མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གིས་ཆིག་བསྒྲིལ་དགོས་འབོད་གནང་བ་དང་དོན་དངོས་ཀྱི་གནས་སྟངས།

བོད་ཀྱི་དུས་བབ།
༢༠༡༨/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཐུབ་དབྱིག

༄༅། །སྤྱི་ཟླ་གསུམ་པའི་ཚེས་ ༡༠ ཉིན་བཞུགས་སྒར་དུ་གསུམ་བཅུའི་དུས་དྲན་ཐེངས་ ༥༩ པ་སྲུང་བརྩི་ཞུ་བའི་མཛད་སྒོར་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་གསུངས་འཕྲིན་སྒྲོག་སྦྱང་གནང་བའི་ནང་ “ཕྱི་ལོ་ ༡༩༦༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་འོག་བོད་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་དབུ་འཁྲིད་ཚོས་གནས་མཆོག་རྡོ་རྗེ་གདན་དུ་ཆིག་བསྒྲིལ་གོང་བུ་གཅིག་གྱུར་བྱེད་རྒྱུའི་མནའ་གན་མཐུ་མོ་ཆེ་བཞག་པ་ལྟར། བོད་མི་ཚོ་ནང་ཁུལ་ཆོལ་ཁ་དང་། ཆོས་ལུགས། ལུང་ཚན་སོགས་ཀྱི་འཐེན་འཁྱེར་མེད་པར་བོད་མི་ནང་ཁུལ་ཆིག་བསྒྲིལ་དམ་ཟབ་ཡོད་ཀྱང་། བར་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆོལ་ཁའི་འཐེན་འཁྱེར་ཡོང་བཞིན་པའི་གནས་སྟངས་ནི་བློ་ཕམ་གྱི་རང་བཞིན་ལས་མ་འདས། དེའི་རྐྱེན་པས་གཞིས་བཞུགས་བོད་མི་མང་སེམས་ཤུགས་ཆགས་གཞི་དང། ལྷག་པར་བོད་མིའི་འཐབ་རྩོད་ལའང་གནོད་གཞིར་གྱུར་ན་དེ་བས་བློ་འཚབ་བྱེད་དགོས་པ་ཞིག་རེད། ང་ཚོ་བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་ལ་དོ་ཕོག་བྱུང་ནས་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་ནུས་པ་ཉམས་རྒྱུ་དེ་ང་ཚོར་མི་དགོས་པ་དང་རྒྱ་གཞུང་ལ་དགོས་པ་དེ་ཆགས་ཀྱི་ཡོད། དེ་བཞིན་ཅོལ་ཆུང་འགའ་ཤས་ཕ་རོལ་པོའི་བེད་སྤྱོད་འོག་ཚུད་ནས་བོད་མི་ནང་ཁུལ་འཁྲུག་གཞིའི་ལག་ཆར་འགྱུར་ན་ཚད་ལས་བརྒལ་བའི་ཐབས་སྡུག་གི་གནས་སྟངས་ཤིག་རེད། དེ་འདྲ་སོང་ཙང་བྱེས་འབྱོར་བོད་མི་ཚང་མས་ཆིག་བསྒྲིལ་གྱི་གོང་བུའི་ནུས་པ་སྲ་བརྟན་དགོས་པའི་འབོད་སྐུལ་ནན་པོ་བྱེད་རྒྱུ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་དང་བཀའ་སློབ་ལམ་སྟོན་འོག་བོད་མི་རྣམས་ཡ་རབས་སྤྱོད་བཟང་དང་། ནང་ཁུལ་མཐུན་སྒྲིལ་དམ་ཟབ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། རྒྱ་གར་དང་རྒྱལ་སྤྱི་ཁྱོན་ཡོངས་ནང་བོད་དང་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་འཐོབ་བཞིན་ཡོད་པ་ཚང་མས་བློ་ངེས་དགོས་རྒྱུ་གལ་ཆེན་པོ་ཡིན “ ཞེས་གསུངས་འདུག གསུང་འཕྲིན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་དབུ་ཁྲིད་ཚོས་མནའ་འགན་མཐུ་མོ་ཆེ་བཞག་པ་ཞེས་པ་དེ་ལོ་རྒྱུས་ལ་ནོར་འཁྲུལ་རེད། བོད་ཤིང་ཕག་ཟླ་བ་༡༢ ཚེས་ ༧ ཉིན་གནས་མཆོག་རྡོར་རྗེ་གདན་དུ་བཞག་པའི་མནའ་གན་མཐུ་མོ་ཆེ་དེ་སྤྱི་ལོ་ ༡༩༦༠ ལོར་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་འཐུས་མི་རྣམས་གནས་མཆོག་རྡོར་རྗེ་གདན་དུ་འདུ་འཛོམས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་སྦྲགས་བླང་དོར་ཞུ་སྒོའི་མནའ་གན་དམ་བཅའ་ཕུལ་པ་གཅིག་ཡིན་པ་ལས་ (བོད་ཀྱི་དཔེ་མཛོད་ཁང་གིས་ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ ༢༤ ཤོག་གྲངས་ ༢༡༧ ནང་གསལ་ རྒྱ་གར་གྱི་ས་གནས་ཁག་ནས་ས་དགེ་བཀའ་རྙིང་དང་གཞུང་ཞབས་ལས་ཟུར། མི་འཐུས་བཅས་མི་འཐུས་གྲངས་ ༢༧ གྱི་མང་རྟགས་བཀོད་ཡོད་) སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱི་གཏམ་བཤད་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་དབུ་ཁྲིད་རྣམས་ཀྱིས་མནའ་གན་མཐུ་མོ་ཆེ་བཞག་པ་ཞེས་པ་དངོས་བདེན་མིན། དེ་ཡང་ཡིག་ཆ་དེའི་ནང་གསལ་ “རབ་བྱུང་ ༡༦ པའི་བོད་ས་ཕག་ཟླ་ ༡༢ ཚེས་ ༧ ལ། དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དང་། དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏི། བསྟན་སྲུང་དམ་ཅན་རྒྱ་མཚོ་དཔང་དུ་བཙུགས། ཕན་བདེའི་འབྱུང་གནས་ལུགས་གཉིས་ཀྱི་༸གོང་མ་ཁྲིམས་བདག་རིན་པོ་ཆེའི་༸ཞབས་དྲུང་དུ།” ཞེས་དང་། མཇུག་ཏུ་ཅེས་ “ཇི་སྲིད་བར་དེ་སྲིད་རྩ་འཛིན་སྤྱི་མཐུན་གན་རྒྱར་མིང་རྟགས་རིམ་འབུལ་ཞུས་གྲས” ཞེས་པའི་འོག་མིང་གནས་དང་ས་རྟགས་བཀོད་ཡོད། སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་བཀའ་ཤག་གིས་དེ་ལ་ནོར་འཁྲུལ་བཟོ་བཅོས་གནང་དགོས་པ་ཡིན།

སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་ཡིག་ཐོག་གཏམ་བཤད་སྒྲོག་སྦྱང་གནང་རྗེས་ངག་ཐོག་གཏམ་བཤད་གནང་བའི་ནང་ད་དུང་བློ་འཚབ་བྱེད་དགོས་པའི་གནད་དོན་ཁག་གཅིག་གསུངས་པ་ནི་ད་ཡོད་སྤྱི་ཚོགས་ནང་མ་མཐུན་པའི་འགལ་ཟླ་ཡོད་པ་དེ་གསལ་ཐབས་ལས་ལྡོག་སྟེ་དཀའ་རྙོག་འདི་མུ་མཐུད་རྒྱུན་གནས་རྒྱུའི་ཆ་རྐྱེན་བསྐྲུན་སོང་སྙམ། སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་འདས་པའི་དུས་སུ་ཆོལ་ཁ་གསུམ་ཀ་ནས་ཞབས་འདྲེན་ཞུ་མཁན་བྱུང་ཡོད། དབུས་གཙང་ནས་ཞབས་འདྲེན་ཞུ་མཁན་བྱུང་ཡོད། ཁམས་པ་ནས་ཞབས་འདྲེན་ཞུ་མཁན་བྱུང་ཡོད། ཨ་མདོ་ནས་ཞབས་འདྲེན་ཞུ་མཁན་བྱུང་ཡོད་ཅེས་གསུངས་པ་བཞིན་ཆོལ་ཁ་སོ་སོ་ནས་ཞབས་འདྲེན་ཞུ་མཁན་སུ་དང་སུ་ཡིན་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལ་མིང་འདོན་གནང་རྒྱུ་ཡོད་ཀྱི་རེད། དེ་བཞིན་བཀའ་ཤག་གི་ཐག་གཅོད་གནང་ཕྱོགས་ལ་ངོ་རྒོལ་བྱེད་མཁན་དང་འདོད་པ་མེད་མཁན་ཚོས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་བྱེད་ཆོག་གི་རེད་ཅེས་གསུངས་ནས་བཀའ་ཤག་ལ་ཁྲིམས་གཏུགས་བྱ་རྒྱུར་སེམས་བསྐུལ་བཏང་བ་རེད། མང་གཙོའི་ལམ་ལུགས་ལ་དེ་འདྲ་ཞིག་ཡོད་པ་ཀུན་གྱིས་ཤེས་ཀྱི་ཡོད་ནའང། བོད་མིའི་གནས་བབས་འདི་འདྲ་ཞིག་ལ་མང་ཚོགས་ཀྱིས་བཀའ་ཤག་ལ་ཁྲིམས་གཏུགས་བྱེད་པ་སོགས་མི་དགོས་པ་ཞིག་རེད། གཅིག་བྱས་ན་སྲིད་སྐྱོང་བློ་བཟང་སེངྒེ་ལགས་སུ་ཁ་མཆུ་དེ་ནས་རྒྱལ་ཁ་ཐོབ་རྒྱུའི་གདེང་ཚོད་དང་ཡིད་ཆེས་ཡོད་སྲིད། འོན་ཀྱང་ཁྲིམས་གཏུག་གི་དུས་ཡུན་དེའི་རིང་འཛིན་སྐྱོང་གི་དུས་ཚོད་དང་མི་རྒྱུའི་འགྲོ་གྲོན་གཏོང་དགོས་པ་མ་ཟད། མང་ཚོགས་ནང་དོན་མེད་ལབ་གླེང་རྒྱུན་མི་ཆད་པར་གནས་རྒྱུའི་གཞི་རྩར་འགྱུར་ཉེན་ཡོད། བཀའ་ཤག་གིས་བོད་མིའི་ཆིག་བསྒྲིལ་དང་བརྟན་ལྷིང་གལ་ཆེར་དགོས་པའི་འདུན་པ་དང་ངོས་འཛིན་གནང་གི་ཡོད་ན། དེ་འདྲིའི་གཏམ་བཤད་གནང་རྒྱུ་ནི་ཐབས་ཇུས་བཟང་པོ་ཞིག་གཏན་ནས་མིན།

བཀའ་ཤག་གི་གསུང་འཕྲིན་ནང་བར་ལམ་ནས་ཆོལ་ཁའི་འཐེན་བྱུང་བ་དང་དེས་རྒྱ་ཕྱོགས་ལ་དགོས་པ་ཞིག་ལས་རང་ཕྱོགས་ལ་དགོས་པ་ཞིག་མིན་སྐོར་གསུངས་ནས་བོད་མི་ཚོར་ཆིག་བསྒྲིལ་དགོས་པའི་འབོད་བསྐུལ་གནང་འདུག བཀའ་ཤག་གིས་དེ་ལྟར་འབོད་བསྐུལ་གནང་བ་དེ་དགོས་ངེས་དང་འོས་ཤིང་འཚམས་པ་ཞིག་རེད། འོན་ཀྱང་སྲིད་སྐྱོང་བློ་སེངྒེ་ལགས་ཀྱིས་དབུ་ཁྲིད་པའི་བཀའ་ཤག་གིས་ད་ཡོད་ཆོལ་ཁའི་འཐེན་འཁྱེར་ཟེར་བ་དེ་མ་བྱུང་གོང་སྤེན་པ་ཚེ་རིང་ལགས་ལས་མཚམས་འཇོག་དགོས་པའི་ཐག་གཅོད་གནང་སྐབས་ཞིབ་ཏུ་དགོངས་པ་བཞེས་ཐུབ་ཡོད་དམ་ཞེ་ན། ད་བར་གྱི་བྱུང་རིམ་ལ་དཔྱད་ཚེ་དེ་འདྲའི་ཐུགས་ཞིབ་ཟབ་ནན་དང་སྤྱི་ཚོགས་ཆམ་མཐུན་དང་ལྷིང་འཇགས་ལ་འགན་འཁུར་བཞེས་མེད་པ་དེ་གསལ་པོ་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་དུམ་བུར་སོང་བའི་དཀའ་ངལ་གྱི་རྐྱེན་རྩ་ནི་བཀའ་ཤག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་གློ་བུར་ལས་མཚམས་འཇོག་དགོས་པའི་ཐག་གཅོད་ཀྱི་བརྒྱུད་རིམ་དེ་ཡིན་པ་དང་། སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་བཀའ་བློན་རྣམས་ཀྱིས་ཐག་གཅོད་དེ་གནང་སྐབས་བོད་མིའི་ཆིག་བསྒྲིལ་ལས། སོ་སོའི་བསམ་བློ་དང་མངོན་འདོད་རྩ་བ་ཆེ་བར་ངོས་འཛིན་གནང་ཡོད་པ་དེ་ནི་ཐག་གཅོད་ཀྱི་བརྒྱུད་རིམ་ནས་གསལ་པོ་རྟོགས་ཐུབ། སྤྱི་འཐུས་ཚོགས་གཙོ་ཟུར་སྤེན་པ་ཚེ་རིང་ལགས་ནི་སྲིད་སྐྱོང་གི་འོས་མི་གཅིག་ཡིན་པ་མ་ཟད། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་གང་ཙམ་ཡོད་ཅིང་། མང་ཚོགས་ནང་ཁོང་ནི་བོད་པ་མི་རབས་གསར་པའི་ནང་འཇོན་ཐང་ཅན་ཞིག་དང་ལྷག་བསམ་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་བཀའ་ཤག་གིས་དགོངས་པར་མངའ་དགོས་པ་དང་། སྤེན་པ་ཚེ་རིང་ལགས་ལས་མཚམས་འཇོག་དགོས་པའི་ཐག་གཅོད་ཀྱི་གསལ་བཤད་དང་རྒྱུ་མཚན་གསུངས་པའི་ནང་ཁོང་གིས་སྐུ་ཚབ་དོན་གཅོད་ཀྱི་ལས་དོན་གནང་ཕྱོགས་དང་གཞུང་གི་སྲིད་བྱུས་ལས་འགལ་འཛོལ་བྱུང་བ། ཡང་ན་ལྐོག་ཟ་རུལ་སུངས་དང་གཞུང་དངུལ་སྒེར་སྤྱོད་བྱས་པ། ལས་འགན་ཞུ་ཕྱོགས་ལ་འཐུད་ཤོར་ཆེན་པོ་བྱུང་བ་བཅས་རྒྱུ་མཚན་ལ་བརྟེན་ནས་ཐག་གཅོད་གནང་ཡོད་ན། སྤྱི་ཚོགས་ནང་ད་ལྟའི་གནས་སྟངས་འདི་ཡོང་ཐབས་མེད། འོན་ཀྱང་བཀའ་ཤག་གིས་དོན་ཚན་བཅུ་ཅན་གྱི་གསལ་བསྒྲགས་དེའི་ནང་གནད་དོན་དེ་འདྲ་གཅིག་ཀྱང་མེད་པ་མ་ཟད། སྤེན་པ་ཚེ་རིང་ལགས་ཀྱིས་ལས་མཚམས་བཞག་རྗེས་དོན་ཚན་སོ་སོར་གསལ་བཤད་ལན་འདེབས་གནང་རྗེས་བཀའ་ཤག་གིས་དེ་དག་ལ་ལན་འདེབས་གང་ཡང་གནང་མེད་པ་དེས་མང་ཚོགས་ནང་བཀའ་ཤག་གིས་སྤེན་པ་ཚེ་རིང་ལགས་ལ་ཐག་གཅོད་གནང་ཕྱོགས་དེ་དྲང་བདེན་མིན་པར་ངོས་འཛིན་བྱས་ཏེ། སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལ་ངོ་རྒོལ་དང་བཀའ་ཤག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་སྤེན་པ་ཚེ་རིང་ལགས་གཉིས་ཆབ་སྲིད་ཀྱི་ཁ་གཏད་ཡིན་པར་བརྟེན་བཀའ་ཤག་གི་ཐག་གཅོད་གནང་བ་དེ་འོས་བསྡུའི་སྐབས་ཀྱི་ཁ་གཏད་ལ་དགྲ་ཤ་ལེན་པར་ངོས་འཛིན་བྱེད་མཁན་ཡང་ཡོད། གནས་ཚུལ་དེས་རྐྱེན་གྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་སུ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་མཁན་ཚན་པ་གཅིག་དང་། དེ་ལ་ཁ་གཏད་དང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ལ་རྒྱབ་སྐྱོར་བྱེད་མཁན་སྡེ་ཚན་གཅིག་བཅས་ཤོག་ཁ་གཉིས་ཡོད། ཤོག་ཁ་གཉིས་ཀའི་ནང་ཆོལ་ཁ་གསུམ་གྱི་མི་མང་ཡོད་པར་བརྟེན་ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དཀའ་རྙོག་ཡོད་བཞིན་པ་འདི་བཀའ་ཤག་གིས་གསུང་པ་བཞིན་ཆོལ་ཁའི་འཐེན་འཁྱེར་ལས་བྱུང་བ་ཞིག་ཡིན་པ་ངོས་འཛིན་བྱེད་དཀའ།

འདིར་བརྗོད་པར་འདོད་པ་དེ་ནི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་ཆིག་བསྒྲིལ་གལ་ཆེའི་སྐོར་གསུངས་པ་དེ་བཀའ་ཤག་ལ་དོན་དམ་གྱི་ཐུགས་འཚབ་དང་ཐུགས་འགན་གཅིག་བཞེས་གནང་གི་ཡོད་ན། གནས་ཚུལ་དེ་མ་བྱུང་གོང་སྲིད་སྐྱོང་དང་བཀའ་བློན་རྣམས་ཀྱིས་བོད་མིའི་ཆིག་བསྒྲིལ་དང་སྤྱི་ཚོགས་ལྷིང་འཇགས་གལ་ཆེར་དགོངས་པ་ཅིའི་ཕྱིར་བཞེས་ཐུབ་མེད་དམ། དེས་མ་ཚད་ཐག་གཅོད་དེ་གནང་རྗེས་སྤྱི་ཚོགས་ནང་བརྟན་ལྷིང་མེད་པའི་གནས་སྟངས་ཡོད་མུས་སུའང་། སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་ནུབ་ཕྱོགས་ཡུལ་གྲུར་གཟིགས་བསྐོར་གནང་སྐབས་རྨ་ཁ་དེ་གསོ་རྒྱུའི་ཚབ་ཏུ་གསུང་བཤད་ངར་ཤུགས་ཆེ་ལ་ངོ་རྒོལ་དང་ཞུ་འབོད་བྱེད་མཁན་རྣམས་རང་གི་ཁ་གཏད་ཡིན་པར་ངོས་འཛིན་གནང་ལྟབ་་བུའི་སྐྱོན་བརྗོད་གནང་ཡོད། གལ་སྲིད་ཆིག་བསྒྲིལ་གལ་ཆེར་དགོངས་ཀྱི་ཡོད་ན་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོས་ངོ་རྒོལ་བྱེད་མཁན་ཚོར་ཐུག་འཕྲད་གནང་ནས་གསལ་བཤད་གནང་རྒྱུའི་ཐབས་ཤེས་ཅིའི་ཕྱིར་གནང་གི་མེད་དམ། ད་དུང་ད་ལྟ་འཚོག་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་དབུས་སྤྱི་འཐུས་རྣམ་པ་བཅས་ཀྱིས་གནས་སྟངས་དེར་གདོང་ལེན་དང་ཐག་གཅོད་ཇི་འདྲ་ཞིག་གནང་འཆར་ཡོད། སྤྱི་ཚོགས་ནང་ཟང་ཟིང་དང་བརྟན་ལྷིང་མེད་པ། ནང་ཁུལ་མ་མཐུན་པའི་གནས་སྟངས་ཀྱི་སྐབས་སུ་ཆབ་སྲིད་དབུ་ཁྲིད་ཚོས་སོ་སོའི་འདོད་ཕྱོགས་དང་ཁེ་ཕན་རྣམས་བློས་གཏོང་གནང་ནས་སྤྱི་བའི་སྒྲིག་འཛུགས་གལ་ཆེ་བའི་འགན་འཁུར་བཞེས་ཐུབ་ན་དེ་ནི་རླབས་ཆེན་གྱི་དབུ་ཁྲིད་གཅིག་རེད། སེམས་འཚབ་བྱེད་དགོས་པའི་གནད་དོན་གཞན་གཅིག་ནི། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་གནས་ཚུལ་དེ་བྱུང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པའི་ཁོངས་སུ་ཕན་ཚུན་ཡིད་ཆེས་ཆུང་བ་དང་། གཅིག་གིས་གཅིག་ལ་བསམ་ཚུལ་བརྗེ་ལེན་བྱེད་རྒྱུར་དྭོགས་ཟོན་བྱེད་དགོས་པའི་གནས་སྟངས་ཐབས་སྡུག་ཡོད་གནས་གོ་རྒྱུ་འདུག་པ་དེ་ནི་ཧ་ཅང་བློ་འཚབ་བྱེད་དགོས་པ་ཞིག་རེད།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༧ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 3

  1. ཚེ་སྒྲོན། says:
    ལོ་ 7 སྔོན།

    ངེས་དངོས་གནས་ཧ་གོ་ཡི་མི་འདུག
    བོད་མི་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་ཡོད་ལབ་ཀྱི་ཡོག་རེད།ནང་པ་སངས་རྒྱས་ཀྱིས་ཆོས་བྱེད་བཞིན་ཡོད་ཟེར་གྱི་ཡོག་རེད།བོད་མི་འགའ་ཤས་ཀྱི་བྱེད་སྟངས་དུད་འགྲོ་ལས་སྡུག་བས།གཞིར་མེད་སྐྱོན་བརྗོད་གང་ཐུབ་ཐུབ་བྱེད་བཞིན་ཡོད་པ་དེ་བོད་མི་བཟང་སྤྱོད་རེད་དམ།གལ་ཏེ་དངོས་ཡོད་ཀྱི་གནས་ཚུལ་ཡོད་ན།སེམས་ཤུགས་ཡོད་ན་ཁྲིམས་ཁང་དུ་སྐྱེལ་ནས་གཙང་མ་བཟོས་ན་འགྲིག་གི་རེད་བ།སྤྱང་ཀི་ནང་བཞིན་ངུར་བསྡད་ན་ཕན་ཐོག་ག་རེ་ཡོག་རེད།སྤྱང་ཀི་སེམས་ཅན་གཞན་དག་བཟའ་རྒྱུ་རག་མ་སོང་ཟེར་ངུར་གྱི་ཡོག་རེད།ཁྱེད་ཚོས་དེ་ནང་བཞིན་རེད།ཤེས་སོང་ངམ།

    Reply
  2. Ganchab says:
    ལོ་ 7 སྔོན།

    ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་འོག་ཞེས་པའི་” འོག་” དེའི་གོ་དོན་རྟོགས་མི་འདུག་བ། ཧ་ཧ་ཧ་ཧ་འོག་ཞེས་པའི་གོ་དོན་ག་རེ་ཡིན་ནམ། ད་དུང་གཞི་མེད་སྐྱོན་བརྗོད་འདྲ།་་་་་་་་་་

    Reply
  3. བོད་དགའ་ says:
    ལོ་ 7 སྔོན།

    དམར་ཚོགས་སྤེན་ཚོགས་གཉིས་མིང་ཙམ་མ་གཏོགས་དམིགས་ཡུལ་གཅིག་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese