་འདྲ་བྱས་ཡོད་ན་དམངས་གཙོའི་འགྲོ་ལུགས་བཞིན་སྲིད་སྐྱོང་གོ་གནས་ནས་རྩ་དགོངས་ཞུ་འཇུག་དགོས་པ་ཡིན།

    #5 གཞུང་པ་ཚེ་དབང་བསོད་ནམས་ ་ལགས་ཀྱིས་སྤེལ་དོན།:
    November 14th, 2017 at 11:29 pm
    མང་གཙོའི་ལམ་ལུགས་ནང་མི་མང་གི་ལས་འགན་དེ་ (watch dog) བྱས་ནས་གཞུང་སྲུང་དགོས་པ་དང་མི་མང་ནས་
    (watch dog) བྱས་ནས་གཞུང་སྲུང་མ་ཐུབ་ན་(sleeping Democracy) ཆགས་ནས་སྒང་
    ནས་ག་རེ་བྱས་བྱས་དང་གང་ཁྲབ་ཁྲབ་བྱེད་སྲིད་པ་དང་ལྷག་དོན་དུ་མང་གཙོའི་སྒྲིག་འཛུགས་ནང་དཔལ་འབྱོར་གྱི་གནས་སྟངས་དེ་ཕྱི་གསལ་ནང་གསལ་དགོས་པ་དང་གཞུང་གི་ལས་འཆར་སྔོན་རྩིས་ཡོངས་རྫོགས་ཁྲིམས་བཟོ་གྲོས་ཚོགས་ཀྱི་བཀའ་ཁྲོལ་རྒྱུད་ནས་གཞུང་དངུལ་གཏོང་ལེན་གྱི་གྲོས་ཆོད་གཏན་འབེབས་དགོས་པ་ལས་གྲོས་ཚོགས་ཀྱི་བཀའ་ཁྲོལ་མེད་པར་འཛིན་སྐྱོང་ནས་དངུལ་སྒོར་མོ་གཅིག་ཕར་སྤྲོད་ཚུར་ལེན་བྱས་ཡོད་ན་དཔལ་འབྱོར་གྱི་འགྲོ་ལུགས་དང་མ་མཐུན་ནས་ཁྲིམས་འགལ་དང་སྒྲིག་འགལ་ཆེ་བཤོས་ལ་ངོས་འཛིན་བྱས་ནས་ཁྲིམས་བཟོ་གྲོས་ཚོགས་ནས་ཞིབ་འཇུགས་ཚོགས་ཆུང་བཙུགས་ནས་ཕྱི་གསལ་ནང་གསལ་བཟོ་དགོས་པ་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།

    Reply
  13. Tashi says:
    ལོ་ 7 སྔོན།

    རྐུན་མ་ཁ་བདེ་རྒྱབ་ལ། ཇག་པ་ལྕེ་བདེ་ལང་སོང་། རྐུན་ཇག་ལག་འབྲེལ་བྱས་ནས། སྤྱི་ཚོགས་དཀྲུགས་པ་་མགནང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese