བྷི་ཧར་གཙོས་རྒྱ་གར་བྱང་ཕྱོགས་ཁུལ་དུ་དྲག་ཆར་བབས་ཏེ་གློག་འཁྱུག་པ་དང་ཐོག་གིས་བརྒྱབས་ནས་ཉུང་མཐར་མི་གྲངས་ ༥༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་འདུགརྒྱ་གར་བྱང་ཕྱོགས་སུ་དྲག་ཆར་བབས་ཏེ་གློག་འཁྱུག་པ་དང་ཐོག་གིས་བརྒྱབས་ཏེ་ཉུང་མཐར་མི་ ༥༠ ཙམ་རྐྱེན་འདས་སུ་ཕྱིན་པ་དང་། མི་གྲངས་ ༢༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག ཐེངས་འདིའི་རང་བྱུང་གནོད་སྐྱོན་ཁྲོད་བྷི་ཧར་མངའ་སྡེའི་ནང་མི་གྲངས་ ༢༠ ལྷག་གིས་ཚེ་སྲོག་ཤོར་ཏེ་གནོད་སྐྱོན་ཚབས་ཆེ་ཤོས་བྱུང་ཡོད་འདུག
འདས་པའི་བདུན་ཕྲག་གཅིག་ལྷག་གི་གོང་དུ་རྒྱ་གར་བྱང་ཕྱོགས་ཁུལ་དུ་དྲག་ཆར་རླུང་འཚུབ་བྱུང་སྟེ་ཉུང་མཐར་མི་གྲངས་ ༡༠༠ ཙམ་རྐྱེན་འདས་དང་། ཁང་པ་སོགས་འཛུགས་སྐྲུན་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག་ལ། ཆར་དུས་སུ་ཐོག་རྒྱག་པ་ནི་རྒྱ་གར་ནང་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད་འདུག
ཡང་རྒྱ་གར་གནམ་གཤིས་བརྟག་དཔྱད་ཁང་གིས་བྷི་བྷི་སིའི་གསར་འགོད་པར། མ་འོངས་བདུན་ཕྲག་འགའི་ནང་རྒྱ་གར་བྱང་ཁུལ་གྱི་གནམ་གཤིས་དྲོད་ཚད་ ༤༧ ལ་བསླེབ་སྟེ། ཚ་དྲོད་མཐོ་པོའི་ཤུགས་རྐྱེན་ལ་བརྟེན་ནས་དྲག་ཆར་རླུང་འཆུབ་སློང་འབྱུང་ཉེན་ཡོད་པ་དང་། དྲག་ཆར་རླུང་འཚུབ་ཀྱིས་ཁང་པར་བརྡིབ་སྐྱོན་བྱུང་བ་སོགས་ཀྱི་གནོད་སྐྱོན་ཁྲོད་མི་སྔར་ལས་མང་པོར་ཤི་རྨས་ཐེབས་ཉེན་ཡོད་སྐོར་བརྗོད་འདུག
རྒྱ་གར་རྒྱལ་ཡོངས་ནག་ཉེས་ཐོ་འགོད་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༠༥ ནས་བཟུང་ལོ་རེར་ཉུང་མཐར་མི་གྲངས་ ༢༠༠༠ ཡས་མས་ལ་ཐོག་གིས་བརྒྱབས་ཏེ་ཚེ་སྲོག་ཤོར་གྱི་ཡོད་པ་དང་། ཆུ་ཚོད་ ༡༣ ནང་ཚུད་དུ་གློག་ཐེངས་ ༣༦༧༤༩ འཁྱུགས་ཏེ་འདས་པའི་ལོ་རྒྱུས་ནང་གནས་སྟངས་དེ་འདྲ་བྱུང་མྱོང་མེད་འདུག
གློག་འཁྱུག་སྐབས་ཉེན་ཁར་གཡོལ་ཐབས་འགའ་བཏོན་པ་ནི། གློག་འཁྱུག་སྐབས་རླངས་འཁོར་དང་ཁང་རྩིག་ཆེན་མོའི་ནང་འཛུལ་ཐབས་དང་། གློག་འཁྱུག་སྐབས་རི་རྩེ་དང་ཁོད་ཡངས་པའི་སར་འདུག་མི་རུང་བ། གལ་སྲིད་ཉེན་གཡོལ་བྱེད་ས་ཅི་ཡང་མེད་ན། ཙོག་པུར་བསྡད་དེ་རང་ཉིད་ཀྱི་ལག་པ་གཉིས་པུས་མོའི་སྒང་ལ་བཞག་ནས་མགོ་བོ་ནང་དུ་བཅུག་དགོས། ཤིང་སྡོང་རིང་པོ་དང་ཁེར་སྐྱེས་དེ་འདྲའི་འོག་ཏུ་ཉེན་གཡོལ་བྱེད་མི་རུང་། གལ་སྲིད་གློག་འཁྱུག་སྐབས་ཁྱེད་རང་ཆུ་ནང་དུ་ཡོད་ན། གང་མྱུར་གྱིས་ཆུ་འགྲམ་དུ་ཐོན་ཏེ་ཁོད་ཡངས་བའི་ས་ནས་འབྲོ་ཐབས་དགོས།
གངས་སྨྱུག་གིས་བསྒྱུར་སྒྲིག་བྱས།
འབྱུང་བཞི་འཁྲུགས་པ་མི་གི་བྱེད་ལས་རེད་།
འབྱུང་བཞི་འཁྲུགས་མི་གི་འདོད་པས་བཟོས་།
འབྱུང་བཞི་འཁྲུགས་ནས་ས་བཅུད་ཉམས་པའི་ལན་།
འབྱུང་བཞིའི་ལྷ་མོར་འགྱོད་བཤགས་ཕུལ་ན་དགའ་།
འབྱུང་བཞིའི་འོག་ཏུ་འཚོ་བའི་ལུས་ཅན་རྣམས་།
སྔོན་བསགས་ལས་ཀྱི་འབྲས་བུ་སྨིན་པ་ན་།
འགོག་པར་་ནུས་པའི་དབང་སྟོབས་སུ་ལའང་མེད་།
དེ་བས་འབྱུང་བཞིའི་ལྷ་མོ་མཆོད་ན་དགའ་།