མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤི་མ་ཐུབ་པའི་སྔ་གཞུག

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

སྤྱིར་བཏང་ནི་མི་ཟེར་བ་འདིས་ཁ་ཁོམ་སོང་ན་ག་རེ་ཡིན་ཡང་བཤད་ཀྱི་ཡོད་ངེས་རེད་ལ། བཀག་རྒྱ་དང་སྐྲག་སྣང་མེད་ས་ནས་དེ་བས་ཀྱང་མི་འདི་དག་གི་ཁ་ལ་རང་ཚོད་ཅིག་མེད་པ་ལྟར་ང་རང་གིས་ཀྱང་རང་གི་གང་བསམ་དང་རང་ཉིད་བོད་པ་ཞིག་ཡིན་པ་དང་བོད་སེམས་ཤིག་ཡོད་པ། བོད་ལུས་ཤིག་ལངས་ཡོད་པ་བོད་ཞེན་ཞིག་ཡོད་པ་འདི་དག་ལ་བརྟེན་ནས་ངས་ཀྱང་རང་གི་སྐད་ཡིག་གི་ཤེས་ཚད་སྐྱོ་བོ་ཡིན་མིན་ལ་མ་བལྟས་པར་རང་ཉིད་ཤི་མ་ཐུབ་པའི་སྔ་རོལ་བོད་ལ་བཅིངས་བས་སྐད་ཆ། ཤ་གསེང་རུས་གསེང་ནས་ཐོན་འོང་བས་སྙིང་གཏམ་ཟེར་ན་འདྲ། སྐྱེ་བ་ད་རེབ་བོད་ལུས་ཐོབ་པ་འདི་ལ་འགན་ཞིག་ལེན་འདོད་ཀྱིས་ཉིན་མཚན་གར་ཡོད་ལ་རང་ཉིད་ལ་དུས་ཚོད་རེ་དང་ཁོམ་ལོངས་ཕྲན་བུ་རེ་བྱུང་དུས་སུ། བྱ་བ་གཞན་གང་ཡང་ཡོད་མེད་ལ་མ་བལྟས་པར་ཐོག་མར་བོད་ཀྱི་དུས་བབ་ཀྱི་མཚོན་པའི་བོད་ཡིག་གི་དྲ་ཚིགས་དག་ལ་ཉུལ་ནས་རང་དང་འདྲ་བའི་ན་མཉམ་དག་གི་བོད་ལ་བཅིངས་བས་སེམས་ཤུགས་ཀྱི་བསླེང་བས་སྐད་ཆ་དག་ལ་ཉན་ཞོར་དང་བསམ་ཚུལ་རེ་འདྲི་བཞིན་ཡོད་ལ། དེ་དག་བྱེད་པ་དང་འབྲི་རྩོམ་སོགས་གང་ཞིག་བྱེད་བཞིན་པ་ཡོད་ཚད་དེ་ནི་རང་ཉིད་ནི་ཐུན་མོང་མ་ཡིན་པའི་བློ་རིག་ཞིག་ཡོད་ཟེར་བས་དོན་ནི་གཏན་ནས་མིན་པར། དྲ་གྲོགས་རང་དང་མཉམ་པ་དག་གི་ཕན་ཚུན་ལ་གྲོས་མོལ་དང་བསམ་ཚུལ་གང་མང་ཞིག་སྤེལ་ཐུབ་པ་ཡིན་ན། ད་གཟོད་ནམ་ཞིག་ཕྱི་རབས་པ་དག་གིས་ཀྱང་སྔ་རབས་དེ་དག་གིས་རང་ཉིད་ཀྱི་འཚོ་བའི་དཀའ་སྡུག་ཞོར་དུ་བོད་ཡིག་ལ་བཅིངས་པས་སེམས་ཤུགས་དང་བོད་ལ་བཅིངས་པས་བརྩེ་བ་རྣམ་དག་ཡིན་པ་ཤེས་སུ་འཇུག་འདོད་ཀྱི་ཡིན་པ་ལས། མིང་དང་སྙན་གྲགས། གོ་གནས་སོགས་རྐུབ་སྟེགས་ལ་དགའ་ནས་རང་གི་ཉིན་རེའི་འཚོ་བ་བསྐྱལ་ཞོར་དུ་ངལ་བ་སོགས་ལ་མ་འཛེམ་པར་བོད་ཡིག་གི་དྲ་ཚིགས་ལ་ཤི་འཐམ་རོ་འཐབ་བྱས་པ་གཏན་ནས་མིན་མོད། ཡིན་ཡང་། བོད་ཡིག་གི་དག་ཆ་སོགས་ལ་ཅུང་ཙམ་དཀའ་ངལ་མེད་པ་དང་རང་ཉིད་ལ་བོད་ཡིག་སྤྱོང་བས་གོ་སྐབས་དང་སློབ་སྤྱོང་བྱེད་པས་མཐུན་རྐྱེན་ཡོད་པ་དེ་དག་གི་བཀའ་དྲིན་ཡིན་པ་དེས་བོད་རིགས་གཞན་དག་གི་གནས་བབ་མ་ཤེས་པར་སྡུག་དམོད་དང་ཟུར་ཟ། དམའ་འབེབས་བྱེད་ཀྱི་ཡོད་པ་དེ་དག་ནི་དངོས་ནས་བཤད་ན་མ་འོས་ཤིག་ལས། ཤེས་ཡོན་པ་དང་བོད་མི་དམངས་ལ་སེམས་འཁུར་ཡོད་པ་དག་གིས་བཤད་རྒྱུའི་སྐད་ཆ་ཞིག་གཏན་ནས་མ་རེད། ངས་ཉིན་མ་འདི་དག་གི་རིང་དུ་རང་ཉིད་ཀྱི་མི་ཚེའི་ནང་གི་བརྒྱུད་རིམ་ལ་བསམ་བློ་གང་མང་མང་ཞིག་བཏང་མཐར། ང་རང་ལ་བོད་ཡིག་ལ་དགའ་བ་དང་བོད་ཡིག་གི་ཟིན་བྲིས་ནས་ཕྱིར་འབུད་བྱེད་རྒྱུ་ཡིན་ཟེར་ནས་གླེང་བ་དེ་ནི་རང་ཉིད་ཀྱི་ནོར་འཁྲུལ་ཤིག་ལས། མི་གཞན་གྱིས་ནོར་འཁྲུལ་མིན་པ་ཤེས་སོང་། གང་ཡིན་ཟེར་ན་རང་རིགས་ཀྱི་ལ་རྒྱ་དེ་ནི་རང་གི་སེམས་ཁོང་དུ་ཡོད་བཞིན་དུ་རང་གི་གང་ནུས་པ་རེ་བོད་ཡིག་གི་དྲ་ཚིགས་བརྒྱུད་དེ་རང་རིགས་ཀྱི་གྲོགས་པོ་དག་ལ་བཤད་དགོས་པ་ལས། དེ་དག་གིས་ཀྱང་དེ་དག་གི་ཁྲོད་དུ་མི་འོས་པ་ཞིག་མཐོང་ན་དེ་ལ་བསམ་ཚུལ་འདྲ་མིན་བཤད་དགོས་པ་ནི་ཁོང་ཚོས་རང་དབང་ལོས་ཡིན། འོན་ཀྱང་། རང་དབང་དེ་ལག་ལེན་བྱེད་མཁན་གྱི་མི་དེ་དག་གིས་ཀྱང་སྨྲ་བརྗོད་རང་དབང་ནི་མི་ལ་ཟུར་ཟ་དང་དམའ་འབེབས་བྱེད་ཆེད་དུ་སྨྲ་བརྗོད་རང་དབང་བེད་སྤྱོད་བྱེད་ཀྱི་མེད་པ་ཤེས་ན་རེད་སྙམ་སོང་། གལ་ཏེ་ང་རང་བོད་ལ་དགའ་བ་ནས་བོད་ཡིག་འབྲི་རྒྱུར་དགའ་བ། ད་དུང་བོད་ཞིག་མིིན་རྒྱུ་ན་ངས་དེ་རིང་འདི་ལྟར་འགན་འཁུར་གང་ཡང་མེད་པར་འབུད་སོང་ན་ལོས་ཆོག དེ་འདྲ་ཞིག་མིན་སྟབས། འདི་ནས་བཟུང་དྲ་གྲོགས་གང་ཡང་རུང་བ་ཞིག་གིས་ང་རང་ལ་གང་ཞིག་བཤད་ཀྱང་ཆོག་ལ། ངས་དེ་དག་གི་སྐད་ཆ་ལ་དང་ལེན་བྱེད་དགོས་སར་ང་རང་གིས་དང་ལེན་བྱེད་དགོས་པ་ཡིན་ལ། དང་ལེན་བྱེད་མི་དགོས་སར་ཏིང་སྙོམས་སུ་བཞག་ན་རེད། ཡིན་ཡང་། ངེད་ཅག་གི་བོད་ཡིག་གི་དྲ་ཚིགས་འདི་ནས་ཉིན་མཚན་མང་བོ་བོད་ཡིག་གི་ཟིན་བྲིས་འདེབས་བཞིན་པ་ནི། ངེད་ཅག་གི་བོད་པ་ཚང་གི་མི་རབས་འདི་ཚོ་ཕན་ཚུན་ལ་ཡིད་ཆེས་དང་བརྩི་བཀུར་རྡོག་རྩ་ཆིག་སྒྲིག་སོགས་བྱེད་པར་ཕྱོགས་དགོས་པ་ཞིག་རེད་འདོད་ཀྱི་ཡོད།

ཉིན་མ་འདི་དག་རིང་དུ་ང་རང་གི་བསམ་བློ་མང་བོ་མང་བོ་ཞིག་བཏང་བ་ཡིན། བསམ་བློ་དེ་དག་ཡུན་རིང་བཏང་རྗེས་ཀྱི་ང་རང་ནི་སླར་ཡང་རང་གི་ཟིན་བྲིས་འདེབས་སར་ལོག་ཡོང་བ་ཡིན། ནོར་འཁྲུལ་ཞིག་དང་བསམ་བློ་མང་བོ་ཞིག་གཏོང་ཁོམ་བྱུང་བ་དང་བོད་ཡིག་དང་བོད་མི། བོད་ཞེན་དང་བོད་མི། བོད་ཀྱི་ཤ་ཁྲག་རུས་གསུམ་འདིས་རང་ཉིད་ལ་ཐར་བ་ཞིག་གཏོང་རབས་མེད་པ་གསལ་བོ་ཤེས་སོང་ལ་རང་ཉིད་ཀྱི་སེམས་ཁོང་གི་བོད་ཞེས་པ་དེ་ནི་རང་ཉིད་མ་ཤི་བར་དུ་བརྗེ་འགྱུར་བྱེད་མི་ཐུབ་པ་ཡང་གསལ་བོ་ངེས་ཤེས་ཐོབ་སོང་།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རྣམ་གླིང་རྫོང་ཁོངས་སུ་ཁུང་ཙིའི་སློབ་གསོ་ལག་བསྟར་མགོ་འཛུགས་བྱས།

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༡༠ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

མཆན། 1

  1. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ཁ་ཤས་ཀྱི་ང་རང་ལ་ཐུགས་འཁུར་གནང་ནས་སླར་ཡང་ཟིན་བྲིས་སུ་ཡོང་རྒྱུར་རེ་སྐུལ་བྱས་པ་དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། རྗེས་ཕྱོགས་ཀྱང་གནས་ཚུལ་གང་དང་འཕྲད་ན་ཕན་ཚུན་ལ་དུས་ཐོག་དུ་སེམས་གསོ་རེ་གནང་རྒྱུ་མ་བརྗེད། ལྷག་པར་དུ་ནོར་འཁྲུལ་ཡོད་རིགས་ལ་ལམ་སྟོན་གནང་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese