དྲ་གྲོགས་ཚོ་བོད་པ་ཟེར་བ་ནི་གང་འདྲ་ཞིག་ཡིན་དགོས་པ་རེད། ང་ཚོས་རང་ཉིད་བོད་པ་ཡིན་པས་བདེན་དཔུང་མི་གཞན་ལ་བྱེད་ན་ཇི་ལྟར་བྱེད་དགོས་སམ། བོད་སྐད་བཤད་ཤེས་པ་ཙམ་གྱིས་འགྲིག་གམ། ཡང་ན་བོད་ཡིག་ཤེས་པ་ཙམ་གྱིས་འགྲིག དེ་མིན་བོད་ཡིག་ཀློག་ཤེས་པ་ཞིག་ཡིན་ན། དྲ་གྲོགས་ཚོ་ཁྱེད་ཅག་གིས་བལྟས་ན་གང་འདྲ་ཞིག་ལ་བོད་པ་ཟེར་དགོས།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
དྲ་གྲོགས་འཁྱམས་པོ་ལགས། ཁྱེད་རང་དེ་རིང་བདག་གིས་སྐུ་མགྲོན་དུ་ཕེབས་པར་བཀྲིས་བདེ་ལེགས་ཞུ། ངས་གླེང་བཞིན་པའི་བོད་ཟེར་བ་དེ་ལ་ང་རང་གི་དྲི་བ་ལ་ང་རང་གིས་ལན་བཏབ་ཡིན་ན་གང་ཡང་མེད་པར་གྱུར་བ་རེད། དེའི་སྟབས་ཀྱི་ཁྱེད་རང་གིས་རང་ཉིད་ཀྱི་རིག་ལམ་བེད་སྤྱོད་བྱས་དེ་ང་རང་གི་དྲི་བ་དེ་ལ་ལན་ཞིག་འཁུར་ཡོང་ན། ད་གཟོད་ངེད་གཉིས་ཀྱི་གང་འདོད་དུ་གླེང་མོལ་བྱས་ན་མ་རེད་དམ། དྲ་གྲོགས་གངས་རྡེའི་ཡང་དེའི་སྐབས་སུ་བར་ཞུགས་བྱེད་སྲིད་ངེས་རེད། དེ་མིན་མི་དེའི་རིགས་སྤྱང་པོ་ཡིན་སྟབས། རྒྱང་རིང་ས་ཞིག་ན་བལྟས་བསྡད་ཡོད་ངེས་རེད།
ཨོ་དྲ་གྲོགས་ བོད ཤ་ཁྲག་རུས་གསུམ།
སྤྱིར་བོད་ཞེས་མི་རིགས་གཞན་ཞིག་གིས་ཁྱེད་རང་མཐོང་བ་དང་ཁྱེད་རང་གི་ལུས་པོ་དེས་བོད་པ་ཞིག་ཡིན་པ་བདེན་དཔང་བྱེད་ཐུབ་ལ་འོན་ཀྱང་འདིའི་སྐབས་ཀྱི་བདེན་དཔང་ཞེས་པ་དེ་དེ་འདྲ་ཞིག་ལ་མི་གོ་པར་བོད་ཡིག་དང་བོད་སྐད་ལ་བྱང་ཆུབ་པ་ཞིག་དགོས་ཟེར་གྱིན་ཡོད་པ་རེད་དམ་ཡང་དེ་ནི་བོད་ནང་ཁུལ་ལ་བདེན་དཔང་གི་ཆེད་དུ་ཡིན་པ་ལས་མི་རིགས་ལ་དེ་འདྲ་ཞིག་དགོས་སམ།
དྲ་གྲོགས་ བོད་ ཤ་ཁྲག་རུས་གསུམ་ལཊ་བཀྲ་ཤིས་བདེ་ལེགས།
ཨ་ལ ལ་ གངས་རྡེའུ་ ཁོ་སྙིང་མ་རྗེ་དེ་འདྲ་ཞིག་་་་་ ཅུང་མང་དྲག་པ་མ་རེད་དམ།
དྲ་གྲོགས་གངས་རྡེའུ་སུ་འབོད་པ་ལགས། ཧ་་ཧ་་ཧ་ཟེར་ཞོར་དུ་བརྒྱལ་སོང་བ་མིན་ན། གཉིད་སོང་ནི་མིན་ན། རྨོངས་སོང་ནི་མིན་ན། ལྐུགས་སོང་ནི་མིན་ན། དེ་མིན་ན་རྒྱ་ནག་གི་བཟུང་སོང་ནི་མིན་ན། དེ་མིན་ན་གཞན་གྱིས་འཕྱ་དམོད་རེ་བྱེད་མི་ཡོང་བསམ་ནས་སྐྲག་སོང་ནི་མིན་ན། ག་རེ་བྱེད་ཀྱི་ཡོད། ཨོ་རེད་་་་་་་
དྲ་གྲོགས་གངས་རྡེའུ་ལགས། དོན་མེད་དུ་ཧ་ཧ་ཧ་ཞེས་དྲིས་དེ་ཨ་གོ་ཧོ་ཟེར་ནས་སྐྱག་ལབ་རེ་རྒྱག་པ་ལས། ཧ་གོ་སྟངས་ངེད་ཅག་ལ་གསལ་བོ་ཞིག་གསུང་ན་ག་འདྲ་འདུག
ཨ་ཧ་ཧ་ཧ་ཧ་་་ཧ་ཧ་ཧ་་་་་་་་ཧཧཧ་ཧཧཧཧ་་་་་་་་ཨ་ཨོ་ཧོ་ཨ་གོ་ཧོ