དྲན་མི་བདེ་བའི་དོན་རྐྱེན་བཟོད་བསྲན་གྱིས།།
གསོན་མི་འདོད་པའི་ཚོར་བ་དྲངས་བོར་ཞོག།
ངུ་འདོད་པའི་སེམས་གཤིས་རིང་དུ་འབོར།།
བོད་གངས་ཅན་ཚང་གི་ལས་དོན་ཆེད།།
ནང་ཕུ་ནུ་མང་བོའི་ན་ཟུག་དང་།།
དུས་ངེད་མེད་མྱོང་བའི་མནར་གཅོད་དག།
སེམས་བསམ་པའི་གཏིང་ནས་དྲན་དུས་སུ།།
སྲོག་འདི་ཉིད་གལ་ཆེན་ཡིན་པ་སེམས་ནང་དུ།།
དྲན་ཐུབ་པ་བྱོས་དེ་ཁྱེད་ཉིད་དེ།།
གནས་གང་དུ་ཡོད་པ་དེ་རང་ནས།།
ལས་ལྷོད་མེད་འབད་པ་བྱེད་ཞོར་དུ།།
ནམ་ཉིན་ཞིག་བོད་དུ་ལོག་རྒྱུ་དང་།།
རང་བོད་ཡུལ་རང་ལ་བདག་ཆེད་དུ།།
གནས་རིག་པའི་གཞུང་ལུགས་སྣ་ཚོགས་ལ།།
ཚན་རིག་པའི་འཕྲུལ་རྩལ་འདྲ་མིན་ཞིག།
སྤྱོང་ལེགས་པར་འགྲུབ་ན་བོད་དུ་འགྲོ།
དེ་ཉིན་མོ་བོད་དོན་འགྲུབ་ངེས་ཡིན།།
དེ་ཉིན་མོ་ཤི་བོའི་ཁ་ཆེམས་དང་།།
ཤུལ་ལུས་པའི་གསོན་པོའི་རེ་བ་ཡིན།།
དོན་དེ་འདྲ་ཡིན་མིན་དཔྱད་པ་བྱོས།།
ངས་བཤད་ཚུལ་བདེན་པ་ཡིན་ཟེར་ནས།།
ངས་ཁྱེད་ལ་ཨུ་ཚུགས་བྱས་པ་མེད།།
དེ་ཨེ་རེད་དྲ་གྲོགས་ཁ་བ་ལགས།།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།