རྩོམ་མཁན། ཕུན་ཚོགས་སྟོབས་ལྡན། (P. Stobdan)
སྒྱུར་མཁན། ཡེ་ཤེས་དོན་གྲུབ།
ཉེ་ཆར་རྒྱ་གར་དབུས་གཞུང་གིས་གཞུང་གི་ལས་བྱེད་རྣམས་ལ་ཏཱ་ལའི་བླ་མ་མཆོག་གི་མཛད་སྒོར་བཅར་མི་འོས་པའི་སློབ་སྟོན་བརྡ་ཐོ་ཞིག་བཏང་བ་དེས། དབུས་བོད་མིའི་སྒྲིག་འཛུགས་ལ་བློ་ཕམ་དང་བཙན་བྱོལ་བོད་མིའི་ཆོས་ལུགས་ཀྱི་དབུ་ཁྲིད་སྐུ་སྒེར་ལ་སྟབས་མི་བདེ་བ་བཟོས་ཡོད། དེ་བཞིན་ང་ཚོས་ཚོད་དཔག་བྱེད་ཐུབ་པ་ལྟར། རྒྱུན་ལྡན་བཞིན་མི་ཁག་ཅིག་གིས་རྒྱ་གར་གཞུང་ལ་ཚད་ལས་འདས་པའི་སྐྱོན་བརྗོད་བྱས་ཡོད་པ་རེད། ཁོང་ཚོས་བརྗོད་དོན། རྒྱ་གར་གྱིས་“བོད་དོན་ཏག་སེ་” དེ་འདོར་བ་མ་ཟད། རྒྱ་ནག་གི་ཕྱོགས་ནས་ཚུར་ཁེ་ཕན་ཐོབ་རྒྱུ་ངེས་གཏན་གང་ཡང་མེད་ཀྱང་རྒྱ་ནག་གི་དབང་ཤེད་ལ་མགོ་སྒུར་བ་ནི་ཅོལ་ཆུང་རེད་ཅེས་སྐྱོན་བརྗོད་བྱས་ཡོད། ཡང་ཕྱོགས་གཞན་ནས་གསར་འགྱུར་བརྒྱུད་ལམ་ཁག་ནང་མི་ཁག་ཅིག་གིས་མོ་ཌིའི་གཞུང་གིས་བོད་དོན་”ཏག་སེ་” རྩེ་ཐབས་བཞག་ནས་སྔོན་ལ་རྒྱ་གར་མི་དམངས་དུང་ཕྱུར་བཅུ་གཉིས་ཀྱི་བདེ་སྡུག་ལ་དོ་སྣང་བྱེད་དགོས་ཞེས་བརྗོད་ཀྱི་ཡོད།
རྙོག་འཛིང་ཅན་གྱི་ལམ།
རྒྱ་གར་གཞུང་གི་ཉེ་ཆར་སྲིད་བྱུས་དེ་ལ་དྲི་བ་གལ་ཆེན་ཞིག་དྲི་དགོས་ངེས་རེད། དེ་ནི་རྒྱ་གར་གྱིས་རྒྱ་ནག་དང་མཉམ་དུ་འབྲེལ་བ་བྱེད་སྐབས་ཚུར་ཁེ་ཕན་ཆེན་པོ་ལེན་ཐུབ་པའི་ “བོད་དོན་ཏག་སེ་” བྱ་བ་དེ་གང་ཡིན་ནམ།
དངོས་ཡོད་གནས་ཚུལ་ནི། བོད་དོན་ཏག་སེ་ཟེར་བ་དང་པོ་ཐོག་མ་ནས་ཡོད་པ་ཞིག་མ་རེད། ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་བོད་མི་ཚོས་རྒྱ་ནག་མཉམ་དུ་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པ་བཞག་སྟེ་བོད་རང་བཙན་བློས་གཏོང་བྱས་ཟིན་པར་བརྟེན། སྐབས་དེར་རྒྱ་གར་ལ་བྱ་ཐབས་གཞན་གང་ཡང་བྱུང་མེད། བོད་མི་ཁོ་རང་ཚོས་རྒྱ་ནག་འོག་ཏུ་སྡོད་རྒྱུའི་ཐག་གཅོད་ཁ་གསལ་བྱས་པའི་རྗེས། གཞི་ནས་རྒྱ་གར་གྱིས་ཕྱི་ལོ་ ༡༩༥༤ ཟླ་ ༤ ཚེས་ ༢༩ ཉིན་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱས་པ་རེད། དུས་དེ་ནས་བཟུང་རྒྱ་གར་གྱིས་ལངས་ཕྱོགས་དེ་ལ་འགྱུར་བ་ནམ་ཡང་བཏང་མེད་ཅིང་། ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་ལངས་སྐབས་ཀྱང་སྲིད་བྱུས་དེ་ལ་འགྱུར་བ་བཏང་མེད། ཕྱི་ལོ་ ༢༠༠༣ ཟླ་ ༦ ཚེས་ ༢༣ ཉིན་ཝ་ཇི་པ་ཡི་(Vajpayee) གཞུང་གིས་བོད་རང་སྐྱོང་ལྗོངས་ནི་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱས་པ་རེད། དེའི་ལེགས་སྐྱེས་སུ་ཕྱི་ལོ་ ༢༠༠༥ ཟླ་ ༤ པའི་ནང་རྒྱ་ནག་གི་སྲིད་བློན་ཝུན་ཅྰ་པའོ་ (Wen Jiabao) རྒྱ་གར་ལ་འཚམས་གཟིགས་གནང་ཡོད་པ་མ་ཟད། འབྲས་ལྗོངས་ནི་རྒྱ་གར་གྱི་ས་ཁུལ་ཡིན་པར་གཞུང་འབྲེལ་ཐོག་ངོས་འཛིན་བྱས་ཡོད། དེར་བརྟེན་བོད་ཀྱི་གནད་དོན་ནི་ཚར་ཚར་བ་རེད། རྒྱ་གར་ངོས་ནས་རྒྱ་གར་གྱི་ས་ཆའི་སྟེང་དུ་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་རིགས་གང་ཡང་སྤེལ་རྒྱུར་ཆོག་མཆན་སྤྲོད་ཀྱི་མིན་ཞེས་ཁས་ལེན་བྱས་ཤིང་། རྒྱ་གར་གྱིས་སྐད་ཆ་འདི་ཡང་ཡང་བརྗོད་ཀྱི་ཡོད།
གཉིས་པ། རྒྱ་གར་དབྱིན་ཇིའི་གཞུང་གིས་ཀྱང་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ཁ་གསལ་ཐོག་ངོས་འཛིན་བྱས་མེད་ཅིང་། དེའི་ཚབ་ཏུ་བོད་དང་ཚོང་འབྲེལ་རྒྱུན་སྐྱོང་བྱ་རྒྱུ་དང་། ཨུ་རུ་སུའི་དབང་ཤུགས་བོད་ནང་མ་སླེབས་པར་བཀག་འགོག་བྱ་རྒྱུ། བོད་གཞུང་གིས་བོད་དང་རིག་གཞུང་འབྲེལ་ཡོད་རྒྱ་གར་ཧི་མ་ལའི་ས་ཁུལ་རྣམས་བོད་ཀྱི་ས་ཆ་ཡིན་ཁུལ་རྩོད་གླེང་བྱེད་ཀྱི་ཡོད་པ་དེ་རིགས་བཀག་འགོག་སླད་བོད་རང་སྲིད་རང་སྐྱོང་ཡིན་པར་ངོས་འཛིན་བྱས་པ་རེད།
གསུམ་པ། བོད་པས་རྒྱ་གར་གྱི་ས་ཆ་ཁག་ཅིག་བོད་ཀྱི་ས་ཆ་ཡིན་ཚུལ་རྩོད་གླེང་བྱེད་པ་དེ་རྒྱ་གར་ལ་དཀའ་ངལ་ཞིག་རེད། ཧང་སངས་དགོས་པ་ཞིག་ལ། རྒྱ་གར་རང་བཙན་ཐོབ་ནས་ཟླ་བ་གཉིས་ཙམ་མ་ཟིན་ཀྱང་བོད་གཞུང་གིས་(ཕྱི་ལོ་ ༡༩༤༧ ཟླ་ ༡༠ ཚེས་ ༡༦) རྒྱ་གར་གཞུང་གསར་པ་ལ་བློ་ཡུལ་ལས་འདས་པའི་སྦྲག་ཏར་ཐེངས་གཉིས་བཏང་སྟེ། ཝ་ལུང་། མོན། འབྲུག འབྲས་ལྗོངས། རྡོ་རྗེ་གླིང་། བློ་བོ། ལ་དྭགས་སོགས་སྔར་བོད་ཀྱི་ས་ཆ་(ཤོར་བ་)རྣམས་བོད་ལ་ཕྱིར་སྤྲོད་དགོས་ཚུལ་བརྗོད་ཡོད། དོན་དག་སྙིང་པོ་ནི། བོད་ཀྱིས་རྒྱ་གར་གྱི་ཆུ་བོ་གཱང་གའི་མཚམས་བར་དུ་བོད་ཀྱི་ས་ཆ་ཡིན་ཚུལ་བརྗོད་ཀྱི་ཡོད། སྲིད་བློན་ནེ་ཧེ་རུས་བོད་ཀྱི་རེ་སྐུལ་ལ་དང་ལེན་བྱས་མེད་པ་ནི་སྨོས་ཅི་དགོས།
དེ་ལས་ལྷག་པ་ཞིག་ལ། ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་གྱིས་བོད་གཞུང་ལ་ཕྱི་ལོ་ ༡༩༡༤ ལོར་བཞག་པའི་སིམ་ལའི་ཆིངས་ཡིག་གམ། མེག་མ་ཧོན་ས་ཐིག་ཆིངས་ཡིག་བསྐྱར་གསོ་བྱེད་དགོས་པའི་རེ་འདུན་ཞུས་ཀྱང་བོད་གཞུང་གིས་དང་ལེན་མ་བྱས་པ་མ་ཟད། རྒྱ་གར་རང་བཙན་ཐོབ་པའི་དགའ་སྟོན་རྟེན་འབྲེལ་མཛད་སྒོར་བོད་གཞུང་ནས་སྐུ་ཚབ་བཏང་ཡོད་པ་མ་རེད། དེར་བརྟེན་ཕྱི་ལོ་ ༡༩༥༠ ཟླ་ ༡༢ ཚེས་ ༦ ཉིན་སྲིད་བློན་ནེ་ཧེ་རུས་རྒྱ་ནག་གི་བོད་ཐོག་མིང་ཙམ་དབང་སྒྱུར་ཡོད་པ་ (Suzerainty) དེར་དགག་བྱ་གནང་འདོད་མེད་ཅེས་གསུངས་དགོས་པ་བྱུང་ཡོད།
བོད་གཞུང་གི་ནོར་འཁྲུལ་དེ་ལ་བརྟེན་ནས། ཕྱིས་སུ་མཱའོ་ཙེ་ཏུང་གིས་ “བོད་ནི་རྒྱ་ནག་གི་ལག་པ་གཡས་པའི་བར་ཐིལ་ཡིན་ཞིང་དེའི་མཛུབ་མོ་ལྔ་སྟེ། ལ་དྭགས། བལ་ཡུལ། འབྲས་ལྗོངས། འབྲུག ཨ་རུ་ན་ཅལ་བཅས་དང་ཡ་བྲལ་ཆགས་ཡོད་པ་རེད། ས་ཁུལ་དེ་དག་བཅིངས་འགྲོལ་གཏོང་རྒྱུ་ནི་རྒྱ་ནག་གི་ལས་འགན་རེད་ཅེས་བརྗོད་རྒྱུའི་ལག་པ་འཆང་ས་ཞིག་བྱུང་ཡོད།
བཞི་པ། མི་ཁ་ཤས་ཀྱིས་རྒྱ་གར་གྱིས་བོད་ “ཏག་སེ་” ལྟར་བེད་སྤྱོད་དགོས་ཚུལ་ཨུ་ཚུགས་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁོང་ཚོས་ག་རེ་ཤེས་དགོས་སམ་ཟེར་ན། རྒྱ་ནག་དང་བོད་ཀྱིས་བོད་དང་རིག་གཞུང་སྐད་ཡིག་འབྲེལ་བ་ཡོད་པའི་རྒྱ་གར་ས་ཁུལ་རྣམས་ཁོང་ཚོའི་ཡིན་ཚུལ་རྩོད་གླེང་བྱེད་ཀྱི་ཡོད་པར་བརྟེན། རྒྱ་གར་གྱིས་བོད་ཀྱི་གནད་དོན་དེ་རྒྱ་གར་ནང་ཁུལ་དང་རྒྱལ་སྤྱིའི་སྟེང་གླེང་སློང་བྱ་རྒྱུའི་སེམས་ཤུགས་སྐྱེད་ཀྱི་མེད་པ་རེད། བོད་མི་ཚོས་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གྲོས་གཞི་ནམ་བཏོན་ཡང་རྒྱ་གར་གྱིས་ཐབས་མཁས་ཐོག་ནས་བོད་དོན་སྐོར་སྔོན་འགྲོའི་བགྲོ་གླེང་ཙམ་མ་གཏོགས་བགྲོ་གླེང་མུ་མཐུད་ཡོང་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་པ་རེད།
རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ།
བར་སྐབས་ཤིག་ལ་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་ཐབས་བྱས་ཡོད། དེ་ཡང་ཐོག་མར་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༦ ཉིན་སྲིད་བློན་མོ་ཌི་ཡི་དམ་འབུལ་མཛད་སྒོར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ (SAARC) ཚོའི་འགོ་ཁྲིད་རྣམས་དང་མཉམ་དུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའམ་སྲིད་སྐྱོང་བློ་བཟང་སེང་གེ་ཡང་མགྲོན་འབོད་གནང་ཡོད་པ་རེད། སྐབས་དེ་དུས་གཞི་ནས་རྒྱ་གར་གྱིས་བོད་དོན་ “ཏག་སེ་” ལྟར་བེད་སྤྱོད་མངོན་གསལ་ཐོག་བྱས་ཡོད།
རྒྱ་གར་གྱི་སྲིད་བློན་ནཱ་རེན་དྲ་མོ་ཌི་མཆོག་གི་དམ་འབུལ་མཛད་སྒོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་མགྲོན་འབོད་གནང་བ།
རྒྱ་གར་གཞུང་གི་ཕྱི་སྲིད་ལྷན་ཁང་གིས་བོད་ཀྱི་གནད་དོན་ “ཏག་སེ་” ལྟར་རྩེས་ཀྱི་མེད་ཚུལ་བརྗོད་ཀྱི་ཡོད། འོན་ཀྱང་རྒྱ་གར་གཞུང་གི་སྡེ་ཚན་གཞན་ཁ་ཤས་ཀྱིས་གཞུང་དོན་ཁག་ཁ་ཤས་ནང་ཏཱ་ལའི་བླ་མ་མཆོག་མཉམ་ཞུགས་གནང་བཅུག་གི་ཡོད། དཔེར་ན་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ནང་ཏཱ་ལའི་བླ་མ་རྒྱ་གར་གྱི་སྲིད་འཛིན་བཞུགས་ཁང་ལ་གདན་འདྲེན་ཞུས་ཡོད་པ་རེད། དེ་ནི་སྔར་དང་མི་འདྲ་བའི་འགྱུར་བ་ཞིག་རེད། གང་ལགས་ཞེ་ན་དེ་སྔོན་རྒྱ་གར་གཞུང་གི་མཐོ་རིམ་མི་སྣ་ཚོས་ཁོང་ལ་མཇལ་འཕྲད་ཞུ་རྒྱུར་ཟོན་བྱེད་ཀྱི་ཡོད་པ་རེད། དེ་བཞིན་རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༡༦ ལོར་བཙན་བྱོལ་བོད་གཞུང་གིས་དྷ་རམ་ས་ལར་ཡུ་གུར་དང་རྒྱ་རིགས་ཚོ་མཉམ་དུ་མི་རིགས་མཐུན་སྒྲིལ་ཚོགས་འདུ་ཞིག་གོ་སྒྲིག་ཞུ་རྒྱུའི་ཆོག་མཆན་གནང་བ་རེད།
སྤྱིར་བཏང་གཞན་གྱི་བསམ་ཚུལ་ལ། རྒྱ་གར་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུར་ཏཱ་ལའི་བླ་མ་མཆོག་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད་བསམ་གྱི་ཡོད། དཔེར་ན། མཱ་སུདྷ་ཨ་ཤར་ (Masood Azhar) ཞེས་པ་འཇིགས་སྐུལ་དྲག་སྤྱོད་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཇིགས་སྐུལ་དྲག་སྤྱོད་པའི་མིང་གཞུང་ནང་བཀོད་རྒྱུར་རྒྱ་ནག་གིས་བཀག་པ་དང་། རྡུལ་ཕྲན་མཁོ་གཏོང་བྱེད་མཁན་རྒྱལ་ཁབ་ཚོགས་པ་ (Nuclear Supply Group) ཞེས་པའི་ཚོགས་པ་དེའི་ནང་རྒྱ་གར་འཛུལ་ཞུགས་བྱེད་མ་བཅུག་པར་བཀག་འགོག་བྱས་ཡོད། དེ་བཞིན་རྒྱ་ནག་གིས་པ་ཀི་སི་ཐན་གྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུར་འཛུགས་སྐྲུན་ལས་གཞི་ཁག་ཅིག་པ་ཀི་སི་ཐན་གྱི་མངའ་འོག་ཀ་ཤི་མིར་གྱི་ས་ཁུལ་ནང་ལག་བསྟར་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་རྒྱ་གར་གྱིས་རྒྱ་ནག་ལ་དགྲ་ལན་སློག་རྒྱུར་ཏཱ་ལའི་བླ་མ་མཆོག་བེད་སྤྱོད་བྱེད་ཀྱི་ཡོད་ཤག་རྩིས་ཀྱི་ཡོད།
གྲགས་ཅན་གསར་འགོད་པ་ཇཱོའི་ཏི་མ་ལོ་ཏྲ་ (Joyti Malhotra) ཡིས་སྔ་ལོར་རྒྱ་གར་གཞུང་གི་སྲིད་བྱུས་གདིང་མཁན་མི་སྣ་ཚོས་ཏཱ་ལའི་བླ་མ་མཆོག་སྐུ་མ་གཤེགས་སྔོན་ཁོང་བེད་སྤྱོད་གང་ཐུབ་གཏོང་མ་ཐུབ་པ་དེར་དངངས་ཚབ་སྐྱེས་ཡོད་ཚུལ་ཟུར་ཙམ་བརྗོད་ཡོད། རྒྱ་གར་གཞུང་གི་བདེ་སྲུང་དང་འབྲེལ་ཡོད་ལས་བྱེད་ཚོའི་ནང་ཁུལ་དུ་འགྲེལ་བཤད་མི་འཚམས་པ་དེ་འདྲ་བརྒྱབ་ཀྱི་ཡོད།
ཏཱ་ལའི་བླ་མ་མཆོག་གི་ངོས་ནས་རྒྱ་གར་གྱིས་ཁོང་བེད་སྤྱོད་བྱས་མ་སོང་ཞེས་གསུངས་ཀྱི་ཡོད། ད་ནིང་ཁོང་རྟ་ཝང་ལ་ཕེབས་པ་རེད། སྐབས་དེར་རྟ་དབང་མངའ་སྡེའི་ནང་སྲིད་བློན་ཆེན་ཀཱི་རེན་རི་ཇུ་(Kiren Rijiju)ཡིས་རང་ཉིད་ཏཱ་ལའི་བླ་མའི་ཕྱགས་རོགས་བློན་ཆེན་ཡིན་པ་ལྟར་ཁོང་ལ་ཕེབས་བཅར་ཞུས་ཡོད། ཏཱ་ལའི་བླ་མ་མཆོག་གི་འཚམས་གཟིགས་དེ་ཧ་ལས་པའི་གྲུབ་འབྲས་ཆེན་པོ་ཞིག་དང་། ཧ་ལམ་རྒྱ་ནག་ལ་རྒོལ་རྡུང་དྲག་པོ་བཏང་ཡོད་པ་ལྟ་བུར་བརྩིས་ཡོད། གནད་དོན་གལ་ཆེ་བ་ཞིག་ནི། རྒྱ་གར་གཞུང་གིས་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་དྭགས་ཀྱི་སྤང་གོང་མཚོའི་ཉེ་འཁྲིས་ས་ཆ་གནད་འགག་དེར་བོད་ཀྱི་རྒྱལ་དར་འཕྱར་བཅུག་པ་ནི་ལོ་རྒྱུས་ཐོག་ནོར་འཁྲུལ་ཚབས་ཆེན་པོ་རེད། རྒྱ་གར་གྱིས་མནོ་བསམ་རྩ་བ་ནས་མ་བཏང་བར་ནོར་འཁྲུལ་བྱས་པ་དེར་ཕྱིས་སུ་རྒྱ་གར་ལ་གྱོང་གུན་ཆེན་པོ་ཕོགས་ཉེན་ཡོད།
གནས་ཚུལ་དེའི་རྐྱེན་ལས་རྒྱ་ནག་གཞུང་ལ་ཕོག་ཐུག་བྱུང་སྟེ་“དེའི་གྲུབ་འབྲས་ངན་པ་ནི་ས་མཚམས་ཀྱི་གནད་དོན་ཐོག་ལ་ཡོང་གི་རེད་” ཅེས་རྒྱ་གར་ལ་སྡིགས་མོ་བྱས་ཡོད། དེ་ནས་ཟླ་བ་གཉིས་རྗེས་རྒྱ་དམག་གིས་འབྲོག་ལམ་ཁུལ་དུ་ལམ་ཁ་བཟོ་འགོ་བཙུགས་སྐབས་རྒྱ་གར་དམག་མིས་བཀག་འགོག་བྱས་ཀྱང་ཕན་ཚུན་དབར་རྩོད་རྙོག་ཤུགས་ཆེ་བྱུང་སྟེ་ཉིན་གྲངས་ ༧༣ རིང་ཐག་མ་ཆོད་པར་ལྷགས་ཤིང་། དེའི་རྗེས་གནས་ཚུལ་གང་བྱུང་ཡོད་མེད་ནི་ཚང་མས་ཤེས་གསལ་རེད།
རྒྱ་གར་གཞུང་གིས་བོད་དོན་ཏག་སེ་རྩེས་ཏེ་གྲུབ་འབྲས་ཐོན་ཡོད་མེད་ནི་བརྗོད་དཀའ། འོན་ཀྱང་ཉེ་སྔོན་ཏཱ་ལའི་བླ་མ་མཆོག་འབྲས་ལྗོངས་ཁུལ་དུ་ཉིན་བཅུའི་འཚམས་གཟིགས་བསྐྱངས་ཡོད་པ་དེ་རྒྱ་གར་གཞུང་གིས་བཀག་ཡོད་ན་འབྲོག་ལམ་གྱི་རྙོག་དྲ་དེ་བྱུང་མི་སྲིད།
རྙོག་དྲ་དང་ཟིང་ཆ་སློང་མཁན།
གནད་དོན་ཁ་གསལ་ཞིག་ནི། བོད་ཀྱི་དཀའ་རྙོག་ནང་རྒྱ་གར་འདྲུད་ཀྱི་ཡོད་པ་དང་། དེའི་ཐོག་ལ་རྒྱ་གར་ལ་གྱོང་གུན་ཤ་སྟག་ཕོག་གི་ཡོད་པ་ལོ་རྒྱུས་ཐོག་ནས་གསལ་པོ་མཐོང་ཐུབ།
ཕྱི་ལོ་ ༢༠༡༨ ལོར་བཙན་བྱོལ་བོད་གཞུང་གིས་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་མཛད་རིམ་བསྒྲིགས་པ་དེ་ཡང་བཙན་བྱོལ་བོད་མིའི་དཀའ་རྙོག་ཆེན་པོ་ཞིག་གི་ནང་རྒྱ་གར་འདྲུད་རྒྱུའི་བྱུས་ངན་ཞིག་རེད། རྙོག་དྲ་དེ་ནི་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་རེད། (ཉེ་ཆར་བཅར་འདྲི་ཞིག་ལ་) སྲིད་སྐྱོང་བློ་བཟང་སེང་གེས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་གནད་དོན་ཐོག་ (ནང་ཁུལ་དུ་) གང་མྱུར་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད། བཙན་བྱོལ་བོད་གཞུང་གིས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ནི་རྒྱ་གར་གྱི་གནད་དོན་ཡང་རེད་ཅེས་བརྗོད་འདོད་ཡོད་པ་རེད། ཁོང་ཚོས་གནད་དོན་དེའི་ནང་སོག་པོའི་བླ་མ་ཚོ་ཡང་ཚུད་ཐབས་བྱེད་སྲིད། གལ་ཏེ་རྒྱ་གར་གྱིས་གནད་དོན་དེར་ཐེ་བྱུས་བྱས་ན་རྒྱ་ནག་མཉམ་དུ་འབྲེལ་བ་སྡུག་ཏུ་ཕྱིན་ཏེ་ཕན་ཚུན་དབར་ཞེ་འཁོན་མི་རབས་ཕྱི་མ་བར་དུ་ནར་འགྱངས་བྱེད་ཀྱི་རེད། སྟབས་ལེགས་པ་ཞིག་ལ། རྒྱ་གར་གཞུང་གི་ཕྱི་སྲིད་དྲུང་ཆེ་ཝི་ཇེ་གོ་ཁ་ལེ་ (Vijay Gokhale) ཡིས་བོད་པའི་འཆར་གཞི་འདི་ཐོག་མ་ཉིད་ནས་མེད་པ་བཟོས་ཏེ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་སྡུག་ཏུ་མ་བཏང་བར་སྔོན་འགོག་བྱས་ཡོད།
ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ (Xi Jinping) མི་ཚེ་གང་པོར་སྲིད་འཛིན་གྱི་རྐུབ་སྟེགས་འཛིན་རྒྱུ་ཐག་ཆོད་པར་བརྟེན། གོང་གི་གནད་དོན་རྣམས་འདི་དང་རྒྱབ་འགལ་ཆགས་ཀྱི་རེད། ཞི་ཅིན་ཕིན་དང་ཏཱ་ལའི་བླ་མ་གཉིས་ཀྱིས་ཕན་ཚུན་དབར་གྱི་འགལ་བ་རྣམས་སེལ་ཏེ་རྩོད་རྙོག་ཐག་གཅོད་བྱེད་འདོད་ཀྱི་རྣམས་པ་ཐོན་ཡོད། དེ་ཡང་ཐོག་མར་ཏཱ་ལའི་བླ་མ་མཆོག་རིང་པོར་མ་ལོན་པར་རྒྱ་ནག་ལ་འཁྱུག་ཙམ་ཕེབས་སྲིད་ཅིང་། ད་ཆ་ཁོང་གིས་ “རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་བྱུས་” ལ་ངོས་ལེན་དང་རྒྱ་ནག་མཉམ་དུ་གནས་རྒྱུ་ཡིན་པ་ནན་བརྗོད་གནང་གི་ཡོད། དེ་ལྟར་ན་རྒྱ་ནག་གཞུང་མཉམ་དུ་གྲོས་མོལ་མྱུར་དུ་འགོ་ཚུགས་སྲིད།
རྒྱབ་ལྗོངས་འདི་ལ་བརྟེན་ནས་རྒྱ་གར་གཞུང་གི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་ལ་ཁ་གཏད་བྱེད་སྐབས་ཞི་བའི་ཐབས་ལམ་བེད་སྤྱོད་བྱ་རྒྱུ་ལེགས་པ་མཐོང་ཡོད། བོད་ཀྱི་གནད་དོན་ཐོག་བེད་སྤྱོད་བྱས་ཚེ་རྒྱ་གར་ལ་ཁེ་གྱོང་ཇི་ཙམ་ཡོང་མིན་དང་། ཡང་ན་རྒྱ་ནག་མཉམ་དུ་འབྲེལ་ལམ་གྱི་ལེའུ་གསར་པ་ཞིག་འགོ་བཙུགས་ན་ཇི་ལྟར་ཡོང་མིན་གཉིས་ཞིབ་བསྡུར་བྱེད་འདོད་ཡོད་པ་རེད་སྙམ། འོན་ཀྱང་རྒྱ་གར་གྱི་ལས་དོན་རིགས་ཁ་ཤས་ཀྱིས་རྒྱ་གར་གཞུང་གི་འཆར་གཞི་ལ་བར་ཆད་བཟོ་སྲིད་པ་རེད།
མདོ་དོན་ནི། ཏཱ་ལའི་བླ་མ་མཆོག་དང་ “བོད་དོན་ཏག་སེ་” རྩེས་པ་ཟེར་བ་སོགས་ནི་སྔར་གྲང་དམག་སྐབས་ཀྱི་སྐད་ཆ་རྙིང་པ་ཞིག་ཡིན་ཞིང་། གཙོ་བོ་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཚོས་བེད་སྤྱོད་བྱས་ཏེ་ད་བར་ལོ་དྲུག་ཅུ་ལྷག་ཙམ་དེ་མུར་ལྷག་ཡོད་པ་རེད། ཏཱ་ལའི་བླ་མ་མཆོག་དང་བོད་དོན་ཐོག་ནས་རྒྱ་གར་ལ་ནུས་པ་དམིགས་བསལ་ཞིག་ཐོབ་རྒྱུ་ལྟ་ཅི། དེ་ལས་ལྟོག་སྟེ་རྒྱ་གར་དང་དགྲའི་བར་ལ་ཕན་ཚུན་དོགས་པ་རྣམ་རྟོག་དང་སྡང་ཟུག་རྒྱུན་སྲིང་བྱེད་ཀྱི་ཡོད་པ་རེད།
སྤྱིར་བཏང་བརྗོད་སྲོལ་ལ། རྒྱ་ནག་གིས་སྟོབས་ཤུགས་ཅན་ལ་བརྩི་འཇོག་བྱེད་ཀྱི་ཡོད་པ་རེད་ཟེར་སྲོལ་ཡོད་པ་ནི་བདེན་པ་ཡིན། དེ་ལྟར་ཡང་བསམ་མེད་ཐོལ་བྱུང་ཐོག་སྟོབས་ཤུགས་ངོམ་པ་ནི་ནོར་འཁྲུལ་རེད། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱ་གར་གྱིས་ཏཱ་ལའི་བླ་མ་མཆོག་བེད་སྤྱོད་ཡག་པོ་གཏོང་ཤེས་ཀྱི་མི་འདུག་ཅེས་བརྗོད་ཡོད་པ་དེ་ཡང་དོན་ལ་གནས་ཡོད། རྒྱ་གར་ནི་མ་འོངས་པར་སྟོབས་ཆེན་རྒྱལ་ཁབ་ཏུ་འགྱུར་མཁན་ཡིན་པས་སྟོང་བསམ་དང་རྣམ་དཔྱོད་མི་ལྡན་པའི་སྲིད་བྱུས་ཀྱི་དབང་དུ་མ་སོང་བར། དངོས་ཡོད་ཀྱི་ས་ཁམས་ཆབ་སྲིད་གཞིར་བཟུང་སྲིད་བྱུས་ལག་བསྟར་བྱེད་དགོས།
ཏཱ་ལའི་བླ་མ་ཁོང་ཉིད་ཀྱིས་བོད་རང་བཙན་རྩོད་འདོད་མེད་ན། རྒྱ་གར་གཞུང་གིས་བོད་དོན་ “ཏག་སེ་” རྩེས་བ་ནི་བླུན་རྟགས་རང་བཞིན་ལས་མ་འདས། མི་ཁག་ཅིག་གིས་བོད་དོན་ཐོག་ནས་ཁེ་ཕན་ལེན་རྒྱུ་དང་དེ་བེད་སྤྱོད་བྱ་རྒྱུ་གལ་ཆེན་ཡིན་ཚུལ་ཨུ་ཚུགས་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁོང་ཚོས་ག་རེ་ཤེས་དགོས་ཞེ་ན། གནད་དོན་རྙིང་པ། རྒྱ་ནག་གི་ལག་ཏུ་ཡོད་པ་རྒྱ་གར་གྱི་ས་ཆ་ཨག་སེ་ཅིན་ (Aksai Chin) དང་། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་ཀྱི་འགྲམ་དུ་ཡོད་པ་མེན་སེར་ (Menser) རྣམས་རྒྱ་གར་ལ་ཕྱིར་སྤྲོད་དགོས་ཞེས་བརྗོད་དགོས། རྒྱ་གར་གཞུང་གིས་བཙན་བྱོལ་བོད་གཞུང་གི་གནད་དོན་ཁག་ལ་ཤུགས་སྣོན་བརྒྱབས་པ་ལས་དེའི་ཚབ་ཏུ་ཏཱ་ལའི་བླ་མ་ཁོང་འཚོ་བཞུགས་སྐབས་རྟ་དབང་དང་མ་ཕམ་གཡུ་མཚོའི་འགྲམ་གྱི་ས་ཆ་རྣམས་ལོ་རྒྱུས་ཐོག་ནས་རྒྱ་གར་གྱི་ཆ་ཤས་རེད་ཅེས་ཁ་གསལ་གསུངས་རོགས་ཞེས་ཞུ་དགོས་པ་རེད།
*རྩོམ་པ་པོ་ཕུན་ཚོགས་སྟོབས་ལྡན་ལགས་ལགས་ཀྱིས་རྒྱ་གར་གཞུང་གི་གཞུང་ཚབ་ལོ་མང་གནང་ཡོད་ཅིང་། རྒྱ་གར་གྱི་བདེ་སྲུང་གནད་དོན་ཐོག་མཁས་པ་ཞིག་རེད།
མ་ཡིག་གི་འབྲེལ་ཐག https://thewire.in/diplomacy/modi-government-folly-of-india-playing-the-tibet-card
ཝཻ། མཐོང་གི་འདུག་གས་་་ Phuntsok Topdhen
तिब्बत के लिए कभी खो दिया है? नहीं, एक हजार बार नहीं. तिब्बत मर नहीं है क्योंकि वहाँ मानव आत्मा के लिए कोई मौत नहीं होगी. ” प्रो जयप्रकाश नारायण
” Is Tibet lost for ever ? No. A thousand times No. Tibet will not die because there is no death for the human spirit.” Prof. Jayaprakash Narayan……
西藏是永远失去的吗 一千次不. 西藏不会死,因为人类精神没有死亡.
印度Jayaprakash教授纳拉扬
निश्चित रूप से, सिद्धांत मैं पकड़ के अनुसार, तिब्बत के संबंध में पिछले आवाज तिब्बत के लोगों की आवाज और किसी और की होनी चाहिए. पहली बार भारत के प्रधानमंत्री जवाहरलाल नेहरू ने ।
“……Surely, according to principle I uphold, the last Voice in regard to Tibet should be the voice of the people of Tibet and of nobody else.
” Pt. Jawaharlal Nehru, The first prime minister of India.
当然,按照我原则坚持, 最后的声音 西藏应该是西藏人民的声音,也不是任何人.
“Pt。 印度第一任总理贾瓦哈拉尔·尼赫鲁(Jawaharlal Nehru)
Aksai Chin མ་རེད། བོད་སྐད་ལ་གླིང་ཞི་ཐང་ཟེར། གངས་རིན་པོ་ཆེ་དང་ མ་ཕམ་གཡུ་མཚོ་ཚོ་ རྒྱ་གར་གི་ཆ་ཤེས་ཡིན་པ་༧གོང་ས་མཆོག་ལ་གསུང་རོགས་ཞུ་དགོས་ འདི་དྲས་མི་ཧམ་པ་ ཧ ཧ ཧ ཧི ཧི ཧི ཧི ཧི ཧུ ཧུ ཧུ ཧུ ཧུ ཧེ ཧེ ཧེ ཧེ ཧེ ཧོ ཧོ ཧོ ཧོ ཧོ ཕུན་ཚོགས་སྟོབ་ལྡན་་ ཁྱེད་ཀྱི་ཉིན་མོ་ སྐར་མ་མཐོང་མ་རེད་པ། ར་བཟི་མ་རེད་པ། ཁྱོད་སྨྱོ་མ་རེད་པ། ཁྱེད་རང་རྒྱ་གར་གཞུང་་གི་ རྐུབ་ཀྱག་རགས་ཡོད་ན་ རྒྱལ་བ་རིན་པོ་ཆེ་ རྩེད་མོ་རྩེ་རྒྱུ་རྩེད་ཆས་མ་རེད་ད། སྲིད་བློན་ནྷེ་རུས་ བོད་རྒྱའི་ཆ་ཤས་ཟེར་ཚར་དུས་ འདི་རྒྱ་ནག་གི་འོས་བབ་རེད། སྔ་མོ་ལོ་ངོ་ཆིག་སྟོང་ལྷག་རང་བཙན་མེད་པ་སྡོད་མཁན་ཚོ་དེང་སང་བྱེད་ནི་སྡད་ཡོད།
God is origin of Religions (Dharma). According History is also Origin of the Nation.
So History is God. God is origin of Religions. Then Tibet is part of History. And Himalaya is also part of History. Not India ?? Not China ?? History is History. Very old and … Naturally history is unchangeability. So, now starting new history Indo-China Scramble on Tibet. Unforgettably new history. Wao…
भगवान है धार्मिक का उत्पत्ति। जैसा इतिहास है राष्ट्र का मूल या उत्पत्ति।
तो इतिहास है भगवान। तब, तिब्बत है इतिहास का भाग।और, हिमालय भी इतिहास का हिस्सा या भाग। न भारत।?? न चीन।??
इतिहास है इतिहास। बहुत पुरानी और… स्वाभाविक रूप से इतिहास अविभाज्यता है। इसलिए, अब ये दिन नया इतिहास इंडो-चीन तिब्बत को तोहफे करते हैं। अनगिनत रूप से नया इतिहास। वाह वाह।
上帝是宗教的起源. 根据历史也是国家的起源. 所以,历史是神. 那么西藏是历史的一部分. 喜马拉雅山也是历史的一部分. 不是印度 ?? 不是中国 ??
历史是历史. 耆 和… 自然的历史是不可改变的. 所以,现在这些日子,新西兰中印争夺西藏. 令人难忘的新历史. 哈哈
གྲོས་མཐུན་དོན་ཚན་བཅུ་བདུན་ནང་བོད་ས་གནས་སྲིད་གཞུང་ཟེར་བའི་ཆབ་སྲིད་ཀྱི་ཐ་སྙད་རིན་ཐང་ཅན་དེ་འཁོད་ཡོད་ད་ལྟའི་དབུ་མའི་ལམ་ཟེར་བའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོངས་ཀྱིས་བཅབ་ཁྲིམས་ནང་གསལ་བའི་རང་སྐྱོངས་ཀྱི་གནས་བབས་ཚད་ལྡན་དགོས་གསལ་ཡོད་ན་གྲོས་མཐུན་དོན་ཚན་བཅུ་བདུན་ནང་འཁོད་པའི་བོད་ས་གནས་སྲིད་གཞུང་ཟེར་བའི་ཐ་སྙད་དེ་ང་ཚོའི་དབུ་མའི་ལམ་གྱི་དགོས་འདུན་ནང་འཇོག་མ་ཐུབ་དེ་སྲུབ་ནས་ཟུབ་རྒྱུ་མེད་པའི་བོད་ཀྱི་ལོ་རྒྱུས་ནང་ལྷག་རྒྱུའི་ཆབ་སྲིད་ཀྱི་གྱོང་གུན་ཆེ་པོ་ཞིག་ང་ཚོའི་ལས་དབང་དུ་བསྐོས་པ་མ་རེད་དམ་།