མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རྒྱའི་གྲོས་མོལ་ལ་གྲུབ་འབྲས་མ་ཐོན།

བོད་ཀྱི་དུས་བབ།
༢༠༡༨/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རི་དང་རྒྱ་ནག་གི་དཔོན་རིགས་བར་ཚོང་འབྲེལ་གྲོས་མོལ་བྱས་ཡོད་ཀྱང་ཚོང་དམག་ཞི་འཇགས་ཡོང་བར་གྲུབ་འབྲས་གང་ཡང་མ་ཐོན་པའི་ཁར་རྒྱལ་ཁྲལ་ཨ་སྒོར་དུང་ཕྱུར་ ༡༦༠ རེ་སྤར་ཡོད་འདུགརྒྱ་ནག་གི་ནོར་སྲིད་བློན་ཆེན་གཞོན་པ་ཝང་ཧྲུའུ་ཝིན་ (Wang Shouwen) གྱིས་སྣེ་འཁྲིད་པའི་ཚོགས་ཆུང་ཞིག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕྱིན་ཏེ། ཟླ་འདིའི་ཕྱི་ཚེས་ ༢༢ དང་ ༢༣ བཅས་ཉིན་གཉིས་རིང་ཨ་རྒྱ་གཉིས་ཀྱི་ཚོང་དམག་སྐོར་ལ་གྲོས་མོལ་བྱས་ཡོད་ཀྱང་། འབྲེལ་ལམ་ཞི་འཇགས་ཡོང་བར་གྲུབ་འབྲས་གང་ཡང་བྱུང་མེད་ཐོག་རྒྱལ་ཁབ་གཉིས་བར་རྒྱལ་ཁྲལ་ཨ་སྒོར་དུང་ཕྱུར་ ༡༦༠ རེ་སྤར་ཡོད་དང་། ཐེངས་འདིའི་གྲོས་མོལ་ལ་ཨ་རྒྱ་གཉིས་ཀྱི་ཚོང་བ་ཚོས་རེ་བ་བརྒྱབས་ཡོད་ན་ཡང་། མཇལ་མོལ་གྱི་ཉིན་ ༣ སྔོན་སྲིད་འཛིན་ཊོམ་ཕུས་རེ་བ་དེ་ཙམ་རྒྱག་གི་མེད་སྐོར་བརྗོད་ཡོད་པ་རེད།

མཇལ་མོལ་གྲུབ་རྗེས་ཀྱི་གསར་འགོད་གསལ་བསྒྲགས་ཐོག་ཕོ་བྲང་དཀར་པའི་མགྲིན་ཚབ་མ་ལྕམ་ལིན་སི་ཝོལ་ཊར་སི་ (Lindsay Walters) ཡིས། ང་ཚོས་ཉིན་གཉིས་རིང་རྒྱ་ནག་གི་སྐུ་ཚབ་དང་མཉམ་དུ་ཇི་ལྟར་དྲང་བདེན་དང་དོ་མཉམ། གཉིས་ཕན་དཔལ་འབྱོར་གྱི་མཛའ་འབྲེལ་ཞིག་ཡོང་ཐབས་ལ་གྲོས་མོལ་བྱས་པ་ཡིན། ཞེས་དང་། རྒྱ་ནག་གིས་ཨ་རིའི་ཆེད་མཁས་པའི་རྣམ་དཔྱོད་ཀྱི་རིག་རྩལ་དང་འཕྲུལ་རིག་ལག་རྩལ་རྐུ་བཞིན་པའི་སྲིད་བྱུས་སྐོར་གླེང་སློང་བྱུང་ཡོད་སྐོར་བརྗོད་འདུག

ཁ་སང་སྔ་དྲོར་པེ་ཅིན་ནས་རྒྱ་ནག་གི་ནོར་སྲིད་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་པའི་ནང་། རྒྱ་གཞུང་གིས་འཛམ་གླིང་ཚོང་འབྲེལ་སྒྲིག་འཛུགས་ (World Trade Organisation ) ལ་ཐེངས་འདིའི་རྒྱལ་ཁྲལ་སྐོར་ལ་ཞུ་གཏུག་བྱས་ཡོད་པ་དང་། ད་བར་ཨ་རྒྱ་གཉིས་ཀྱི་ཚོང་ཟོག་ལ་ཨ་སྒོར་དུང་ཕྱུར་ ༥༠༠ ཡི་རྒྱལ་ཁྲལ་ཕོག་ཡོད་ལ། མུ་མཐུད་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་ཇེ་སྡུག་ཏུ་ཕྱིན་ཚེ། རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་བཟོ་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་སྐོར་བརྗོད་འདུག

དཔལ་འབྱོར་རིག་པ་བ་ཚོས་ཚོད་རྩིས་བྱས་ན། ཨ་རྒྱ་གཉིས་བར་ཨ་སྒོར་དུང་ཕྱུར་ ༡༠༠༠ གི་རྒྱལ་ཁྲལ་ཕོག་ཚེ། འཛམ་གླིང་ཁྱོན་ཡོངས་ཀྱི་ཚོང་འབྲེལ་གྱི་བརྒྱ་ཆ་ ༠།༥ མར་ཆག་གི་ཡོད་པ་དང་། ལོ་འདིའི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱ་ཆ་ ༠།༣ ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད་ལ། ཨ་རིར་དེ་ཙམ་ཤུགས་རྐྱེན་ཐེབས་ཡོད་པའི་ཚོད་དཔག་བྱེད་ཀྱི་མེད་ན་ཡང་། ལོ་རྗེས་མར་རྒྱ་ནག་དང་འབྲེལ་བ་ཤུགས་ཆེན་ཡོད་པའི་རྒྱལ་སྤྱིའི་ཚོང་ཤག་ཚོར་ཕོག་ཐུག་ཕྱིན་ཏེ། ཨ་རིའི་དཔལ་འབྱོར་ཡར་རྒྱས་ལ་ཡང་གཅིག་མཚུངས་ཀྱིས་གྱོང་གུད་ཐེབས་སྲིད་སྐོར་བརྗོད་བཞིན་འདུག

ད་ལན་ཨ་རིས་རྒྱ་ནག་གི་ ༢༠༢༥ རྒྱ་ནག་ནང་བཟོའི་ལས་གཞི་ (Made in China 2025) ལ་དམིགས་ནས་འགྱིག་རིགས་དང་རྫས་རིགས། མེ་འཁོར་གྱི་ལྷུ་ལག་དང་ལྕགས་རིགས་སོགས་རྒྱ་ནག་གི་དངོས་ཟོག་རིགས་ ༢༧༩ ཙམ་ལ་རྒྱལ་ཁྲལ་བཀལ་ཡོད་པ་དང་། རྒྱ་ནག་གིས་ཨ་རིའི་རྡོ་སོལ་དང་སྣུམ། སྤྱི་སྤྱོད་རླངས་འཁོར་དང་ལྕགས་རིགས་མཁོ་ཆས་སོགས་ཚོང་ཟོག་རིགས་ ༣༣༣ ལ་རྒྱལ་ཁྲལ་བཀལ་ཡོད་འདུག

ཨ་རིའི་སྲིད་འཛིན་འོས་བསྡུ་སྐབས་ཊོམ་ཕུས་རྒྱ་ནག་ལ་ཚོང་འབྲེལ་གཅོད་རྒྱུ་ཡིན་པ་དང་། རྒྱ་ནག་གིས་ལོ་རེར་ཨ་སྒོར་དུང་ཕྱུར་ ༣༠༠༠ ཙམ་གྱི་ཨ་རིའི་ཆེད་མཁས་པའི་རིག་རྩལ་རྐུ་བཞིན་ཡོད་པ་མ་ཟད། ཨ་རིས་རྒྱ་ནག་ལ་ཕྱིར་ཚོང་བྱེད་བཞིན་པའི་དངོས་ཟོག་གི་མ་རྩ་ནི་ནང་འདྲེན་ལས་ཨ་སྒོར་དུང་ཕྱུར་ ༥༠༠༠ ལྷག་གི་ཉུང་བ་ཡོད་པ་དེ་འདྲ་མཉམ་ཡོང་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། ཨ་རྒྱ་གཉིས་ཀྱི་ཚོང་དམག་ནི་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་དངོས་སུ་ལག་བསྟར་མགོ་འཛུགས་བྱས་ཤིང་། དང་ཐོག་ཨ་རིས་རྒྱ་ནག་གི་ཚོང་ཟོག་ལ་ཨ་སྒོར་དུང་ཕྱུར་ ༣༤༠ ལ་རྒྱལ་ཁྲལ་བཀལ་བ་དང་དེའི་ལན་དུ་རྒྱ་ནག་གིས་གཅིག་མཚུངས་ཀྱི་རྒྱལ་ཁྲལ་བཀལ། དེ་ནས་ཉིན་ ༣ གྱི་རྗེས་སླར་ཡང་ཨ་རིས་ཨ་སྒོར་དུང་ཕྱུར་ ༢༠༠༠ ཡི་རྒྱལ་ཁྲལ་བཀལ་བ་དང་། རྒྱ་ནག་གིས་ཨ་སྒོར་དུང་ཕྱུར་ ༦༠༠ ཡི་རྒྱལ་ཁྲལ་བཀལ། སྐབས་དེར་ཨ་རིའི་ཕོ་བྲང་དཀར་པོས་རྒྱ་ནག་ལ་བཀལ་བའི་རྒྱལ་ཁྲལ་དེ་རྣམས་ཉིན་ ༦༠ ནང་ལག་བསྟར་ཡོངས་སུ་བྱ་རྒྱུ་ཡིན་བསྒྲགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 4

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ says:
    ལོ་ 8 སྔོན།

    ཨ་རྒྱའི་ཆབ་སྲིད་འཛམ་གླིང་ཡོངས་ལ་བསྟན་།
    ཨ་རྒྱའི་ཁ་དམག་འཛམ་གླིང་ཡོངས་ལ་བསྟན་།
    ཨ་རྒྱའི་གསང་བའི་རྒྱབ་ཡོལ་སུ་ཡིའི་རྟོགས་།
    ཨ་རྒྱའི་གསང་གཏམ་འོག་ཏུ་འཛམ་གླིང་འཐོམ་།

    Reply
  2. tenzin choenyi says:
    ལོ་ 8 སྔོན།

    thank for

    Reply
  3. Lobsang Wangdu says:
    ལོ་ 8 སྔོན།

    Wao ! Hello Mr Trump. You are the really Bravo. You are the Great ?You are the Pride of USA ?? You are the Superhero. You are the such fully Great Country Maker. Don’t hand with China ?? until Truth. Harder and Harder. Tighten up Tighten. Until Such Leakage. Thanks ?

    Reply
  4. ཀིརྟིའི་ནང་བ། says:
    ལོ་ 8 སྔོན།

    ཨ་རིའི་ཁྲོམ་རྒན་གྱིས་རྒྱ་ནག་གི་ཕག་རྒན་རྫོགས་ཐུབ་ན་བུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese