མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནམ་གྲུ་བརྡབས་ཏེ་དམག་མི་ ༢༥༧ བསད།

བོད་ཀྱི་དུས་བབ།
༢༠༡༨/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཨལ་ཇེ་རི་ཡའི་དམག་མིའི་གནམ་གྲུ་ཞིག་ལ་གློ་བུར་དུ་བརྡབ་སྐྱོན་བྱུང་སྟེ་དམག་མི་ ༢༥༧ རྐྱེན་ལམ་དུ་ཤོར་བ་དང་ཁག་ཅིག་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག

དེ་རིང་སྔ་དྲོར་བྱང་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཨལ་ཇེ་རི་ཡའི་མཁའ་དམག་གནམ་གྲུ་(Ilyushin Il-76) ནུབ་ཕྱོགས་གྲོང་ཁྱེར་བྷེ་ཆར་ཕྱོགས་སུ་བསྐྱོད་སྐབས། རྒྱལ་ས་ཨལ་གྷེ་ཡེའི་(Algier)དམག་མིའི་གནམ་ཐང་གིི་ཉེ་འགྲམ་ནས་གློ་བུར་དུ་བརྡབ་སྐྱོན་ཤོར་ཏེ། ཉུང་མཐར་དམག་མི་ ༢༥༧ རྐྱེན་ལམ་དུ་ཤོར་བ་དང་། ཁག་ཅིག་ཛ་དྲག་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། ཁག་ཅིག་གར་ཡོད་ཅི་བྱུང་མེད་པར་གྱུར་ནས་འཚོལ་ཞིབ་བྱེད་བཞིན་པའི་སྒང་ཡིན་འདུག

དོན་རྐྱེན་བྱུང་རྗེས་རྒྱལ་ཁབ་བདེ་སྲུང་ལྷན་ཁང་གིས་གནམ་གྲུ་བརྡབ་སྐྱོན་གྱི་བརྒྱུད་རིམ་ལ་ཞིབ་འཇུག་ནན་པོ་བྱ་རྒྱུ་ཡིན་པའི་བཀོད་ཁྱབ་བསྒྲགས་ཡོད་པ་དང་། ས་གནས་ཀྱི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་མ་ཐག་ཛ་དྲག་མྱུར་སྐྱོབ་རླངས་འཁོར་ ༡༤ ཡུལ་དངོས་སུ་འབྱོར་ཏེ་་རྨས་སྐྱོན་བྱུང་བའི་དམག་མི་རྣམས་སྨན་ཁང་དུ་བསྐྱལ་ཡོད་འདུག

བརྒྱུད་ལམ་ཁག་གི་གནས་ཚུལ་ནང་། ཐེངས་འདིའི་ཨལ་ཇེ་རི་ཡའི་མཁའ་དམག་གནམ་གྲུ་དེའི་ནང་ཁྱོན་དམག་མི་ག་ཚོད་ཅིག་ཡོད་པ་གསལ་པོོ་མེད་ཀྱང་། རྒྱལ་ཁབ་ཀྱི་གཞུང་འཛིན་སྲིད་དོན་ཚོགས་པས་རྐྱེན་འདས་སུ་ཕྱིན་པའི་ནང་མོ་རོ་ཁོའི་རྒྱལ་ཁབ་དང་ཨལ་ཇེ་རི་ཡ་གཉིས་བར་རྩོད་རྙོག་ཏུ་གྱུར་བའི་མཐའ་མཚམས་སྲུང་བའི་མདུན་སྐྱོད་དམག་མིི་ ༢༦ ཡོད་པ་གསལ་འདོན་བྱས་ཡོད་འདུག

ད་ལན་གྱི་གནམ་གྲུའི་དོན་རྐྱེན་དེ་ནི་ཨལ་ཇེ་རི་ཡའི་དམག་མིའི་གནམ་གྲུར་བརྡབ་སྐྱོན་ཤོར་བ་ཚབས་ཆེ་་ཤོས་དེ་ཆགས་ཡོད་པ་དང་།  ཕྱི་ལོ་ ༢༠༡༢ ལོར་ཨལ་ཇེ་རི་ཡའི་དམག་གི་གནམ་གྲུ་ཞིག་ལ་བརྡབ་སྐྱོན་བྱུང་སྟེ། མི་ ༧༧ བསད་ཡོད་པ་དང་། ཡང་ཟླ་གཅིག་གི་གོང་དུ་རྒྱལ་ཁབ་དེའི་ཅ་དངོས་བསྐྱལ་འདྲེན་བྱེད་པའི་གནམ་གྲུ་ཞིག་ལ་བརྡབ་སྐྱོན་་བྱུང་སྟེ་ནང་དུ་མི་ ༥ ཡོད་པ་ཚང་མ་རྐྱེན་ལམ་ཕྱིན་ཡོད་འདུག

གསར་འགོད་པ།  སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༠ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese