མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་གདོད་མའི་མི་རིགས་ཀྱིས་ཞི་ཅིན་ཕིན་ལ་ཡི་གེ་བསྐུར།

བོད་ཀྱི་དུས་བབ།
༢༠༡༩/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་མི་མང་བཅིངས་གྲོལ་དམག་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཧི་ལི་ (He Lei) ཡིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ནི་ལོ་རྒྱུས་ཀྱིས་སྡིག་དམོད་བྱེད་ས་དང་དམག་འཁྲུག་བསླངས་པའི་ཉེས་ཅན་དུ་འགྱུར་རྒྱུ་ཡིན་པའི་འཇིགས་སྐུལ་བྱས།ཁ་སང་ཐའེ་ཝན་གྱི་གདོད་མའི་མི་རིགས་ཀྱི་མི་གྲངས་ ༢༠ ལྷག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཞུ་ཡིག་ཅིག་བསྐུར་བའི་ནང་། ང་ཚོ་ནི་ཐའེ་ཝན་གྱི་གདོད་མའི་མི་རིགས་ཡིན་ལ། ས་འདིར་གནས་བཅས་ནས་ལོ་ངོ་སྟོང་ཕྲག་དྲུག་ལྷག་འགྲོ་བཞིན་ཡོད་པ་རེད། ང་ཚོ་རྒྱ་ནག་རྒྱལ་ཁབ་དེའི་གྲངས་ཉུང་མི་རིགས་ཤིག་མིན་པར་ཐེ་ཚོམ་རྩ་བ་ནས་མེད། ཅེས་བརྗོད་ཡོད་འདུག་ལ། ཨ་རིའི་རྒྱལ་ཡོངས་རྒྱལ་སྲུང་ཚན་པའི་མགྲིན་ཚབ་པ་གྷ་རི་ཊི་མར་ཁུ་སི་ (Garrett Marquis)ལགས་ཀྱིས་རྒྱ་ནག་གཞུང་གིས་ཐའེ་ཝན་ལ་བཙན་སྐུལ་མཚམས་འཇོག་བྱས་ཏེ་འབྲེལ་མོལ་བྱེད་དགོས་པའི་འབོད་སྐུལ་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༩ ཉིན་མཚོ་འགག་གཉིས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཐའེ་ཝན་མི་མང་ནས་ལྕམ་ཚའེ་ཡེན་ཝིན་དང་ཞི་ཅིན་ཕིན་གཉིས་ཀྱི་ལངས་ཕྱོགས་མི་འདྲ་བར་བསམ་ཚུལ་ག་འདྲ་ཡོད་ཞིབ་འཇུག་བྱས་ཏེ་གྲུབ་དོན་ཡོངས་བསྒྲགས་བྱས་པ་ལྟར་ན། ཐའེ་ཝན་མི་མང་བརྒྱ་ཆ་ ༨༥.༢ ཡིས་ལྕམ་ཚའེ་ཡེན་ཝིན་གྱིས་བཏོན་པའི་དགོས་ངེས་དོན་ཚན་ ༤ ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། མི་མང་བརྒྱ་ཆ་ ༡༠.༩ ཡིས་རྒྱབ་སྐྱོར་བྱེད་ཀྱི་མེད་འདུག དེ་བཞིན་ལྕམ་ཚའེ་ཡེན་ཝིན་ལ་སྤྱི་ཡོངས་ནས་རྒྱབ་སྐྱོར་བྱེད་མཁན་གྱི་གྲངས་འབོར་འདས་པའི་ལོ་གཅིག་གི་ནང་ཆེས་མཐོ་ཤོས་སུ་བསླེབས་ཏེ་བརྒྱ་ཆ་ ༤༨.༤ ཟིན་ཡོད་སྐོར་བསྒྲགས་འདུག

ཐའེ་ཝན་གདོད་མའི་མི་རིགས་ཀྱིས་བསྐུར་བའི་ཞུ་ཡིག་ནང་། ང་ཚོར་མཐོང་ཆོས་སུ་གྱུར་པ་ནི་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་མི་རིགས་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་བཅས་འཆར་གཞི་ལྡན་པའི་ངང་རྩ་གཏོར་གྱིས། མཐར་ཁོང་ཚོར་བཙན་དབང་གིས་རྒྱ་རིགས་ལ་བསྒྱུར་ཐབས་བྱེད་བཞིན་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཀྱི་སྒྲོམ་གཞིའི་འོག ཧོང་ཀོང་མི་མང་གི་རང་དབང་དང་དམངས་གཙོ་ཇི་ལྟར་བརླག་བཞིན་པ་དང་ནུས་མེད་ཆགས་བཞིན་པ། དེ་ཙམ་མ་ཟད་རྒྱ་ནག་སྐམ་ས་ཆེན་མོའི་མི་མང་ཚོས་ཀྱང་རང་ཉིད་ཀྱི་མངོན་འདོད་དེ་རང་དབང་ངང་ཕྱིར་འདོན་ཐུབ་ཀྱི་མེད་པ་དང་། ཁོང་ཚོའི་རང་ཉིད་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལའང་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པ་དེ་རེད། ཅེས་བཀོད་འདུག

ཡང་ཞུ་ཡིག་དེའི་ནང་། མ་འོངས་པའི་ཐའེ་ཝན་ནི་གནས་འདིའི་གདོད་མའི་མི་རིགས་ཚུད་པའི་ཐའེ་ཝན་གྱི་མི་རིགས་གཞན་རྣམས་ཀྱི་རང་ཐག་རང་གཅོད་གཞིར་བཞག་པའི་རྒྱལ་ཁབ་ཅིག་ཡིན་པ་རེད་ལ། གཞུང་དང་ཆབ་སྲིད་ཚོགས་པ། ཚོགས་སྡེ་གང་འདྲ་ཞིག་གིས་ཕྱིའི་རྒྱལ་ཁབ་ཀྱི་དབང་ཤུགས་ལ་བརྟེན་ནས་གདོད་མའི་མི་རིགས་འདིའི་ས་ཁོངས་རྒྱལ་ཁབ་གཞན་ལ་ཟླ་སྒྲིལ་གཏོང་སྐབས། གནས་འདིའི་གདོད་མའི་མི་རིགས་ཀྱིས་རང་ཐག་རང་གཅོད་ལས་བྱུང་བའི་མོས་མཐུན་ངེས་པར་དུ་དགོས།  ང་ཚོ་ཐའེ་ཝན་གྱི་གདོད་མའི་མི་མང་རྣམས་ཀྱིས་བློ་སེམས་བརྟན་པོས་ངང་རང་ཉིད་ཀྱི་ཕ་ཡུལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ཞུ་ཡིག་གི་མཇུག་ཏུ།  གལ་སྲིད་ཉིན་ཞིག་རྒྱ་ནག་གིས་ལོ་རྒྱུས་དང་མི་རིགས་ལ་འཁྱོག་བཤད་མཚམས་འཇོག་དང་། ད་ལྟ་བརྗོད་བཞིན་པའི་རྒྱལ་ཁུངས་ཀྱི་ཚད་ཐིག་ཟེར་བ་ཕྱིར་བསྡུ་བྱས་ཏེ། དྲག་ཤུགས་སྤྱད་ནས་རྒྱ་ནག་ང་ཚོའི་ཕ་མར་གྱུར་བ་མ་ཡིན་པར་ཁྱིམ་མཚེས་རྒྱལ་ཁབ་བཟང་པོ་ཞིག་ཏུ་གྱུར་ཚེ། ང་ཚོས་ཁྱིམ་མཚེས་རྒྱ་ནག་དང་མཉམ་དུ་ཆང་ཕོར་བཏེགས་ཆོག་ལ། སྐབས་དེར་ཆང་ཕོར་ནི་རྒུན་ཆང་མངར་མོས་བཀང་ཡོད་པ་མ་ཟད། ང་ཚོས་ཀྱང་ལྷག་བསམ་རྣམ་དག་གིས་གདོད་མའི་ཁ་དཔེ་ལྟར་ཁྱེད་ཀྱི་དབུགས་རྒྱུན་ལ་ཆད་པ་མེད་ཅིང་ཞི་འཇམ་ཡོང་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཅེས་བརྗོད་འདུགཁ་སང་རྒྱ་ནག་མི་མང་བཅིངས་གྲོལ་དམག་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཧི་ལི་ (He Lei) ཡིས། ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ངེས་པར་མཚམས་བཞག་སྟེ་གོད་ཆག་ལ་གཡོལ་དགོས་པ་ལས། རྒྱ་ནག་གིས་ཐའེ་ཝན་ལ་དྲག་ཤུགས་བཀོལ་དགོས་བྱུང་ཚེ། ཁ་བྲལ་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ནི་ལོ་རྒྱུས་ཀྱིས་སྡིག་དམོད་བྱེད་ས་དང་། དམག་འཁྲུག་བསླངས་པའི་ཉེས་ཅན་ཏུ་ངོས་འཛིན་བྱེད་དགོས་ངེས་ཡིན་སྐོར་བརྗོད་འདུག་ལ། གསར་འགོད་པས་ཐའེ་ཝན་ལ་དཔུང་འཇུག་བྱེད་པའི་གྲ་སྒྲིག་ཡོད་མེད་སྐོར་དྲིས་པར། ཐའེ་ཝན་གཅིག་སྡུད་བྱེད་པར་དྲག་ཤུགས་ནི་འདོར་ཐབས་མེད་ནའང་། དམག་དཔུང་གི་བྱ་སྤྱོད་ནི་ཐའེ་ཝན་གྱི་བློ་མཐུན་རྣམས་ཀྱི་བྱ་སྤྱོད་ཁོ་ནར་རག་ལུས་པ་རེད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༡༩ ལོའི་ལོ་གསར་ཚེས་གཅིག་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཐའེ་ཝན་སྐོར་ལ་གཏམ་བཤད་ཅིག་སྤེལ་བའི་ནང་། རྒྱ་ནག་དང་ཐའེ་ཝན་གཉིས་ཁ་བྲལ་ནས་ལོ་ངོ་ ༧༠ འགོར་ཡོད་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་ཐའེ་ཝན་མེས་རྒྱལ་ནང་ཕྱིར་ལོག་དགོས་པ་ལས་ཐའེ་ཝན་རང་བཙན་ལ་ངོས་ལེན་བྱེད་ཐབས་མེད་ལ། མེས་རྒྱལ་གོང་བུ་གཅིག་ཏུ་བསྒྲིལ་བར་དགོས་ངེས་བྱུང་ཚེ་དྲགས་ཤུགས་སྤྱོད་རྒྱུ་ཡིན་ལུགས་བསྒྲགས་ཡོད་པ་རེད།

ཞི་ཅིན་ཕིན་གྱི་བསྒྲགས་གཏམ་དེར་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་ (Tsai Ing-wen) ལགས་ཀྱིས་དེ་མ་ཐག་རྒོལ་གཏམ་སྤྲད་དེ། ཐའེ་ཝན་ཕྱོགས་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བར་རྩ་བ་ནས་དང་ལེན་མེད་པ་དང་། གཞུང་དང་གཞུང་གི་ངོ་བོའི་ཐོག་ནས་འབྲེལ་མོལ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༥ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ལྕམ་ཚའེ་ཡེན་ཝིན་གྱིས་ཐའེ་ཝན་གཞུང་ནས་རྒྱལ་སྲུང་གི་ནུས་ཤུགས་གོང་འཕེལ་ཆེད་ནུས་པ་གང་ཡོད་འདོན་གྱི་ཡོད་པ་དང་། དམངས་གཙོའི་རིན་ཐང་ལ་གུས་བརྩི་དང་མཐོང་ཆེན་བྱེད་མཁན་ཚོས་ཐའེ་ཝན་དང་མཉམ་ལས་བྱེད་པའི་རེ་བ་ཡོད་སྐོར་བརྗོད་དེ། རྒྱ་ནག་གི་དྲག་ཤུགས་ལ་ཁ་གཏད་གཅོག་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱལ་སྲུང་གི་རོགས་རམ་དགོས་པའི་སྐུལ་སློང་གནང་བ་དང་སྦྲགས། ཐའེ་ཝན་ཀྱི་ངོ་ཚབ་ཐའེ་ཝན་ཡིན་པས་འཛམ་གླིང་གི་རྒྱལ་ཁབ་སུ་གང་གིས་ཀྱང་ཚབ་བྱེད་མི་ཐུབ་སྐོར་བསྒྲགས་ཡོད་པ་རེད།

ཐའེ་རྒྱ་གཉིས་བར་གྱི་གནད་དོན་ཐད་ཐེ་གཏོགས་ཤུགས་ཆེན་བྱས་པའི་ཨ་རི་གཙོ་བོར་གྱུར་བའི་སྟོབས་ཆེན་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣས་ལྕམ་ཚའེ་ཡེན་ཝིན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༥ ཉིན། ཨ་རིའི་རྒྱལ་སྲུང་ཚན་པའི་མགྲིན་ཚབ་པ་གྷ་རི་མར་ཁུ་སི་ (Garrett Marquis) ལགས་ཀྱིས། རྒྱ་ནག་གཞུང་གིས་ཐའེ་ཝན་མི་མང་ལ་དྲག་ཤུགས་ཀྱི་ཉེན་བརྡ་བཏང་བར་ཨ་རིས་ངོས་ལེན་གནང་ཐབས་མེད་པ་དང་། ཕྱོགས་གཉིས་ཀྱི་འགལ་བ་ཞི་བ་དང་མི་མང་གི་འདོད་མོས་ལྟར་ཐག་གཅོད་བྱེད་དགོས་སྟབས། པེ་ཅིན་གཞུང་གིས་བཙན་སྐུལ་མཚམས་འཇོག་དང་དམངས་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་འཛིན་སྐྱོང་བར་གྲོས་མོལ་བསྐྱར་མཐུད་བྱེད་དགོས་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༨ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༣ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese