ཆུང་ནས་འདྲིས་པ་མེད་ཀྱང་བསམ་ཤེས་ཤིག།
ཉེ་ནས་འཕྲད་པ་མིན་ཀྱང་ངོ་ཤེས་ཤིག།
དགའ་ནས་འཛོམ་པ་མིན་ཀྱང་བརྩེ་སེམས་ཤིག།
དུངས་ནས་འཁྱིད་པ་མིན་ཀྱང་ལྷན་འདུས་ཤིག།
འཁོར་བའི་འཚོ་ལམ་འདི་ཡི་འཕྲེང་ཐག་གིས།།
ཕན་ཚུན་གཅིག་ལ་བསྡུས་པའི་ཁྱིམ་ཚང་འདིར།།
གཅིག་སེམས་གཅིག་ལ་བརྟེན་པ་དཀའ་ན་ཡང་།།
འཚོ་བའི་དར་རྒུད་ཁྲོད་དུ་སྡུག་མཉམ་འཁུར།།
མིག་ཟུང་མཛེས་མ་མང་བོའི་རྗེས་སུ་ཕྱོགས།།
ལུས་པོ་དགའ་བོ་འདི་ཡི་མཉམ་དུ་འཚོ།།
སེམས་ཀྱི་གཏིང་སར་གནས་པའི་གསང་བ་ཞིག།
མངོན་པ་མེད་པའི་ཚུལ་གྱིས་ནང་དུ་སྤས།།
མཛེས་པའི་བྱད་གཟུགས་རྩེར་སོན་མིན་ན་ཡང་།།
སེམས་ཀྱི་འཁྱེར་སོ་བཟང་བའི་དགའ་མ་འདིས།།
རྟག་དུ་ང་རང་ཕྱོགས་སུ་སེམས་འཁྲལ་གྱིས།།
གཅེས་པའི་བུ་ཕྲུག་སྐྱོང་བའི་མ་མ་འདྲ།།
མི་ཚེ་དར་རྒུད་ཟེར་བ་བརྟན་མ་མཆིས།།
ཁ་ཐབས་འཚོ་བ་བཟང་ངན་གང་ཡིན་ཡང་།།
ཕན་ཚུན་བསམ་ཤེས་ལྡན་པའི་འཚོ་བ་འདིས།།
ལུས་ཀྱི་མགྲོན་ཁང་ནང་དུ་ངལ་གསོ་ཐོབ།།
ཕྱི་དྲོ་མཚོ་འགྲམ་ནས་༡༧།༡།༠༩བྲིས།
ཨ་རོགས་ཁ་བ་དཀར་པོ་ལགས། ཁྱེད་རང་གི་ང་རང་རྩ་གཅོད་བྱེད་སྟངས་ལ་བལྟས་དུས། ཁྱེད་རང་གཉེན་རྟོགས་པ་ཞིག་ལོས་ཡིན་སྙམ་པ་ལྟ་བུ་ཞིག་གི་ཚོར་སྣང་སྟེར་གྱི་འདུག ཨ་ལ་ཀུ་རེ་ཡིན། སྔོན་ཆད་ང་རང་ལ་དྲ་གྲོགས་ཁ་ཤས་ཀྱི་ང་རང་གི་མིང་ལ་ག་རེ་ཟེར་གྱི་ཡོད་མེད་ཞིག་དྲིས་སོང་། ངས་དེ་ལ་ལན་འདེབས་གསལ་བོ་ཞིག་བྱས་ཡོད། དེ་རིང་ཡང་ཉིད་ཀྱིས་ང་རང་ལ་གང་དུ་ཡོད་མེད་འདྲི་བཞིན་འདུག རེད་དེ། ང་རང་གང་དུ་ཡོད་མེད་དེ་ནི་གཙོ་བོ་ཞིག་དུ་མཐོང་གི་མེད། ང་རང་ནི་བོད་ཀྱི་དུས་བབ་ཚང་གི་དྲ་ཚིགས་འདིས་ཟིན་བྲིས་པ་ཞིག་ཡིན་པ་ལས་ང་རང་གང་དུ་ཡོད་མེད་དེ་ངས་སུ་ལ་ཡང་བཤད་ཀྱི་མེད་ལ། ངས་ཀྱང་དྲ་གྲོགས་ཚོ་གང་དུ་ཡོད་མེད་དང་མིང་ལ་ཅི་ཟེར་མིན་སོགས་གཏན་ནས་དྲིས་མྱོང་མེད་ལ་འདྲི་འདོད་ཀྱང་མེད། གང་ཡིན་ཟེར་ན། ངེད་ཅག་གི་བྱེད་དགོས་པ་ནི་དྲ་ཚིགས་ནང་ནས་ཕན་ཚུན་ལ་ཁ་བརྡའམ་བོད་དོན་གླེང་མོལ་བྱེད་རྒྱུ་དང་རང་རང་གི་མྱོང་ཚོར་ཡིག་ཐོག་དུ་འབྲི་ཐུབ་མིན་དེ་ལས་གཞན་གནས་ཚུལ་ཛ་དྲག་མེད་པ་ནས། གང་སྲིད་དངོས་ནས་དགོས་མཁོ་ཆེན་པོ་བྱུང་བ་ཡིན་ན་ནི། མི་འདྲི་ཐབས་མེད་པ་ཆགས་པ་ཡིན་ན་ནི། མི་དག་གི་དགོས་འདུན་ལ་བསམ་བློ་བཏང་ནས་ལན་འདེབས་བྱེད་རྒྱུ་དེ་ལས་དེ་རིང་གི་སྐབས་སུ་དགོངས་དག ངས་ཀྱང་ཁྱེད་རང་སུ་ཡིན་མིན་ནི་མི་ཤེས་ལ་ཁྱེད་ཀྱིས་ཀྱང་ང་རང་སུ་ཡིན་མིན་དང་གང་དུ་ཡོད་མེད་མ་འདྲི་རོགས། ཁྱེད་ཀྱིས་དགོས་འདུན་སྐོང་མ་ཐུབ་པ་དེར་དགོངས་དག་སླར་ཡང་ཞུ་ཆོག
ཡག་པོ་ཞིག་བྲིས་འདུག ཨོ། ཁྱེད་རང་གང་དུ་བཞུགས་ཡོད། རྒྱ་བལ་དང་ནུབ་གླིང་།