མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རབས་གསར་པའི་མགོ་འཁྲིད་ཟབ་སྦྱོང་།

བོད་ཀྱི་དུས་བབ།
༢༠༡༨/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

གཞོན་སྐྱེས་ཚོའི་ཀླད་པ་གཙང་མ་ཡིན་དུས་མ་འོངས་པར་བོད་པ་ཡིན་བསམ་པའི་བསམ་བློ་ཡོད་པ་དང་ཕྱོགས་ལྷུང་སུ་མི་འགྲོ་བར་སྤྱི་ཚོགས་ཀྱི་སྣེ་འཁྲིད་ཡང་དག་ཅིག་བྱེད་ཐུབ་རྒྱུའི་ཆེད་དུ་ཟབ་སྦྱོང་སྤྲོད་བཞིན་ཡོད་ཅེས་ཟེར།

དེ་རིང་ཞོགས་པའི་ཆུ་ཚོད་ ༩ སྟེང། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག དྷ་སྟེང་བོད་ཁྱིམ་ཞི་བདེ་གླེང་མོལ་ཁང་དུ་མི་རབས་གསར་བའི་མགོ་འཁྲིད་ཟབ་སྦྱོང་ཐེངས་ ༣ པ་མགོ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུས་ཚོགས་སྐྱིད་ཁག་ཅིག་གི་སྐུ་ཚབ་རྣམས་དང་། བོད་རིགས་མཐོ་རིམ་སློབ་གཉེར་བ་དང་བོད་ཁྱིམ་སློབ་གྲྭ་ཁག་གི་སྤྱི་ཁྱབ་འགན་བདག་བཅས་སློབ་གཉེར་བ་ ༣༧ མཉམ་ཞུགས་གནང་འདུག

འདི་གའི་གསར་འགོད་པས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་སུ་ཟབ་སྦྱོང་འདི་ལྟ་བུ་ཞིག་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་ག་རེ་ཡིན་སྐོར་དྲིས་པར་ཁོང་གིས། གཙོ་བོ་མཐོ་སློབ་ཁག་འགྲིམ་བཞིན་པའི་སློབ་གཉེར་བ་ཚོར་མགོ་འཁྲིད་ཀྱི་ཟབ་སྦྱོང་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ང་ཚོས་ཟབ་སྦྱོང་འདི་ལྟ་བུ་ཨ་རིའི་ཐེབས་རྩའི་རོགས་སྐྱོར་འོག་ཐེངས་གཉིས་ལ་ཚོགས་ཟིན་པ་རེད། ཐེངས་འདི་ལའང་ཨ་རིའི་ཐེབས་རྩའི་རོགས་སྐྱོར་འོག་ཐེངས་སྔོན་མ་དག་གི་ཉམས་མྱོང་ལས་ཟབ་སྦྱོང་གོ་སྒྲིག་གནང་མཁན་དང་དེ་ལ་མཐུན་རྐྱེན་སྦྱོར་མཁན། དེ་བཞིན་ཟབ་སྦྱོང་ལ་མཉམ་ཞུགས་གནང་མཁན་ཚང་མས་དགོས་མཁོ་ཆེན་པོ་ཞིག་ཏུ་གཟིགས་ནས་མུ་མཐུད་ཚོགས་པ་ཡིན་ལ། གཉིས་ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་འགན་གཙོ་བོ་གསུམ་ཡོད་པ་ལས། དང་པོ་དེ་གཞོན་སྐྱེས་ཚོར་ཆབ་སྲིད་དང་དམངས་གཙོའི་གོ་རྟོགས་སྤེལ་རྒྱུ་དང་མི་མང་ནང་མཁས་དབང་སོགས་གདན་འདྲེན་གྱིས་དུས་ནས་དུས་སུ་བགྲོ་གླེང་བྱེད་པ་བཅས་རེད། གཉིས་པ་དེ་ལོ་ལྔ་རེའི་མཚམས་ནས་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་འོས་མི་སོགས་དྲིལ་བསྒྲགས་བྱེད་པ་དང་། གསུམ་པ་བོད་མི་སྤྱི་ལ་འཁྲི་བའི་འགན་འཁུར་ལྟར་ཆབ་སྲིད་འཐབ་རྩོད་བྱེད་པ་བཅས་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས་མུ་མཐུད། ཐེངས་འདིའི་ཉིན་གྲངས་ ༣ རིང་ཟབ་སྦྱོང་གི་བརྗོད་གཞི་དང་སྒྲོམ་གཞི་གཙོ་བོ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ངོ་སྤྲོད་ཞུ་རྒྱུ་དང་། དེ་བཞིན་གཞོན་སྐྱེས་ཚོའི་ཀླད་པ་གཙང་མ་ཡིན་དུས་མ་འོངས་པར་ཁོ་ཚོའི་སེམས་ནང་བོད་པ་ཡིན་བསམ་པའི་བསམ་བློ་ཡོད་པ་དང་། ཕྱོགས་ལྷུང་སུ་མི་འགྲོ་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་བཞིན་སྤྱི་ཚོགས་ཀྱི་སྣེ་འཁྲིད་ཡང་དག་ཅིག་བྱེད་ཐུབ་རྒྱུའི་ཆེད་དུ་ཡིན་ལ། བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གཤིས་ཀ་དེ་འཛམ་གླིང་ལ་སྟོན་མ་ཐུབ་ན་ཡང་བོད་མིའི་སྤྱི་ཚོགས་ཁྲོད་གཞོན་སྐྱེས་ཚོའི་མི་རབས་རྒན་པའི་ཡ་རབས་བཟང་སྤྱོད་ཀྱི་མིག་དཔེ་གང་ཡོད་པའི་ཐོག་འགྲོ་དགོས་པ་དང་། ད་ལྟའི་ཆར་ང་ཚོའི་ངོས་ནས་འགྲོ་གྲོན་སོགས་བཏང་སྟེ་ཟབ་སྦྱོང་འདི་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་དེ་དག་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།

མི་རབས་གསར་པའི་མགོ་འཁྲིད་ཟབ་སྦྱོང་ཞེས་པ་དེ་ཐོག་མར་ཕྱི་ལོ་༢༠༡༦ ལོར་དྷ་རམ་ས་ལར་ཚོགས་ཏེ་སློབ་གཉེར་བ་གྲངས་ ༢༦ དང་། ན་ནིང་རྒྱ་གར་ལྷོ་ཕྱོགས་སུ་བསྡུས་ནས་སློབ་གཉེར་བ་ ༣༠ འཛུལ་ཞུགས་བྱས་ཡོད་འདུག ད་ལོར་ཁྱོན་སློབ་གཉེར་བ་ ༤༢ ལ་གོ་སྐབས་སྤྲད་ཡོད་ཀྱང་དངོས་སུ་ཚོགས་འདུར་བཅར་མཁན་ ༣༦ ཡོད་པ་དང་། ཁོང་ཚོ་རྒྱ་གར་མཐོ་སློབ་ལྡི་ལི་དང་བྷིང་ལོར། མེ་སོར། བྷ་རོ་ཊ། ཧར་ཡ་ནཱ། ཅན་རྡི་གྷར། ས་རཱ། ཤེས་རབ་དགའ་ཚལ་སློབ་གླིང་། བོད་ཁྱིམ་སློབ་གྲྭ་ཁག་གི་སྤྱི་ཁྱབ་འགན་བདག་བཅས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེ says:
    ལོ་ 8 སྔོན།

    ཀླད་པ་ལ་གཙང་རྩོག་ག་འདྲ་ཡོད་པ་ཡིན་ནམ་ཧཧཧ
    ཀླད་པ་སོས་པ་ལས་ཀླད་པ་གཙང་མ་ག་འདྲ་ཡོད་པ་ཡིན་ནམ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese