འཕྲིན་ཡིག་ཕར་ལ་སྤྲིངས་ཟིན།།
འཕྲིན་ལན་ཚུར་ལ་མ་འབྱོར།།
འཕྲིན་ལ་འཕྲིན་ལན་མེད་ན།།
འཕྲིན་ཡིག་མེ་བསྲེག་གཏོང་རོགས།།
སྙིང་གཏམ་ཁྱེད་ལ་བཤད་ཟིན།།
སྙིང་སྡུག་གོ་བ་ཡོད་ན།།
སྙིང་སྡུག་ཐུགས་སུན་བྱུང་དུས།།
སྙིང་གཏམ་ཆུ་ལ་བསྐུར་རོགས།།
སེམས་ཀྱི་བརྩེ་དུང་འབུལ་ཟིན།།
དུངས་ཞེན་ཞེ་ཐག་ཡོད་ཚེ།།
རང་གཞན་ཁ་ཐག་ཕྱོགས་སུ།།
སེམས་འཁྲལ་བྱེད་རྒྱུ་གཡུགས་ཤོག།
༡༦།༤།༠༧རྒྱ་གར་ལྷོ་ཕྱོགས་ནས།