བོད་ནང་གནས་པའི་བོད་མི།།
བོད་མིའི་ཁོག་གི་སྙིང་རེད།།
སྙིང་ལ་གས་ཆག་བཏང་དུས།།
ང་ཚོ་སེམས་པ་སྐྱོ་སོང་།།
སེམས་པ་སྐྱོ་དང་མ་སྐྱོ།།
ང་ཚོ་བོད་པའི་སེམས་རེད།།
སྐྱོ་བའི་སྨྲེ་སྔགས་ཐོས་མཁན།།
འཛམ་གླིང་མི་ནི་དཀོན་པོ།།
བོད་དོན་བོད་མིས་ལོས་བྱེད།།
ཡིན་ཡང་དེ་རིང་ནང་ཀ།
ཕྱི་བསྡོད་བོད་མི་མང་བོ།།
བོད་སེམས་བརླག་པ་མང་གི།
བོད་ཡུལ་བོད་ཀྱི་ལྗོངས་སུ།།
བོད་མིའི་རྩ་དོན་ཆེད་དུ།།
བོད་མིས་རང་གི་ཚེ་སྲོག།
རང་དབང་ཆེད་དུ་འབུལ་ཐུབ།།
ཕྱི་བསྡོད་བོད་མི་དག་གིས།།
དུས་ཚོད་གཅིག་གཉིས་ཤིག་དང་།།
ཉིན་མ་གཅིག་གཉིས་དེ་ཡང་།།
བོད་དོན་ཆེད་དུ་དཀའ་མོ།།
འདི་འདྲའི་ཕྱི་བསྡོད་བོད་མི།།
ཁ་ལས་ལག་པ་མེད་པར།།
གཅིག་གིས་གཅིག་ལ་ངན་བརྗོད།།
ཉིན་མཚན་སྟོང་གཟད་བྱེད་ཀི།
བོད་ཡུལ་ཁམས་ན་གནས་པའི།།
རྒྱ་ཆེ་བོད་ཀྱི་མི་དམངས།།
རྒྱལ་བའི་བཀའ་སྲུང་བརྩིས་དེ།།
རང་གི་ཚེ་སྲོག་སྲུང་དགོས།།
དྲ་གྲོགས་གསར་བ་བློ་བཟང་མཁྱེན་བརྩེ་ལགས། ཁྱེད་རང་གིས་སྐད་ཆ་བཤད་ཕྱོགས་ལ་བལྟས་པ་ཡིན་ན་ནི་བོད་ནང་གི་བོད་མི་དེ་དག་གཅིག་རྗེས་གཉིས་མཐུད་དུ་ཡར་བླངས་བྱེད་དགོས་པར་བཤད་ཀྱི་འདུག་པ་ལྟ་བུ་ཞིག་རེད། ཁྱེད་རང་གིས་སྐད་ཆ་དེ་འདྲའི་ཚོན་པོ་མ་གསུང་ན་ཡག་གི་རེད། གང་ཡིན་ཟེར་ན་བོད་ནང་གི་བོད་མི་གཅིག་གི་ཚེ་སྲོག་ཡང་རྒྱ་ནག་སྲིད་གཞུང་གི་འདོད་ངན་འགྲུབ་ཆེད་དུ་ཤོར་སོང་བ་ཡིན་ན་ནི་བོད་པ་ཚང་གི་མི་རིགས་ལ་གྱོང་རྒུད་ཆེན་པོ་ཐེབས་བཞིན་ཡོད་པ་ལས་རྒྱ་ནག་ལ་གྱོང་རྒུད་གང་ཡང་རེག་གི་མེད། དེ་ཡང་ཚེ་སྲོག་ཤོར་མཁན་གྱི་དཔའ་བོ་དེ་དག་ཡང་བོད་པ་ཚང་གི་ནང་ནས་བུ་རྒོད་ཀྱི་དབའ་བོ་དབའ་མོ་ཚོ་ཡིན་པ་མ་ཟད། དེ་དག་གཅིག་རྗེས་གཅིག་གིས་བཟུང་དེ་ཚང་མ་རྒྱ་ནག་གི་མེ་མདའི་འོག་ནས་གཤེགས་སོང་བ་ཡིན་ན་ད་གཟོད་ཁྱེད་རང་གི་བོད་པ་ཚང་ལ་རང་དབང་ཞིག་སྤྲོད་ངེས་རེད་འདོད་ཀྱི་ཡོད་དམ།
བོད་ནང་ནས་ཟང་ཟིང་ལོང་ལོང་ཞིག་མ་བྱས་ན། ཕྱི་ལོག་གི་བོད་མི་ཚོར་ཡང་གྲགས་འགུལ་ཅི་ཡང་མེད་ཀ