མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་སའི་ཆུ་གློག་བཅད་པ་དེས་བོད་པར་སེམས་འཚབ་བསླངས།

བོད་ཀྱི་དུས་བབ།
༢༠༡༨/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དྷ་རམ་ས་ལའི་གྲོང་སྡེ་ལས་ཁུངས་ཀྱིས་མགྲོན་ཁང་དང་ཟ་ཁང་སོགས་ཁྱོན་ ༢༩ ཡི་ཆུ་གློག་གཅོད་རྒྱུ་ཡིན་པའི་ཐག་གཅོད་དེ་ཕྱིར་འགྱངས་བྱས་འདུག
དྷ་ས་ས་གནས་སྲིད་གཞུང་གི་ཆོག་མཆན་མེད་པའི་ཐོག་ནས་འཛུགས་སྐྲུན་བྱས་པ་དང་། ཆོག་མཆན་ཐོབ་པའི་འཛུགས་སྐྲུན་དཔེ་རིས་ལས་བརྒལ་བའི་མགྲོན་ཁང་དང་ཟ་ཁང་། ཚོང་ཁང་། དེ་བཞིན་ཁང་གླ་གཏོང་མཁན་ ༡༠༠ ལྷག་ལ་ཞིབ་འཇུག་བྱས་པ་བརྒྱུད། ཟླ་འདིའི་ཕྱི་ཚེས ༢༧ ཉིན་དྷ་ས་མེག་གྷན་གཡས་གཡོན་གྱི་ཁང་པ་ ༢༩ ཡི་ཆུ་གློག་གཅོད་རྒྱུ་ཡིན་པའི་བཀོད་ཁྱབ་བཏང་ཡོད་ཀྱང་། ཕྱི་ཚེས་ ༢༨ ཉིན་ཉེས་ཆད་ཕོག་པའི་མགྲོན་ཁང་ཆེ་ཁག་འགའ་ཞིག་གིས་གཟའ་མཇུག་བསླེབ་གྲབས་ཡོད་སྟབས། ཡུལ་སྐོར་བ་མང་པོ་ཞིག་སྔར་ནས་མགྲོན་ཁང་དུ་བསྡད་ཟིན་ཡོད་པར་བརྟེན། ཉེས་ཆད་ཕྱིར་འགྱངས་གཏོང་རོགས་ཞེས་རེ་སྐུལ་ཞུས་པ་ལྟར་བདུན་ཕྲག་གཅིག་ཕྱིར་འགྱངས་བྱས་ཡོད་འདུག

ཆུ་གློག་བཅད་པའི་ཉེས་ཆད་དེ་འདི་ལོའི་དགུན་སྟོད་ནས་ལག་བསྟར་མགོ་འཛུགས་བྱས་ཡོད་པ་དང་། ད་ལྟ་ཚོང་ཁང་དང་། ཟ་ཁང་། མགྲོན་ཁང་ཆུང་བ་ཁག་ཅིག་ལ་ཆུ་གློག་གི་མཐུན་རྐྱེན་བཅད་ནས་ཟླ་གཅིག་ཙམ་རེ་འགྲོ་བཞིན་ཡོད་ཀྱང་། ཆེ་ཁག་ལ་མུ་མཐུད་ཆུ་གློག་གི་མཐུན་རྐྱེན་སྦྱོར་གྱི་ཡོད་པ་མ་ཟད། ཉེས་ཆད་ཐག་གཅོད་ཟིན་ནའང་ཕྱིར་འགྱངས་གོ་སྐབས་སྤྲོད་ཀྱིན་ཡོད་པའི་སྐྱོན་བརྗོད་དང་། མགྲོན་ཁང་ཆེ་ཁག་གིས་སྣེ་ལེན་ཁང་དང་རླངས་འཁོར་འཇོག་སར་གཞུང་གིས་ཆོག་མཆན་མེད་པར་ཚོང་ཁང་འཛུགས་ཀྱི་ཡོད་ཀྱང་། གཞུང་ངོས་ནས་ཇུས་གཏོགས་བྱེད་ཀྱིན་མེད་ཚུལ་སོགས་ཀྱི་གླེང་རྙོག་ཡོང་གི་ཡོད་པ་དང་། དེ་མཚུངས་དྷ་རམ་ཀོ་ཊིའི་མགྲོན་ཁང་ཆེ་ཁག་ཅིག་ནང་གཞུང་ངོས་ནས་ཆུ་གློག་བཅད་ཡོད་ཀྱང་། མགྲོན་ཁང་དེ་དག་གི་ཁང་པ་ཉུང་ཤས་ཤིག་ནང་ཆུ་གློག་གི་མཐུན་རྐྱེན་སྤྲོད་ཀྱིན་ཡོད་སྐོར་བརྗོད་ཀྱི་འདུག

འདི་གའི་གསར་འགོད་པས་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་སུ། གནད་དོན་དེའི་ཐོག་མའི་བྱུང་རིམ་སྐོར་ལ་དྲིས་པར་ཁོང་གིས། ཐོག་མར་གནས་ཚུལ་དེ་སིམ་ལ་ནས་བྱུང་ཡོད་པ་དང་། གནས་དེར་གཞུང་གི་ཆོག་མཆན་མེད་པར་འཛུགས་སྐྲུན་བྱས་པ་དང་། ཁང་པ་དང་མགྲོན་ཁང་མང་པོ་ཞིག་གཞུང་གི་ཆོག་མཆན་ལས་བརྒལ་ཏེ་ཐོག་རྩེག་འཕར་མ་བརྒྱབས་དང་། ཡང་ན་ས་ཆ་འཕར་མ་བཟུང་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་དེ་དག་ལ་ཁ་མཆུ་དང་གླེང་སློང་བྱུང་བ་རེད། མཐར་གནས་ཚུལ་ཛ་དྲག་ཏུ་ཕྱིན་ནས་དབུས་གཞུང་གི་ཁོར་ཡུག་དོ་དམ་གྱི་ཁྲིམས་ར་མཐོ་ཤོས་ཏེ། ཨེན་ཇི་ཊི ( NGT) ཡིས་རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་བརྒྱུད་སིམ་ལ་གྲོང་སྡེའི་ལས་ཁུངས་ཁག་གིས་ཆོག་མཆན་མེད་པར་ཤིང་ནགས་གཅོད་བྲེག་དང་། ཁང་པ་དང་མགྲོན་ཁང་འཛུགས་བསྐྲུན་བྱེད་དུ་བཅུག་པ་དེ་ནག་ཉེས་ཆེན་པོ་ཡིན་པ་དང་། དེའི་ཐད་ལ་ཞིབ་འཇུག་བྱ་དགོས་པའི་བཀོད་ཁྱབ་བཏང་བ་ལྟར་ལག་བསྟར་བྱས་ཡོད་པ་དང་། དེ་ལ་བརྟེན་ནས་དྷ་རམ་ས་ལའང་ཞིབ་འཇུག་བྱས་ཏེ་དངོས་སུ་སྙན་ཐོའི་ནང་ཟ་ཁང་དང་མགྲོན་ཁང་ ༡༥༥ ལྷག་གིས་ཁྲིམས་འགལ་འཛུགས་བསྐྲུན་བྱས་ཡོད་པ་འཁོད་ཡོད་པ་མ་ཟད། དེ་ལྟ་བུའི་གནད་དོན་བྱུང་དང་འབྱུང་བཞིན་ཡོད་པས་ཞིབ་འཇུག་ཞིབ་ཚགས་སུ་གཏོང་དགོས་པའི་བཀོད་ཁྱབ་བཏང་སྐོར་བརྗོད་བྱུང་།

ཡང་ཁོང་གིས། གནད་དོན་གསལ་པོ་མཁྱེན་དགོས་པ་ཞིག་ལ་བོད་པའི་ཁང་པ་དང་། ཟ་ཁང་མགྲོན་ཁང་། ཚོང་ཁང་གང་ལའང་ད་ལྟ་བར་དུ་གནད་དོན་བྱུང་ཡོད་པ་མ་རེད། དེར་ཐུགས་འཚབ་གནང་དགོས་པ་མ་རེད་ཅེས་ངས་གསལ་པོ་ཞུས་ན་བསམ་བྱུང་། མ་འོངས་པ་ལའང་དེ་འདྲའི་གནད་དོན་ཕལ་ཆེར་འཕྲད་མདོག་ཁ་པོ་མ་རེད་བསམ་གྱི་འདུག ད་ལྟ་ཡང་གནད་དོན་དེའི་འོག་ཏུ་བོད་རིགས་ཡིན་པ་གང་ཞིག་ལ་རྒྱ་གར་གྱི་མི་སེར་ལག་ཁྱེར་ཡོད་མཁན་ཁག་ཅིག་ཡོད་པ་རེད། དེ་ཡིག་ཆའི་འགྲོ་སྟངས་དང་མི་སེར་གྱི་འགྲོ་སྟངས་ལ་བརྟེན་ནས་ང་ཚོས་དམིགས་བསལ་གྱིས་བོད་པ་ཡིན་པའི་ངོས་འཛིན་ཞུ་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

རྒྱ་གར་གྱི་གསར་ཁང་ཁག་ཅིག་གིས་གནས་ཚུལ་སྤེལ་བ་ལྟར་ན། དྷ་རམ་ས་ལའི་གནས་སྟངས་དེ་ཐོག་མར་པདྨ་ཐང་གི་ཉེ་མཁྲིས་སུ་རྟེན་གཞི་བྱས་ཡོད་པའི་རྒྱ་གར་ཕྱི་འབྲེལ་ལྷན་ཁང་གི་ཡན་ལག་གིས་ཡར་ཞུ་བྱས་པ་ཡིན་ཚུལ་བརྗོད་འདུག་པ་དང་། དེ་ཡང་ཁོང་ཚོའི་སྙན་ཞུ་དེ་ཐོག་མར་ཧི་མ་ཅལ་མངའ་སྡེའི་གཞུང་གི་ནང་སྲིད་ལྷན་ཁང་གཙོས་པའི་ལྷན་ཁང་ཁག་ཚང་མར་ཕྱི་ལོ་ ༢༠༡༦ ནས་མགོ་བཙུགས་ཏེ་བཏང་ཡོད་ཀྱང་། ཧི་མ་ཅལ་གཞུང་གིས་དམིགས་བསལ་དོ་སྣང་གང་ཡང་མ་གནང་པ་ཡིན་འདུག སྙན་ཞུ་དེའི་ནང་དུ་ཕྱི་སྲིད་ལྷན་ཁང་གི་ཡན་ལག་ནས་༧གོང་ས་མཆོག་གི་ཕོ་བྲང་བར་དུ་ཁྲིམས་འགལ་གྱིས་མགྲོན་ཁང་དང་ཟ་ཁང་སོགས་འཛུགས་བསྐྲུན་གྱིས་རླངས་འཁོར་གྱི་འགྲོ་སྐྱོད་ལ་དཀའ་ངལ་བཟོ་གི་ཡོད་པ་དང་། ༧གོང་ས་མཆོག་གི་ཕོ་བྲང་དུ་ཛ་དྲག་ཐོག་བཅར་དགོས་པ་བྱུང་དུས་རླངས་འཁོར་འགག་པ་སོགས་ཀྱི་རྐྱེན་གྱིས་ཕྱིས་སུ་༧གོང་ས་མཆོག་གི་སྐུ་ཕྱྭར་ཉེན་ཁ་འབྱུང་ངེས་པ་སོགས་འཁོད་ཡོད་འདུག

ཊི་བྷོན་(Tribune)གསར་ཁང་གིས། སྙན་ཞུ་དེར་མངའ་སྡེ་གཞུང་ནས་ཡ་ལན་གང་ཡང་མ་བྱུང་བར་བརྟེན། མཐར་ཕྱི་འབྲེལ་ལྷན་ཁང་གི་ཡན་ལག་ལས་ཁུངས་དེས་རླངས་འཁོར་འགྲོ་སྐྱོད་བདེ་བའི་ཆེད་དུ་མ་རྩ་འབུམ་ ༡༢༥ བཏང་ནས་གཙུག་ལག་ཁང་གི་ཉེ་འཁྲིས་ལམ་འོག་ཏུ་རླངས་འཁོར་འཇོག་ས་ཞིག་གསར་རྒྱག་བྱས་ཡོད་ཀྱང་། ད་ལོའི་ཕྱི་ཟླ་ ༢ ནས་རླངས་འཁོར་འཇོག་ས་དེ་ཁྲིམས་འགལ་ཡིན་པའི་ནག་ཉེས་གཡོགས་ཏེ་བེད་མེད་དུ་བཞག་ཡོད་པའི་ཁར། ཁོ་ཚོས་ཞུ་གཏུག་བྱས་པའི་གནད་དོན་ལ་བདག་སྤྲོད་བྱས་མེད་འདུག

ད་ལྟའི་བར་དུ་དྷ་ས་ཁུལ་ནས་ཁྲིམས་འགལ་ནག་ཉེས་འོག་མགྲོན་ཁང་དང་། ཟ་ཁང་། ཚོང་ཁང་གྲངས་ ༡༦༠ ལ་ཆུ་གློག་བཅད་ཡོད་པ་དང་། དང་ཐོག་མགྲོན་ཁང་དང་ཚོང་ཁང་སོགས་གྲངས ༢༠༠ ལྷག་ལ་ནག་ཉེས་བཙུགས་ཡོད་ཀྱང་རིམ་བཞིན་ཞིབ་འཇུག་བྱས་པའི་མིང་ཐོག་ནས་ཉུང་དུ་ཕྱིན་ཡོད་འདུག དཔེར་ན། ལོ་སྔོན་མར་མགྲོན་ཁང་དང་ཟ་ཁང་ ༡༩༣ ལྷག་ལ་ཆུ་གློག་གཅོད་རྒྱུའི་བཀའ་རྒྱ་བཏང་ཡོད་ཀྱང་། དོན་དངོས་སུ་ ༡༣༠ ལྷག་ལ་མ་གཏོགས་ཉེས་ཆད་ཕོག་མེད་པ་རེད།

འདི་ལོར་མགྲོན་ཁང་དང་ཟ་ཁང་སོགས་ལ་ཉེས་ཆད་དེ་ཕོག་པར་བརྟེན། སྔར་དང་བསྡུར་ན་ད་ལོར་ཡུལ་སྐོར་སྤྲོ་འཆམ་པ་ཉུང་བ་ཡོད་འདུག ཉེས་ཆད་ཕོག་པའི་ཚོང་ཁང་དང་མགྲོན་ཁང་སོགས་རྒྱ་གར་གྱི་མིང་ཐོག་ཏུ་ཡོད་ཀྱང་དེར་ཚོང་ལས་གཉེར་མཁན་བོད་པ་ཡིན་པ་གང་འཚམ་འདུག དེ་བཞིན། དྷ་སའི་བོད་པ་བརྒྱ་ཆ ༧༠ ལྷག་ཙམ་ཞིག་རྒྱ་གར་གྱི་ཁང་པ་གཡར་ནས་སྡོད་ཀྱིན་ཡོད་པ་དང་། ཁང་བདག་དེ་དག་གིས་གཞུང་ལ་དཔྱ་ཁྲལ་ཏག་ཏག་སྤྲོད་ཀྱི་མེད་པ་དང་། མང་པོ་ཞིག་གིས་རང་སྣང་གང་ཤར་གྱིས་འཛུགས་བསྐྲུན་བྱས་ཡོད་པ་དེ་སེམས་འཚབ་འབྱུང་གཞི་ཞིག་ཆགས་ཡོད་ལ། ཁང་པ་མང་པོ་སྒོ་བརྒྱབས་པའམ་ཆུ་གློག་གི་མཐུན་རྐྱེན་བཅད་པར་བརྟེན། ཁང་པ་གཞན་དག་གིས་ཀྱང་ཁང་གླ་སྤར་བ་སོགས་ཀྱི་གནས་ཚུལ་འབྱུང་ངེས་པའི་སེམས་འཚབ་ཀྱང་བྱེད་ཀྱིན་འདུག

ཚེ་རིང་ནོར་བུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེ says:
    ལོ་ 8 སྔོན།

    ཡུལ་ཆུ་ཐུང་ནས་ཡུལ་ཁྲིམས་སྲུངས་རྒྱུ་དང་མི་ཡུལ་བསྡད་ནས་
    མི་སྐད་ཤེས་རྒྱུ་སོགས་ཕ་བཟང་བུ་གི་ཁྲེལ་དང་ངོ་ཚ་ཡིན་མོ་།

    Reply
  2. ལྷག་བསམ། says:
    ལོ་ 8 སྔོན།

    སྡུག་གྱོང་རེད། ལར་ཞེན་མེད་པའི་གཞིས་ཆགས་དང་། ཀུན་སྤྱོད་ངན་པའི་གསར་འབྱོར་བ། འདི་ནི་བོད་ནང་ཁུལ་གྱི་གནད་དོན་ཆེ་བ་ཁག་རེད་ཡ། ད་དུང་སྤྱི་འཐུས་དང་བཀའ་བློན། ས་གནས་རྒྱུན་ལས་ཟེར་བཞིན་ཡིན་མདོག་སྟོན། མ་གཞི་འདི་དག་ཚང་མ་ཕྱི་རྒྱལ་ནས་རོགས་སྐྱོར་ལེན་ཐབས་ཀྱི་རྣམ་པ་ཙམ་ལས་བོད་སྤྱི་པའི་དོན་ལ་ཅི་ཕན།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས་་ཉེ says:
    ལོ་ 8 སྔོན།

    ཉེས་པའི་བུ་ལ་ཉེས་་པ་མ་བཏང་ན་བྱེད་པོ་ཐམས་ཅད་ཉེས་པའི་རྒྱུ་ལ་འགྲོ་།
    བཟང་པོའི་བྱ་བར་བྱ་དགའ་མ་ཕུལ་ན་བཟང་སྤྱོད་ཟེར་བའི་རིན་ཐང་གང་ནས་ཡོང་།
    བཟང་ངན་དབྱེ་བ་ཆོད་པའི་ཁྲིམས་མེད་ན་མི་གི་སྤྱི་ཚོགས་འདི་ཡང་དུད་འགྲོ་འདྲ་།
    ཁྲིམས་སྲུངས་ངོ་ཚས་བླང་དོར་བྱེད་པ་སྨྲ་ཤེས་དོན་གོ་འཇིག་རྟེན་མི་གིས་འགན་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese