གཉིད་མ་སངས་པའི་མིའི་རིགས།
ང་འདི་ནས་ཐག་རིང་ཞིག་དུ་འགྲོ་བ་ལས
གནས་ཡུལ་གཞན་ཞིག་གི་རྒྱག་བྲོ་བསྒུམ་ནས
ཤི་གསོན་གྱི་ལབ་གླེང་ལ་དགའ་བའི་མི་ཞིག་གི་ལྟགས་རྒྱབ་དུ
ངུས་མྱོང་མེད་པའིི་བུད་མེད་དེའི་རུམ་ནང་དུ་འཛུལ་ཏེ་སྐྱིད་ཅིག་རྒྱག་མི་འཕོད་པར
རླུང་བུ་བསིལ་མོ་ཞིག་གི་རེག་བྱ་ལ་རོལ་བའི་དབྱངས་རྟ་རྩོམ་མཁན་དུ་མ་གྱུར་གོང་
ལྡོམ་ཟིན་པའི་བྱིས་པ་ཡོད་ཚད་རྩད་གཅོད་ཀྱི་བསྒྲགས་ཡིག
འཛམ་གླིང་གི་བརྩིགས་ངོས་ཆེན་པོ་དེར་སྤྱོར་འདོད་ཀྱང་
གཉིད་ལ་དགའ་བའི་མིའི་རིགས་འདི མི་རིགས་རང་ལུགས་ཀྱི་དྲི་མ་ཁ་དྲགས་པས
གཏིང་མི་ཟབ་པའི་ཤེས་རློམ་པ་ཁྱུ་ཞིག་དང་
མིག་མ་ཕྱེ་བའི་མཁས་མིང་འཛིན་མཁན་གྲངས་མེད
བྱམས་བརྩེ་གྱི་སྟོང་བའི་ཆོས་ལུགས་ཀྱི་དབུ་ཁྲིད་གང་མང་
ད་དུང་་་ ་་་ ་་་
གཉིད་མ་སངས་པའི་མིའི་རིགས།
ང་འདི་ནས་ཐག་རིང་ཞིག་དུ་འགྲོ་བ་ལས
གནས་ཡུལ་གཞན་ཞིག་གི་རྒྱག་བྲོ་བསྒུམ་ནས
ཤི་གསོན་གྱི་ལབ་གླེང་ལ་དགའ་བའི་མི་ཞིག་གི་ལྟགས་རྒྱབ་དུ
ངུས་མྱོང་མེད་པའྀ་བུད་མེད་དེའི་རུམ་ནང་དུ་འཛུལ་ཏེ་སྐྱིད་ཅིག་རྒྱག་མི་འཕོད་པར