མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་པོའི་གདུང་རྒྱུད་ཟེར་བའི་གླུ་དང་གླུ་ཚིགས།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

སྟོད་རྒྱ་གར་ཡུལ་ལ་འགྲོ་ནི་ཚོ།།

ལྷ་ཕྱག་ན་བདྨོར་མཇལ་དུ་འགྲོ།

བོད་ཁ་བའི་སྐྱིད་སྡུག་ཞུ་རུ་འགྲོ།

ད་མི་འདུག་ཞི་བའི་ལམ་ལ་འགྲོ།

 

ཡུལ་གངས་རིའི་ཁྲོད་ཀྱི་བོད་མི་ཚོ།།

བོད་ཚང་མ་ཁ་ཕྱོགས་མཐུན་ནས་འགྲོ།

ལུས་ལ་རྒྱའི་དར་ཆ་བསྒྲེང་ནས་འགྲོ།

ད་མི་འདུག་ལ་རྒྱ་གླེང་ནས་འགྲོ།

 

རེམ་ཡ་བོད་ཀྱི་དཔོན་པོ་ཚོ།།

ཐོབ་དང་རྒྱུ་ནོར་གོ་སའི་ཆེད།།

གོང་མའི་རྒྱ་ལ་མགོ་མ་བསྒུར།།

ཁྱེད་ཚོ་བཙན་པོའི་གདུང་རྒྱུད་ཡིན།།

 

རེམ་ཡ་བོད་རིགས་གླུ་བ་ཚོ།།

བོད་མིའི་བདེ་སྡུག་གླུ་རུ་ལོངས།།

གདོང་དམར་བོད་པའི་ལ་རྒྱ་དེ།།

ཡ་ཆུང་གངས་དཀར་སེམས་ན་ཡོད།།

 

དྲ་གྲོགས་ཚོ། བོད་ནང་གི་བོད་མི་འདི་དག་གི་སྙིང་སྟོབས་དང་སེམས་ཤུགས་ཀྱི་བསླེང་བས་གླུ་འདི་ལ་ཉོན་དང་། ཁྱེད་རང་ལ་བོད་པ་ཚང་གི་ལ་རྒྱ་ཞིག་དབང་མེད་དུ་འཕར་ངེས་ཡིན་ལ་འདི་དག་གི་སེམས་ཤུགས་ལ་རྗེས་སུ་ཡི་རུང་ཡང་བྱེད་ངེས་པ་མ་ཟད། མི་འདི་དག་གི་སྙིང་སྟོབས་དེ་འདྲ་བོད་མི་ཡོངས་ལ་ཡོད་ན་ཅི་མ་རུང་ཡང་སྙམ་ངེས་ཡིན། ལྷག་པར་དུ་གླུ་ཚིག་རྩོམ་པ་པོ་དང་གླུ་ལེན་མཁན། དབྱངས་རྩོམ་པ་པོ་འདི་གསུམ་གྱིས་མཐུན་སྒྲིལ་གྱི་ནུས་པ་ཡང་གཞན་ལས་ཁྱད་དུ་འཕགས་པ་ཞིག་དང་བོད་སེམས་གཅིག་སྒྲིལ་གྱི་ནུས་པ་ཡང་ར་སྤྲོད་བྱེད་ངེས་ཡིན།

ཁོང་ཚོས་རང་ཉིད་ཀྱི་མདུན་ལམ་ལ་སེམས་འཁུར་བྱེད་པ་ལས་བོད་མི་དམངས་ཀྱི་མདུན་ལམ་ལ་གལ་ཆེན་དུ་བཟུང་ནས་རྒྱ་ནག་སྲིད་གཞུང་གི་གནོན་ཤུགས་ལ་མ་འཛེམ་པར་ངེད་ཅག་བོད་པ་ཚང་གི་བདེ་སྡུག་གླུ་རུ་བླངས་དེ་བདེན་དབུང་བྱེད་ཀྱི་འདུག་པ་འདིས་དབྱངས་རྟ་ལ་ག་ལེར་གསོན་དང་ཁྱེད་རང་ལ་སྐྱོ་སྣང་ཞིག་སྤྲོད་ངེས་ཡིན། སྐྱོ་སྣང་དེ་ནི་རང་དབང་དང་ཐོབ་ཐབ་མེད་པའི་མི་རིགས་ཤིག་གི་སེམས་ཁམས་ཀྱི་དབྱངས་རྟ་ལས་གང་ཡང་མ་རེད།

ཁོང་ཚོ་ལྟ་བུ་བོད་མི་དམངས་ཀྱི་བརྗེད་དུ་མི་རུང་བའི་བོད་ཀྱི་གཞོན་སྐྱེས་དག་རེད་ལ། སེམས་ཤུགས་དང་ལ་རྒྱའི་འཁང་བས་བོད་པ་ཚང་གི་སྣེ་ཁྲིད་པ་དང་ལམ་སྟོན་པའི་ཕྱོགས་ཁག་ཆུང་ཆུང་ཞིག་དང་། བོད་མི་དམངས་ཀྱི་བདེ་སྡུག་གླུ་རུ་ལེན་མཁན་གྱི་འགྲིན་ཚབ་པ་བཟང་བོ་ཏག་ཏག་རེད། ཁོང་ཚོ་ལ་ཐོབ་པ་ཉུང་ལ་ཤོར་བ་མང་བས་ལམ་ཁ་དེ་ནས་རང་རང་གི་ཕུགས་བསམ་བརྟན་པོར་གཉར་ནས་བོད་ཀྱི་གླུ་ལེན་པ་དང་བོད་ཀྱི་གླུ་ཚིག་འབྲི་བ། བོད་ཀྱི་སེམས་ཁོང་གི་དབྱངས་རྟ་རྩོམ་མཁན་རེད།

འདི་ལྟར་བོད་ནང་གི་གཞོན་སྐྱེས་མི་ཉུང་བ་ཞིག་གིས་བསྟུད་མར་བོད་ཀྱི་བདེ་སྡུག་གླུ་རུ་བླངས་དེ་བོད་པ་ཚང་གཉིད་ལས་སློང་བཞིན་ཡོད་ལ། ཡིག་རྨོངས་དེ་དག་གི་རྣ་ལམ་དུ་དབྱངས་རྟ་འདི་དག་གི་འབྱོེར་དུས་སུ། ཁོང་ཚོས་ཀྱང་རང་ཉིད་ལ་བོད་པ་ཚང་གི་འགན་འཁུར་ཡོད་པ་ཤེས་སུ་འཇུག་བཞིན་ཡོད། འདི་ནི་ཁོང་ཚོས་བྱེད་བཞིན་པ་དང་ཁོང་ཚོས་བྱེད་རུང་བར་འདོད་པ་ནས་ཉེན་ཁ་དང་ཚེ་སྲོག་གི་ཆགས་འཇིག་ལ་ཚེར་སྣང་མེད་པར་འགྲོ་བཞིན་ཡོད།

ད་དུང་ཁོང་ཚོ་མུ་མཐུད་དུ་འགྲོ་ངེས་ཡིན་ལ། ཁོང་ཚོས་རང་ཉིད་ནས་མགོ་བཙུགས་དེ་བོད་མི་དམངས་ཀྱང་འདི་ལྟར་འགྲོ་བར་སྐུལ་མ་བྱེད་ཀྱི་ཡོད། དཔེར་ན་བོད་ཀྱི་གླུ་བ་གྲགས་ཅན། གངས་ཅན་པ་ལེན་མཁན་སྒྲོལ་མ་སྐྱབས་ལྟ་བུ་གཙོ་བའི་ལ་རྒྱའི་གླུ་བ་འདི་དག་བོད་གངས་ཅན་པ་ཚང་གཉིད་ལས་དཀྲོགས་བཞིན་ཡོད། གླུ་བ་འདི་དག་ངོ་གསོ་ཡར་ལ་བསྟོད། གླུ་ཚིག་རྩོམ་པ་པོ་འདི་དག་ངོ་གསོ་ཡར་ལ་བསྟོད། དབྱངས་རྩོམ་པ་པོ་དེ་དག་ངོ་གསོ་ཡར་ལ་བསྟོད། མདོར་ན་བོད་དོན་དུ་རྐ་ལག་འགུལ་མཁན་ཚང་མ་ངོ་གསོ་ཡར་ལ་བསྟོད། བོད་ཀྱི་ངོ་གསོ་ཡར་ལ་བསྟོད། གངས་ཅན་པ་ཚང་གི་ངོ་གསོ་ཡར་ལ་བསྟོད།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༢༢ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese