མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟའི་བར་དུ། འབྲེལ་མོལ་དང་གྲོས་མོལ་གང་ཡང་བོད་རྒྱའི་བར་དུ་བྱུང་མྱོང་མེད།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

དྲ་

གྲོགས་ཟླ་བ་ཚེ་རིང་ལགས། ཉིད་ཀྱིས་གོང་གི་དུས་བབ་ཚང་གི་དྲ་ཚིགས་འདིས་ནང་དུ་བཀོད་པའི་༧གོང་ས་མཆོག་གི་བཀའ་སློབ་དེ་བཀླགས་རྗེས་སུ་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་ཐད་ང་ཚོས་འདི་ནས་བཟུང་ལྟ་ཚུལ་གང་འདྲ་ཞིག་བཟུང་ན་འོས་པ་ཞིག་དུ་མཐོང་གི་ཡོད། སྤྱིར་ད་ལྟའི་བར་དུ་བོད་རྒྱའི་བར་དུ་འབྲེལ་མོལ་ཞིག་བྱུང་ཡོད་པར་ཁྱེད་རང་གི་ཡིད་ཆེས་བྱེད་ཐུབ་ཀྱི་ཡོད་དམ། ངས་ག་དུས་ཡིན་ཡང་། ང་རང་ལ་དོགས་པ་ཞིག་ཡོད་པ་ནི། ད་ལྟའི་བར་དུ་བོད་རྒྱའི་བར་དུ་འབྲེལ་མོལ་ཟེར་བ་ཞིག་བྱུང་ཐུབ་མེད་ཟེར་ན་འདོད་ཀྱི་ཡོད། རྒྱུ་མཚན་ནི་ག་དུས་ཡིན་ཡང་བཙན་བྱོལ་གཞུང་གིས་ཀྱང་༧གོང་ས་མཆོག་གི་སྐུ་ཚབ་རྒྱ་ནག་དུ་སོང་བ་ཟེར་བ་དང་རྒྱ་ནག་སྲིད་གཞུང་གིས་ཀྱང་༧གོང་ས་མཆོག་གི་སྐུ་ཚབ་འགའ་བོད་དུ་ལྟ་བསྐོར་དུ་ཡོང་ཟེར་བ་སོགས་བསྒྲགས་པ་ལས། བོད་རྒྱ་གཉིས་ཀྱི་འབྲེལ་མོལ་ཚོགས་འདུ་ཟེར་བ་ཞིག་ད་ལྟའི་བར་དུ་རྒྱ་ནག་སྲིད་གཞུང་གིས་ཁས་ལེན་པ་ཕར་ཞོག་བསྒྲགས་མྱོང་མེད་དུས། ངས་བོད་རྒྱའི་འབྲེལ་མོལ་ཟེར་བ་ཞིག་བོད་བཙན་བྱོལ་གཞུང་དང་རྒྱ་ནག་སྲིད་གཞུང་གི་སྲིད་འཛིན་པ་དག་གི་བར་དུ་དེ་འདྲ་ཞིག་བྱུང་མེད་ཟེར་ན་འདོད་ལ། ངས་འདི་ནས་རང་གི་གྲོགས་པོ་མང་བོ་ཞིག་ལ་ཡང་དེའི་བསྐོར་ཁ་ཤས་གླེང་མོལ་བྱེད་མྱོང་ཡོད། གལ་ཏེ། བོད་བཙན་བྱོལ་གཞུང་དང་རྒྱ་ནག་སྲིད་གཞུང་གི་བར་དུ་འབྲེལ་མོལ་ཞིག་བྱུང་ཡོད་ན། རྒྱ་ནག་སྲིད་གཞུང་གིས་བོད་བཙན་བྱོལ་གཞུང་ངོས་ལེན་བྱས་པ་རེད། དེ་འདྲ་ཞིག་ཁོང་ཚོས་ནམ་དུ་ཡང་བྱེད་འདོད་མེད་པ་ནི། ང་ཚོས་རྒྱ་ནག་སྲིད་གཞུང་གི་སྲིད་འཛིན་པ་དག་གི་བསྒྲགས་ཚིགས་དེ་དག་གོ་བ་ལས་གསལ་བོ་ཞིག་རྟོགས་ཐུབ་ཀྱི་ཡོད་ན། ང་ཚོས་ད་དུང་བོད་རྒྱའི་འབྲེལ་མོལ་ཟེར་ན་འོས་པོ་ཞིག་དུ་མཐོང་གི་མི་འདུག བོད་རྒྱའི་འབྲེལ་མོལ་ཟེར་ནས་གླེང་དགོས་ན། ཐོག་མར་བོད་བཙན་བྱོལ་གཞུང་གིས་བོད་རྒྱའི་འབྲེལ་མོལ་ཟེར་ནས་གླེང་མིན་གཅིག་བུ་ལ་འགོ་འཐོམ་ནས་མ་བསྡད་པར་རྒྱ་ནག་སྲིད་གཞུང་གིས་བོད་བཙན་བྱོལ་གཞུང་ཡོད་པ་ངོས་ལེན་བྱེད་ཀྱི་ཡོད་མེད་དེ་ཤེས་དགོས་པར་འདོད་ཀྱི་ཡོད། དེ་ལས་ཀྱང་གནད་དོན་ཆེ་བ་ཞིག་ནི། བོད་བཙན་བྱོལ་གཞུང་འདི་འཛམ་གླིང་འིད་ན་བཙན་བྱོག་གཞུང་ཞིག་ཡིན་པར་ཁས་ལེན་བྱེད་མཁན་གྱི་རྒྱལ་ཁབ་ག་ཚོད་ཅིག་འདུག ཐ་ན་ང་ཚོ་སྐྱབས་བཅོལ་དུ་གནས་སའི་གནས་ཚང་དྲིན་ཆེན་འདི་ཚང་གིས་ཀྱང་ང་ཚོ་ལ་བཙན་བྱོལ་གཞུང་ཡིན་པར་ངོས་ལེན་གནང་གི་ཡོད་མེད་དེའི་ཐད་དུ་ཡང་བཤད་ཚུལ་མང་བོ་ཞིག་ཡོད་པ་ནི། ཁྱེད་རང་གིས་ཀྱང་མཁྱེན་གསལ་ལོས་ཡིན། ངས་་འདི་འདྲ་ཞིག་བསམ་བཞིན་ཡོད་ན། ཁྱེད་རང་གིས་ག་རེ་དགོངས་ཀྱི་འདུག་གམ། དགོངས་ཚུལ་གང་ཡོད་པ་དེ་མི་གསང་བར་ལྷུག་པོར་སྩོལ་རོགས་གནོང་ཟེར་རྒྱུ་ཡིན།

འདིས་གོང་གི་འདི་ང་རང་གིས་ལས་མཐའ་ཟད་པའི་གྲོས་མོལ་གྱི་རྩོམ་ཡིག་འབྲི་མཁན་དྲ་གྲོགས་ཟླ་བ་ཚེ་རིག་ལགས་དང་གླེང་མོལ་བྱས་པ་ལས་ཚུར་བླངས་བ་ཡིན། དྲ་གྲོགས་ཚོ་ཁྱེད་ཅག་གིས་ཀྱང་འདིས་ཐད་དུ་ངེད་གཉིས་ལ་ཁ་བརྡ་རེ་བྱེད་དུ་ཡོང་ཁོམ་ཡོད་ན་དགའ་བསུ་ཞུ།

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 6

  1. dawatsering says:
    ལོ་ 17 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས། བཙན་བྱོལ་བོད་གཞུང་འདི་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཀྱིན་མེད། རྩ་བའི་འདི་གར༼ རྒྱ་གར་ནང་༽བོད་མི་ཚོར་སྐུ་མདུན་གྱིས་དབུ་ཁྲིད་པའི་གཞུང་ཞིག་དང་དེའི་དོན་གཅོད་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པ་རྒྱ་ནག་གཞུང་གིས་གསལ་བོར་ཤེས་ཀྱི་ཡོད། འོན་ཀྱང་ཁོ་ཚོས་བཙན་བྱོལ་གཞུང་ཞིག་ཏུ་ངོས་ལེན་བྱེད་ཀྱིན་མེད་པ་དེ་རྩ་བའི་ཆབ་སྲིད་ཀྱི་འགག་རྩ་ཞིག་ཏུ་ཐུག་ཡོད་པའི་རྐྱེན་ཡིན་སྙམ།
    དབུ་མའི་ལམ་ལ་དོན་ཕན་ལྡན་པའི་གྲུབ་འབྲས་མ་བྱུང་བ་དེས་སྐུ་མདུན་གྱིས་བོད་མི་དམངས་ལ་བསླུ་བྲིད་བྱས་ཚུལ་དེ་གཞི་རྩ་མེད་པའི་བཤད་ཡམ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་དེ་འདྲའི་བཤད་ཡམ་ཞིག་རང་རེའི་སྤྱི་ཚོགས་ནང་ཡོད་ཚུལ་དང་དེ་ཡང་ཁྱེད་ཀྱིས་གསུངས་པ་བཞིན་ཆེས་ཛ་དྲག་གམ་ཚབས་ཆེན་ཞིག་ཏུ་སླེབས་ཡོད་པའི་ངང་ཚུལ་ཞིག་གུས་པས་ད་ལྟའི་བར་གོ་ཐོས་གང་ཡང་མ་བྱུང་། འདི་དྲང་མོར་ཞུ་གི་ཡོད།
    སྐུ་མདུན་གྱི་རྗེས་རབས་པའི་སྐབས་བོད་དོན་གང་འདྲ་ཞིག་ཡོང་མིན་དེ་གཙོ་བོ་སྐུ་མདུན་ཁོང་གི་སྐུ་ཚེའི་མཇུག་གི་ཕྱག་ལས་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། འདིའི་སྐོར་གུས་པས་༼རྣམ་པ་འགྱུར་བའི་མཇལ་འཕྲད༽ཅེས་པའི་ནང་ཉུང་ཙམ་གླེང་ཡོད། ཁོམ་སྐབས་བྱུང་ན་སྐབས་དེར་གླེང་མོལ་བྱ་ཆོག

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ཟླ་བ་ཚེ་རིང་ལགས། ངས་ད་ལྟའི་བར་དུ་གོ་ཚོད་དང་ཤེས་ཚོད་ལ་ཞུགས་དེ་བཤད་ན། པེ་ཅིང་སྲིད་གཞུང་གིས་ད་ལྟའི་བར་དུ་བོད་བཙན་བྱོལ་གཞུང་འདི་བཙན་བྱོལ་གཞུང་ཞིག་ལ་ངོས་ལེན་བྱས་རབས་མེད་ལ། ད་དུང་ཁོང་ཚོས་བཙན་བྱོལ་བོད་གཞུང་དང་པེ་ཅིང་སྲིད་གཞུང་གཉིས་ཀྱི་བར་དུ་འབྲེལ་མོལ་བྱས་རབས་ཤིག་གཏན་ནས་པེ་ཅིང་སྲིད་གཞུང་གིས་གསར་ལམ་ཁག་དུ་ཚིགས་དེ་འདྲ་ཞིག་ཆབ་བསྒྲགས་བྱེད་མྱོང་མེད་དུས། ཁྱེད་རང་གིས་དགོངས་ཚུལ་ཡིན་ན། རྒྱ་ནས་སྲིད་གཞུང་དེ་པེ་ཅིང་སྲིད་གཞུང་གིས་བོད་བཙན་བྱོལ་གཞུང་འདི་བཙན་བྱོལ་གཞུང་ཞིག་དུ་ངོས་ལེན་བྱས་ཡོད་པ་རེད་གསུང་གི་ཡོད་དམ།
    འོན་ཀྱང་མཐའ་འབྲས་འདི་སྐུ་མདུན་གྱིས་བོད་མི་ལ་བསླུ་བྲིད་བྱས་ཚུལ་བཤད་ན་དེ་ནི་གཞིན་འཛིན་མེད་པའི་བཤད་ཡམ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། ཟེར་བ་འདི་ལ་ང་རང་གི་ངོས་ནས་ཡིན་ཡང་ཁྱེད་རང་གི་སྐད་ཆ་དེ་ལ་རྒྱབ་སྐྱོར་ཡོད་པ་ཡིན་ལ། ངས་ཀྱང་ནམ་ཀུན་དུ་༧གོང་ས་མཆོག་གི་བོད་མི་བསླུ་མི་སྲིད་པ་ཡིན་ཡང་བོད་མིས་༧གོང་ས་མཆོག་བསླུ་སྲིད་པ་རེད་སྙམ་ནས་སེམས་འཁྲལ་བྱེད་ཀྱི་ཡོད།
    བོད་མི་ཆབ་སྲིད་མཁས་དབང་དུ་རློམ་མཁན་དང་བོད་མི་ལ་ཤ་ཚ་སེམས་གཏིང་ནས་ཡོད་ཟེར་ནས་ཁ་ཙམ་འགུལ་རྒྱུར་དགའ་བ་དག་གིས་༧གོང་ས་མཆོག་གི་ལམ་དབུ་མའི་གྲུབ་འབྲས་དངོས་དེ་མ་ཤེས་པར་གྲུབ་འབྲས་ཅི་ཡང་བྱུང་མེད་པ་རེད་ཅེས་གླེང་དེ་འོང་དུས། ངས་གནའ་རབས་བོད་ཀྱི་བོད་མི་བཀའ་དྲིན་རྗེས་དྲན་བྱེད་སའི་བོད་ཀྱི་ཆེས་མཐོའི་མི་སྣ་དེ་དག་གི་ཆེས་མཐའ་མའི་མི་ཚེ་ལ་བོད་མི་ཚོས་དྲིན་ཆེན་དྲིན་ལོག་དང་གཡང་ལུག་ལ་རྡོ་འཕེན་ཟེར་བས་དཔེ་ལྟར་འགྱུར་བཞིན་འདུག་ལ། སློབ་དཔོན་བདྣ་འབྱུང་གནས་ཀྱིས་བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ་ཟེར་བ་དེ་ཡང་དྲན་དུ་བཅུགས་སོང་ལ། མཁས་དབང་དགེ་ཆོས་ཀྱི་རང་ཉིད་དགའ་ལྡན་ཕོ་བྲང་གི་སྐུ་དྲག་ཚོས་དབང་འོག་ནས་བཙོན་དུ་འཚུད་རྗེས་འཛམ་གླིང་ན་དཀོན་པའི་གཡུ་ཡི་བུམ་ཞིག་ས་ལ་བརྡབས་སོང་ཟེར་ནས་སྨྲེ་ངག་བཏོན་པ་དེ་ཡང་རང་དབང་མེད་པར་སེམས་ལ་དྲན་དེ་འོང་།
    ཁྱེད་ཀྱིས་གཟིགས་དང་བོད་མི་ཟེར་བ་འདིས། དུས་རྟག་དུ་རང་ཤེད་བྱེད་རྒྱུར་དགའ་བ་ནས་དབུ་ཁྲིད་ལ་མི་བརྩི་བ་འདིས་སྟེང་ནས་ང་ཚོ་མི་རིགས་གཞན་གྱིས་སྡོམ་ཚིགས་ཤིག་ཡོད། བོད་ལ་མགོ་ཡོད་ཀྱང་ཕུང་བོ་མེད། སོག་པོ་ལ་ཕུང་བོ་ཡོད་ཀྱང་མགོ་མེད་ཟེར་བཞིན་ཡོད། ཉེ་དུས་ཀྱི་དེང་རབས་རྩོམ་རིག་སྨྲ་བ་སྐུ་གཤེགས་དོན་འགྲུབ་རྒྱལ་གྱིས་ཀྱང་འདི་འདྲ་ཞིག་གསུང་ཡོད། བོད་མི་གཅིག་སྟག་ཡིན། བོད་མི་ཁ་ཤས་འདུས་ན་ཁྱི་ཡིན། རྒྱ་མི་གཅིག་ཁྱི་ཡིན། རྒྱ་མི་ཁ་ཤས་འདུས་ན་སྟག་ཡིན་ཟེར་ནས་ང་ཚོ་ལ་སྡོམ་ཚིགས་ཤིག་བསླབ་བྱ་ཞིག་ཀྱང་བཞག་ཡོད་པ་རེད།
    ཁྱེད་རང་གིས་སྔོན་ཆད་ཀྱི་མེས་པོ་དེ་དག་གི་ང་ཚོ་བོད་མི་ལ་བཞག་པའི་སྡོམ་ཚིགས་དེ་དག་གི་ཁྲོད་ན། དེ་རིང་བོད་པ་ཚང་གི་སྐྱིད་སྡུག་ལ་འཁོ་བའི་ཚིགས་རེ་འདུག་གམ། ང་ཚོས་འདི་དག་གི་ནང་ནས་བསླབ་བྱ་ལེན་དགོས་ས་ཁ་ཤས་འདུག་གམ།
    དེ་རིང་གི་ང་ཚོ་བོད་མི་ཚང་ལ་༧དབུ་ཁྲིད་བྱེད་མཁན་གྱི་༧གོང་ས་སྐུ་ཕྲེང་བཅུ་བཞི་འདི་ཚང་གིས་བོད་མི་ཚང་ལ་ངོ་ཚ་མེད་པ་དང་བསླུ་བྲིད་སོགས་བྱེད་སྲིད་དམ། དེ་ལྟར་བསམ་བློ་འདྲ་མིན་མང་བོ་ཞིག་རང་རང་གི་ཀླད་པ་ཡག་པོ་ཞིག་དཀྲུགས་དང་། ད་གཟོད་ང་ཚོ་ལ་ཤེས་ཀྱི་རེ་མི་འདུག་གམ། དྲ་གྲོགས་ལགས་ཟླ་བ་ཚེ་རིང་། ཁྱེད་རང་གིས་ཆབ་སྲིད་ཟེར་ནའང་འགྲིག བོད་དོན་ཟེར་ན་འང་འགྲིག ༧གོང་ས་འདི་ཚང་མེད་དུས་ཀྱི་ཉིན་མོ་དེ་ག་འདྲ་ཞིག་དུ་མཐོང་གི་ཡོད། ༧ཁོང་གིས་དབུ་མ་ཁྲིད་པའི་ཉིན་མོ་དེ་ནས་

    Reply
  3. dawatsering says:
    ལོ་ 17 སྔོན།

    དབུ་མའི་ལམ་ལ་དོན་ཕན་ལྡན་པའི་གྲུབ་འབྲས་མ་བྱུང་འདི་ངྷ་སའི་སྐུ་ངོ་དང་མཁས་དབང་། དེ་བཞིན་ཆབ་སྲིད་གླེང་བརྗོད་པ་དང་ཆབ་སྲིད་ལས་འགུལ་བ་སོགས་ཀྱིས་བཤད་མིན་ལ་མ་ལྟོས་པར་ངྷ་ས་དང་པེ་ཅིན་ཕྱོགས་གཉིས་ཀའི་ངོས་ནས་ངོས་ལེན་གཙང་མ་བྱས་ཡོད། འོན་ཀྱང་མཐའ་འབྲས་འདི་སྐུ་མདུན་གྱིས་བོད་མི་ལ་བསླུ་བྲིད་བྱས་ཚུལ་བཤད་ན་དེ་ནི་གཞིན་འཛིན་མེད་པའི་བཤད་ཡམ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། འབྲེལ་ལམ་རིམ་པ་ཁག་ལ་གྲུབ་འབྲས་མ་བྱུང་བ་འདིའི་ཁག་དཀྲིས་སུ་ཞིག་ལ་མེད་ལ། གལ་སྲིད་ཁག་དཀྲིས་ཤིག་དགོས་ན་དེ་ནི་པེ་ཅིན་གཞུང་གིས་གཉིས་ཕན་ལ་ངོས་འཛིན་མ་ཐུབ་པའམ། ཡང་ན་གཉིས་ཕན་ལ་དྭངས་ལེན་མ་བྱས་པ་དེ་རང་ལས་གཞན་མེད།

    Reply
  4. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ཟླ་བ་ཚེ་རིང་ལགས། ཁྱེད་ཀྱིས་ཀྱང་ཉིན་མ་རེ་རེ་བཞིན་བོད་གཞུང་གི་ལས་བྱེད་དང་མཁས་དབང་། སྐུ་ཞབས་དང་ཆབ་སྲིད་པ་རྣམ་གྱི་ཅི་ཞིག་གསུང་བཞིན་པ་དེ་དག་དུས་བབ་ཀྱི་ཉིན་རེའི་དྲ་ཚིགས་འདིར་འགོད་བཞིན་པ་དེ་ལ་གཟིགས་བཞིན་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད། དེས་ན་ཁྱེད་རང་གི་ཁ་སང་དེ་རིང་ཚོགས་ཞུགས་པ་རྣམ་པས་གླེང་བཞིན་པའི་གཏམ་དེ་དག་གི་ཐད་དུ་ཁྱེད་རང་སྒེར་ལ་ལྟ་ཚུལ་ག་རེ་འདུག དཔེར་ན་༧གོང་ས་མཆོག་གི་བསྟན་གནང་བས་དབུ་མའི་ལམ་ལ་གྲུབ་འབྲས་ཐོན་མ་སོང་ཟེར་མཁན་དེ་དག་གི་གཏམ་དེ་ལ་བདེན་པར་བཟུང་ན་འགྲིག་གི་རེད་དམ། ཡང་ན། དེ་དག་གི་སྐད་ཆ་དེ་དག་ལ་རྒྱུ་མཚན་མེད་པའི་སྐྱོན་འཛུགས་ཞེས་བཏགས་ན་འགྲིག གང་ལྟར། ཁྱེད་ཀྱིས་ཁོང་ཚོས་དབུ་མའི་ལམ་ལ་ངན་ཁག་འདྲི་བ་འདི་མཐོང་དུས་སུ། ཁྱེད་རང་གི་ག་རེ་བསམ་བཞིན་ཡོད། དངོས་ནས་༧གོང་ས་མཆོག་གིས་ང་ཚོ་བོད་མི་ཚང་བསླུས་སྲིད་པ་ཞིག་རེད་འདོད་ཀྱི་ཡོད། དེ་མིན་༧གོང་ས་མཆོག་གི་སྔ་འདང་ཕྱི་འདང་མ་འཕོག་པ་ཞིག་ལ་ངོས་འཛིན་བྱེད་དགོས་སམ། དེའི་ཐད་དུ་ང་རང་གིས་བསམ་ཚུལ་དྲན་བུ་ཞིག་ཁོང་ཚོས་གླེང་སྟེགས་ལེའུ་ཚན་དེའི་ནང་དུ་ང་རང་བཀོད་ཡོད། དྲ་གྲོགས་ཟླ་བ་ཚེ་རིང་ལགས། ཁྱེད་རང་གིས་དེའི་ཐད་ཀྱི་ཁྱེད་རང་གི་བསམ་ཚུལ་དངོས་ཤིག་བཤད་ན་ཨེ་ཆོག ཨོ་རོད། བོད་རྒྱའི་འབྲེལ་མོལ་དམ་རྡ་ས་དང་པེ་ཅིང་བར་གྱི་འབྲེལ་མོལ། ཡང་ན་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གིས་མི་སྣ་འགའི་ཐུགས་འཕྲད་སོགས་ཀྱི་བསྐོར་ངེད་གཉིས་ཀྱི་ག་ལེར་གླེང་ཆོག་པ་ཞུ། ཐོག་མར་ཁྱེད་རང་གིས་གོང་གི་ངས་ཁྱེད་རང་ལ་འབོད་སྐུལ་བྱས་པ་དེའི་ཕྱོགས་སུ་བསམ་ཚུལ་ཞིག་ཤོད་དང་།

    Reply
  5. dawatsering says:
    ལོ་ 17 སྔོན།

    གོང་གི་བསམ་ཚུལ་འདི་དྲ་གྲོགས་བོད་ལགས་ཀྱིས་གུས་པའི་ཟིན་བྲིས་ནང་བཏོན་པའི་དྲི་བར་ལན་འདེབས་ལྟ་བུ་ཞིག་ཡིན། འདིར་བསྐྱར་བཀོད་བྱེད་དོན་དྲ་གྲོགས་བོད་ཁྱེད་དང་ལྷན་དུ་མུ་མཐུད་བསམ་ཚུལ་བརྗེ་ཐུབ་ན་བསམ་པ་ཡིན།

    Reply
  6. dawatsering says:
    ལོ་ 17 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས། །ཉིད་ཀྱིས་གསུངས་པ་ནང་བཞིན་ད་འགྲོ་བཞིན་པའི་འབྲེལ་མོལ་འདིའི་མིང་འདོགས་སྟངས་དང་མིང་གི་འཛིན་སྟངས་ལ་ད་བར་དུ་མི་འདྲ་བ་མང་པོ་ཞིག་བྱུང་ཡོད། རྒྱ་ནག་གཞུང་གིས་སྐུ་མདུན་དང་ཐག་ཉེ་བའི་མི་འགའ་དང་ཐུག་འཕྲད་ཀྱིས་གླེང་མོལ་བྱེད་ཀྱིན་པ་དང་། སྐུ་མདུན་དང་ཡང་ན་ཁོང་དང་ཐག་ཉེ་བའི་མི་འགའི་མ་འོངས་མདུན་ལམ་ཐག་གཅོད་ཐད་གྲོས་མོལ་བྱེད་ཀྱིན་པའམ། དེར་དམིགས་ནས་འབྲེལ་མོལ་བྱེད་ཀྱིན་པ་དུས་དང་རྣམ་པ་ཀུན་ཏུ་བརྗོད་ཀྱིན་ཡོད། འོན་ཀྱང་བོད་ཕྱོགས་ནས་ཇི་ལྟར་བརྗོད་མིན་ལ་མ་བལྟས་པར་རྒྱལ་སྤྱི་ཚོགས་དང་ཡུལ་ལུང་ཁག་གི་གཞུང་དང་སྲིད་འཛིན། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་གིས་འབྲེལ་མོལ་རིམ་པ་དེ་དག་བོད་རྒྱའི་གནད་དོན་ཐད་གླེང་མོལ་བྱེད་ཀྱིན་པ་གཅིག་མཐུན་ཏུ་ངོས་འཛིན་བྱེད་ཀྱི་ཡོད། འདིར་བོད་རྒྱའི་འབྲེལ་མོལ་ལམ་པེ་ཅིན་དང་ངྷ་སའི་འབྲེལ་མོལ་ཞེས་མིང་བཏགས་ཀྱང་མི་འོས་པ་ཞིག་མིན་པར་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese