མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ཚང་ལ། མགོ་ལུས་གཉིས་ཀ་ཚང་བ་འདི་བདེན་ནམ་ཅི།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

དྲ་

གྲོགས་སྟག་སྨྱོན་ལགས། ཁྱེད་ཀྱིས་ཟམ་གདོང་རིན་པོ་ཆེ་ཡིས་བོད་མི་ལ་མགོ་ལུས་གཉིས་ཀ་ཚང་ཡོད་ཟེར་བ་དེའི་ཐད་དུ་བསམ་ཚུལ་ག་རེ་ཡོད། ང་ཚོ་ལ་འགོ་ལུས་གཉིས་ཀ་ཚང་མཁན་དུ་གྱུར་ཡོད་དམ། བོད་པ་ཚང་གི་འགོ་ཁྲིད་ལས་བྱེད་དེ་དག་གིས་༧གོང་ས་མཆོག་གི་བཀའ་ལ་ཁ་ཡོད་ལག་ཡོད་བྱེད་ངེས་རེད་དམ། ཁྱེད་རང་གི་བཀའ་ཤག་གིས་གཏམ་བཤད་དེ་ལ་ཡིད་ཆེས་བྱེད་ཐུབ་བམ། གང་ལྟར་ངེད་ཅག་གིས་༧གོང་ས་མཆོག་གིས་གང་གསུང་བའི་དབུ་མའི་ལམ་དེ་ལ་སྔོན་ཆད་བོད་མི་ཚང་གི་འགོ་ཁྲིད་ལས་བྱེད་ནས་དམངས་ཚོགས་དཀྱིས་མ་ཡོད་ཚད་ཀྱི་བཀའ་དང་དུ་ལངས་དེ་ཤར་བསྐྱོད་བྱེད་མྱོང་བར་ཡིད་ཆེས་ཡོད་དམ། ད་དུང་མུ་མཐུད་དུ་༧གོང་ས་མཆོག་གིས་གང་གསུང་བ་དེའི་ནང་ལྟར་བོད་པ་ཚང་ཤར་བསྐྱོད་བྱེད་སྲིད་དམ། ངས་བསམ་ན་ད་དུང་ཡང་བོད་པ་ཚང་གི་ལས་བྱེད་ནས་མི་མང་དཀྱིས་མ་བཅས་ཡོད་ཚད་སྔར་ལྟར་གཉིད་ནས་བསྡོད་འདོད་ལས་༧གོང་ས་མཆོག་གི་བཀའ་དགོངས་ལྟར་སྒྲུབ་ངེས་པར་མཐོང་གི་མི་འདུག་ལ། བོད་པ་ཚང་གི་འགོ་བདེ་ཚོས་རང་རང་གི་ཁ་རྒྱབ་ལས་བོད་མི་རིགས་ཀྱི་འཆི་གསོན་ལ་འགན་ཆགས་པའི་ལས་ཀ་ཞིག་བྱེད་མི་ཐུབ་པ་ཐག་གཅོད་བྱས་ན་འགྲིག ལོ་ངོ་ལྔ་བཅུ་ནི་མི་ཞིག་གི་མི་ཚེ་ལ་ཆ་བཞག་ན་ཐུང་ཐུང་ཞིག་གཏན་ནས་ཆགས་མེད། ད་ནི་བོད་པ་བཙན་བྱོལ་ཚང་གི་སྐུ་ངོ་ཚོས་བོད་སྐད་མི་ཤེས་ཤིང་བོད་ཡིག་ལ་མཐོང་མི་སྤྲོད་པས་ཁོང་ཚོས་རྗེས་རབས་དག་གིས་བོད་དོན་ཞིག་བཤད་ཀྱང་དེ་ནི་སྙིང་བོ་གང་ཡང་མེད་པར་མཐོང་། བོད་སྐད་དང་བོད་ཡིག་མེད་པའི་བོད་དོན་ཞིག་བོད་ལ་དགོས་དོན་མེད་ལ། བོད་སྐད་དང་བོད་ཡིག་མི་ཤེས་པའི་བོད་པ་ཞིག་དེ་བས་ཀྱང་བོད་རིགས་སུ་བརྩི་ན་མི་འདོད། ནམ་ཞིག་་་་་
དྲ་
གྲོགས་སྟག་སྨྱོན་ལགས། ཁྱེད་རང་གིས་བསམ་ཚུལ་བྱས་ན། བོད་པ་ཟེར་བ་དེ་ནི་ག་འདྲ་ཞིག་ཡིན་དགོས་ཀྱི་འདུག

 

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༣ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 7

  1. sha tak ri sim says:
    ལོ་ 18 སྔོན།

    དྲ་གྲོགས་དབྱིན་མིང་ཅན་ལགས། ཁྱེད་རང་གི་ག་རེ་བཤད་ཡོད་ན་ང་རང་གི་གཅིག་ཀྱང་ཀློག་ཐུབ་མ་སོང་། གང་ཡིན་ཟེར་ན་ཁྱེད་རང་གི་བྲིས་པ་ཡོངས་རྗོགས་དབྱིན་ཡིག་ཡང་མ་ཡིན་པ་བོད་ཡིག་ཡང་མ་ཡིན་པ་དེ་འདྲ་ཞིག་ལ་འགྱུར་འདུག ཁྱེད་རང་གི་མཆན་བཏབ་པ་འདི་བརྗེ་བོ་རེ་རྒྱག་ཐུབ་ཡོད་ན་བརྗེ་བོ་ཞིག་རྒྱག་རོགས་ཞུ། ཁྱེད་ཀྱིས་བསམ་ཚུལ་གང་ཡིན་མ་ཤེས་ཀྱང་འདི་རུ་ཕེབས་པར་དགའ་བསུ་ཡོད།

    Reply
  2. sha tak ri sim says:
    ལོ་ 18 སྔོན།

    དྲ་གྲོགས་ཁ་བ་དམར་པོ་ལགས། འདི་གཉིས་ལ་ག་རེ་ཁྱད་པར་འདུག ཡིག་འབྲིའི་མང་ཉུང་གི་སྟེང་དུ་ཡང་ཁྱད་པར་གང་ཡང་མི་འདུག་ན། སྐུ་ཉིད་ཀྱིས་དེ་ལ་འབྲེལ་བཤད་གསལ་བོ་ཞིག་གནོར་རོགས་ཞུ། ངས་དངོས་ནས་མ་ཤེས་དེ་འདྲི་བཞིན་ཡོད།

    Reply
  3. kawakarpo says:
    ལོ་ 18 སྔོན།

    ཡང་ན།
    ༣ ངས༷་སྐད་ཆ་ བཤད་པ་ཡིན།
    ༦ ང༷འི་སྐད་ཆ་དེ་ ཁྱོད་ཀྱིས་གོ་སོང་ངམ།
    ཨང་གྲངས་གང་འགྲིག་གི་འདུག

    Reply
  4. kawakarpo says:
    ལོ་ 18 སྔོན།

    ༦ ངས༷་སྐད་ཆ་ བཤད་པ་ཡིན།
    ༣ ང༷འི་སྐད་ཆ་དེ་ ཁྱོད་ཀྱིས་གོ་སོང་ངམ།

    Reply
  5. sha tak ri sim says:
    ལོ་ 18 སྔོན།

    དྲ་གྲོགས་ཁ་བ་དམར་པོ་ལགས། དངོས་ནས་ཐུགས་རྗེ་ཆེ་ཁྱེད་རང་གི་ལམ་སྟོན་གནང་བ་དེར། རྗེས་ཕྱོགས་ཡང་འདི་ལྟར་འཛུབ་མོ་རེ་འཛུགས་རྒྱུ་མ་བརྗེད་རོགས་ཞུ་རྒྱུ་ཡིན། བདག་ལ་ཡང་ཞན་ཆ་ཆེ་ཤོས་ཤིག་ཡོད་པ་ནི་ག་དུས་ཡིན་ཡང་འབྲེལ་སྒྲ་དང་བྱེད་སྒྲ་བར་གྱི་གོ་རིམ་འཁྲིགས་ཀྱི་ཡོད་པ་དེ་ནི། ང་རང་ནི་དེབ་མང་བོ་ཞིག་བཀླགས་ནས་འཚར་ལོངས་བྱུང་སྟབས། དག་ཆ་ཡག་པོ་ཞིག་སྤྱོང་རྒྱུས་སྐལ་བ་མ་ལྡན་པ་ཞིག་ཡིན། དེའི་རྒྱུ་མཚན་གྱི་ང་རང་ལ་དག་ཆ་ཐད་དུ་ནམ་རྒྱུན་ཞེ་དྲགས་དཀའ་ངལ་མི་འཕྲད་ཀྱང་། འབྲེལ་སྒྲ་དང་བྱེད་སྒྲའི་བར་གྱི་དཀའ་རྙོག་དེ་ང་རང་ལ་ད་དུང་ཡང་འཕྲད་བཞིན་འདུག་ན། འདིས་ཐད་དུ་ལམ་སྟོན་དང་ཁ་ཕྱོགས་རེ་སྟོན་ཐུབ་ན་དགའ་བསུ་ཞུ།

    Reply
  6. kawakarpo says:
    ལོ་ 18 སྔོན།

    ཁྱེད་ཀྱིས་་་་་་་་བསམ་ཚུལ་ག་རེ་ཡོད། ཁྱེད་ལ་་་་་་བསམ་ཚུལ་ག་རེ་ཡོད།
    འགོ་ལུས། མགོ་ལུས།
    ང་ཚོ་ལ་འགོ་ལུས་གཉིས་ཀ་ཚང་མཁན་དུ་གྱུར་ཡོད་དམ། ང་ཚོ་མགོ་ལུས་གཉིས་ཀ་ཚང་མཁན་དུ་གྱུར་ཡོད་དམ།
    ཁྱེད་རང་གིས་བཀའ་ཤག་གིས་གཏམ་དེ་ལ་ཡིད་ཆེས་བྱེད་ཐུབ་བམ། བཀའ་ཤག་གི་གཏམ་དེ་ལ་་་་་་་
    ད་དུང་མང་ཡང་དཔེ་མཚོན་ཙམ་ཞིག་གིས་ཆོག་པར་བྱ། ངས་འདིར་ཁྱེད་ལ་མཐོང་ཆུང་བྱེད་པ་རྩ་བ་ནས་མིན་པར་འགྲོ་ཞོར་ལ་ཁ་བརྡ་ཞིག་བྱས་པ་ཡིན། སྔོན་མར་ང་ཡང་དེ་རིང་གི་ཁྱེད་བཞིན་དུ་དག་ཆར་མི་བསམས་པར་དོན་དག་ལ་བསམ་མཁན་ཞིག་ཡིན་ན་ཡང་། རྗེས་སུ་དོན་དག་དེ་དག་ཆས་སྟོན་དགོས་པ་ཤེས་ནས་བཟུང་སྟེ་རང་གི་བསམ་ཚུལ་རྙིང་བ་དེ་དོར་བ་ཡིན། དེའི་ཕྱིར་སྙིང་དྲ་གྲོགས་ཁྱེད་ཀྱིས་ཀྱང་དག་ཆ་སྤྱི་དང་མི་མང་པོ་ཞིག་གིས་མཐོང་ཆུང་བྱེད་བཞིན་ཡོད་ན་ཡང་མི་མང་པོ་ཞིག་གིས་ཁྱད་པར་མི་ཤེས་པའི་བྱེད་སྒྲ་དང་འབྲེལ་སྒྲའི་ཚིག་ཕྲད་འཇུག་ཚུལ་ཙམ་ཞིག་ལ་དོ་སྣང་བྱས་པ་ཡིན་ན་ཡང་དག་ཆའི་ཕྱོགས་སུ་གསར་བརྗེ་ཆེན་པོ་ཞིག་ཡོང་གི་རེད། འདི་ནི་ངའི་ཉམས་མྱོང་དེ་མ་གསང་མ་སྦས་པར་ཁྱེད་ལ་བཤད་པ་ཡིན་ལ། ཉིད་གཅིག་པོ་མ་ཡིན་པར་དག་ཆའི་ཕྱོགས་སུ་དེ་ཙམ་ཐུགས་གཟབ་གཟབ་མི་གནང་མཁན་ཚོར་ཡང་ཕན་ཐོགས་ཤིག་ཡོད་ན་ཨང་། སྔོན་མར་ང་རང་ལོ་༡༢སྟེང་སློབ་ཆུང་ནས་མཐར་ཕྱིན་དུས་དགེ་རྒན་ཐུགས་རྗེ་ཅན་དེའི་བཀའ་དྲིན་གྱིས་རྣམ་དབྱེ་བརྒྱད་པོའི་དཔེ་བརྗོད་འབྲི་རྒྱུར་ཐོགས་པ་ཟེར་བ་ཞིག་མེད། ཡིན་ན་ཡང་རྗེས་མའི་ལོ་གསུམ་བཞིའི་རིང་ལ་ཡུལ་དུ་ལོག་ནས་ཕྱུགས་རྫི་དང་ཁྱིམ་ལས་ལ་མགོ་འཁོར་ནས་བསྡད་པའི་རིང་། སྒྲུང་དེབ་མང་པོ་ཞིག་བཀླགས་ཏེ་བོད་ཡིག་གི་རྨང་གཞིའི་གོ་བ་དེ་སྔར་ལས་ཡར་རྒྱས་ཆེན་པོ་ཞིག་ཕྱིན་ན་ཡང་། སྨྱུ་གུ་བཟུང་ནས་འབྲི་རྒྱུར་འབད་བརྩོན་མ་བྱས་པས། སུམ་ཅུ་པ་སྤྱི་དང་ཁྱད་པར་རྣམ་དབྱེ་གསུམ་པ་དང་དྲུག་པའི་ཁྱད་པར་ཡང་བརྗེད་ནས་སྐྱར་སྦྱོང་བྱེད་དགོས་པ་ཞིག་ཆགས་སོང་། མཉམ་འཇོག་རྣལ་མ་ཞིག་བྱེད་ཐུབ་ཚེ་རྣམ་དབྱེ་འདི་གཉིས་ཀྱི་ཁྱད་པར་དེ་ཙམ་སེམས་ནང་ལ་མི་ཤར་བ་ཞིག་མ་རེད། དཔེར་ན་གོང་གི་ཁྱེད་ཀྱིས་བྲིས་པའི། “ཁྱེད་རང་གིས་བཀའ་ཤག་གིས་གཏམ་དེ་ལ་ཡིད་ཆེས་བྱེད་ཐུབ་བམ།” ཞེས་པའི་ཁྱེད་རང་ཡིད་ཆེས་བྱེད་མཁན་དེ་ཡིན་པས་ཁྱེད་རང་གིས་ཞེས་རྣམ་དབྱེ་གསུམ་པའི་ས་བྲིས། བཀའ་ཤག་དང་གཏམ་གཉིས་ཀྱི་བར་ན་བདག་པོ་དང་དངོས་པོའི་འབྲེལ་བ་ཙམ་མ་གཏོགས་སྐབས་འདིར་མི་འདུག་པས་བཀའ་ཤག་གི་གཏམ་ཞེས་རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་འི་བྲིས་ན་གོ་བདེ་བ་ཞིག་མ་ཡིན་ནམ།

    Reply
  7. kawakarpo says:
    ལོ་ 18 སྔོན།

    ཁྱོད་ཀྱི་དག་ཆ་དེར་ཅིག་འགྲིག་གི་མི་འདུག་མ་གཏོགས་སྐད་ཆ་སྙིང་རྗེ་བོ་བཤད་རྒྱུའི་འབད་བརྩོན་བྱས་འདུག བུ་རྒོད་པོ་དགེ་རྒན་གྱི་སྟབས་རེ་བདེ་ན་ད་དུང་བོད་ཡིག་གི་དག་ཆར་སྦྱོངས། རྡོ་སྦིས་དགེ་བཤེས་ཟེར་བ་དེས། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཞིང་། །ཞེས་བརྗོད་འདུག་པ་དེ་ངོ་མ་ཉམས་མྱོང་ཅན་གྱི་སྐད་ཆ་རེད། དག་ཆ་ལ་བརྟེན་ནས་གོ་བ་ཞིག་ལེན་དགོས་པ་རེད། དེའི་ཕྱིར་ཉིད་ཀྱིས་འདིར་རང་གིས་བསམ་པ་དེ་བརྗོད་འདོད་ན་དག་ཆ་ལ་གཟབ་གཟབ་བྱོས་ཨ། དག་ཆ་ཡོད་ན་མི་གཞན་གྱིས་ཁྱོད་ཀྱིས་བཤད་འདོད་པ་དེར་གོ་བ་ལེན་ཐུབ་ཀྱི་རེད། དེ་མ་གཏོགས་ཁྱོད་ཀྱིས་རང་གིས་གང་བསམས་དེ་བཤད་ཡོད་བསམས་ཀྱང་དག་ཆ་མ་འགྲིགས་ན་གཞན་གྱིས་གོ་བ་ལོག་པར་ལེན་འགྲོ་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese