ཁོ་མོས་ཟེར་ན་ཁོ་མོ་ལ་མངལ་ཆགས་འདུག་ཟེར། ང་རང་གི་ཡུན་རིང་རེ་སྒུག་བྱས་པས་འབྲས་བུ་དེ་སྨིན་པ་རེད། ཁོ་མོ་ལྷན་དུ་བསྡད་པ་ནས་བཟུང་ང་རང་ལ་དགོས་པ་ནི་རིགས་རྒྱུད་གཅིག་ཡིན། ད་ནི་རིགས་རྒྱུད་དེ་ང་རང་ལ་ཐོབ་སོང་བ་རེད། དེ་ཡང་རིགས་རྒྱུད་སྡར་མ་ཞིག་མིན་པར་ད་ལྟ་ནས་ངས་རེ་བ་རྒྱག་གི་ཡོད། ང་རང་ལ་རིགས་རྒྱུད་སྡར་མ་ཞིག་མི་དགོས། ངས་རང་གི་རིགས་རྒྱུད་འདི་ལ་བོད་སྐད་བཤད་དུ་འཇུག་རྒྱུ་ཡིན། བོད་ཡིག་སློབ་དུ་འཇུག་རྒྱུ་ཡིན། བོད་དོན་བཤད་དུ་འཇུག་རྒྱུ་ཡིན། ཁ་ཞེ་གཉིས་མེད་ཀྱི་བོད་པ་ཞིག་བྱེད་དུ་འཇུག་ན་འདོད། ང་རང་གི་རིགས་རྒྱུད་འདི་ནི་མི་རིགས་གཞན་དག་གི་རིགས་རྒྱུད་དང་གཏན་ནས་མི་འདྲ། ཁོ་རང་ལ་འགན་ལྕི་མོ་ཞིག་ཡོད། ཁོས་བོད་ཀྱི་རིགས་རྒྱུད་འདི་འདམས་པ་རེད། ཁོ་རང་ལ་རྣམ་དཔྱོད་ལྡན་དགོས། ཁོ་རང་ནི་ཤེས་འཇོན་གཉིས་ལྡན་ཡིན་དགོས། དེ་དང་མཉམ་དུ་ཁོས་རང་ཉིད་ཀྱི་ཆེད་དུ་གསོན་པ་ལས་མི་རིགས་ཀྱི་ཆེད་དུ་གསོན་པ་རླབས་ཆེ་བ་ཤེས་དགོས། དེས་མི་ཚད་བོད་པ་ཟེར་བ་ནི་རང་དབང་ཤོར་བས་མི་རིགས་ཤིག་གཞན་ཡུལ་དུ་འཚོ་བ་བསྐྱལ་ནས་དོན་མེད་འདུག་འདོད་མེད་པས་ལས་འགུལ་སོགས་སྤེལ་དགོས་སོ།
གློ་བུར་དུ་སྟིག་སྒྲ་ཞིག་དང་བཅས་ང་རང་ཉལ་ཁྲིའི་སྟེང་ནས་ལྷུང་སོང་། སྐབས་དེར་ནམ་གསལ་མི་གསལ་ཞིག་རེད་འདུག་ལ། ཁོ་མོས་དེ་མཐོང་མ་ཐག་ག་རེ་བྱས་སོང་། ནད་ཚ་འདྲ་བཟོས་མི་འདུག་གམ་ཟེར་ནས་ང་རང་ཡར་ལ་སྐྱོར། ངས་ད་དུང་དེ་ནི་རྨི་ལམ་ཡིན་པ་ཤེས་ན་མི་འདོད། དེ་ནི་ང་རང་གི་དོན་དངོས་སུ་འདོད་ཞོར་སླར་ཡང་ཉལ་ཁྲིའི་སྟེང་དུ་འབུད་པ་ཡིན།
དྲ་གྲོགས་རིག་འབྱུང་དོན་འགྲུབ་བཀྲིས་ལགས། ཁྱེད་ཀྱི་རེ་འདོད་ལྟར་དེ་རིང་ནས་ངས་དུས་བབ་ཚང་གི་ཟིན་བྲིས་ནང་དུ་གད་སྙིགས་བླུགས་མི་ཡོང་། ཁྱེད་རང་གི་ང་རང་ལྟ་བུ་ཚོ་ཕྱིར་འབུད་བཏང་ནས་ཚབ་དུ་གད་སྙིགས་མ་ཡིན་པས་རྩོམ་ཡིག་དང་བསམ་ཚུལ་སྤེལ་མཁན་གང་མང་མང་ཞིག་གདན་འདྲེན་ཞུ་ཐུབ་པས་རེ་བ་དང་བཅས་བདེ་མོ་བཞག་པ་ཡིན། དྲ་གྲོགས་དང་དུས་བབ་ཚང་གི་ང་ལ་གནང་བས་གོ་སྐབས་བཟང་བོ་དེ་ནི་ང་རང་ལྟ་བུ་ཞིག་ལ་མ་འོས་པར་བརྗོད་ཀྱི་འདུག་པ་དང་ལེན་དང་བཅས་དེ་འོས་པ་གང་མང་མང་ཞིག་ཕེབས་ཐུབ་པར་རེ་སྨོན་དང་བཅས་རིག་འབྱུང་བཀྲིས་དོན་འགྲུབ་ལྟ་བུ་ཤེས་ཡོན་དང་གསལ་དག་གཙང་གསུམ་འཛོམ་པ་དག་གི་སྐུ་ཚེ་རིང་བོར་ཤོག
གྲོགས་པོ། ཡིག་ནོར་ལ་གཟབ་དགོས་ཀྱི་འདུག། དག་ཆར་གཟབ་དགོས་ཀྱི་འདུག ཚིག་སྦྱོར་ཐད་སྦྱོང་བརྡར་མང་ཙམ་བྱོས།
སྐད་ཆ་དྲང་མོ་ཡིན། བསམ་ཚུལ་འདྲ་བོ་སྤེལ་རྒྱུའི་འགོ་མ་བཙུགས་སྔོན་ལ་བརྡ་སྤྲོད་ཡག་པོ་སྦྱངས་རྒྱུ་གལ་ཆེན་པོ་ཡིན་།
སེམས་ལ་གང་དྲན་ཚང་མ་འདི་རུ་བླུགས་པ་ཡིན་ན། འདི་ཁྱེད་ཀྱི་ཟིན་བྲིས་ཆགས་ཀྱི་མ་རེད། ཁྱེད་ཀྱི་སྒོ་འགྲམ་གྱི་གད་སྙིགས་བླུགས་སྣོད་ཆགས་ཀྱི་རེད།
མ་རེད་དམ།