ལོ་ངོ་བཅུ་དགུ་ཏག་ཏག་འདས་སོང་། བོད་ཀྱི་མི་ཞིག་སྟེ། བོད་ཀྱི་དབུ་ཁྲིད་ཞིག་སྟེ། བོད་ཀྱི་བླ་མ་ཞིག་སྟེ། བོད་ཀྱི་སྤྲུལ་སྐུ་ཞིག་སྟེ། བོད་ཀྱི་གྲ་བ་ཞིག་སྟེ། བོད་ཀྱི་དགེ་སློང་གི་ཆ་ལུགས་ཅན་ཞིག་གིས། འཛམ་གླིང་ན་མིང་དུ་གྲགས་པས་རྟགས་མ་ཞིག་བཞེས་མྱོང་བ་རེད། ངེད་ཅག་གི་དེ་ལ་དྲན་གསོ་བྱེད་དགོས་པ་ཡོད་དམ། ཡང་ན། ལོ་ངོ་མང་བོ་བྱིན་ཚར་བས་བརྗེད་སོང་ན་འགྲིག་པ་ཞིག་ཡིན་ནམ། དེ་མིན་གྲ་རྐྱང་ཞིག་གི་བྱས་རྗེས་དེ་ལ་རིན་ཐང་ཆེན་པོ་མེད་སོང་བ་ཡིན་ནམ། མིན་ན་རྟགས་མ་དེ་རྙིང་བར་གྱུར་སོང་བ་རེད་དམ། དེ་རིང་ངེད་ཅག་ལ་གྲགས་འགུལ་མེད་དོན་གང་རེད།
ཨོ་རེད། དེ་མིན་ན་དགེ་སློང་དཀྱིས་མ་དེས་རྟགས་མ་ལེན་རྒྱུ་མང་དྲགས་ནས་བོད་པ་ཚང་གིས་དགའ་བསུ་དང་རྗེས་དྲན་བྱེད་རྒྱུར་ཐང་ཆད་པ་རེད། བོད་པ་འདི་ཚོ། ལྟོགས་དུས་བླ་མ་དགོས་ལ་སྤྲུལ་སྐུ་ཡང་དགོས། རྒྱག་ན་སུ་ལ་ཡང་མི་བརྩི་བ་འདི། བོད་པ་རྒྱུ་འབྲས་ཀྱི་མི་རིགས་ཤིག་ཡིན་ཟེར་བ་དེ་ནི་སྐྱག་རྫུན་ཡིན་པ་འདྲ།
ཇི་སྲིད་འཁོར་བ་མ་སྟོང་དེ་སྲིད་དུ།། བོད་ཀྱི་མགོན་དུ་བཞུགས་རོགས་བརྩེ་བའི་བླ།།
དུས་ངན་སྙིགས་མ་ལྔ་མདོའི་མི་རིགས་འདི།། སྡུག་པའི་གཡང་ལས་སྐྱོབས་ལ་ངལ་མི་གསོ།།
ཞེས་གསུང་དམ་བཅའ་བཞག་པ་ལྷ་ཡི་རྗེ།། སྐུ་ཚེ་བར་ཆད་མེད་པར་རྟག་བརྟན་ཤོག།