མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱང་རིང་གི་ནུ་མོ་ལ་སྤྲིངས་པའི་འཕྲིན་དམར་པོ། གཉིས་པ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp


ཁྱེད་ཀྱིས་ཕུ་བོ་ངས་ཁྱེད་རང་ལ་བཅིངས་པའི་རེ་བ་ཡོད་ཚད་སྟོང་ཟད་དུ་གཏོང་མི་ཉན། ང་རང་སེམས་གཏིང་གི་རེ་བ་ཆེ་ཤོས་དེའི་དབང་གིས་ངའི་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་འཕོད་ཀྱི་ཡོད། དེ་ནི་ཁྱེད་རང་གི་མི་ཚེ་དེ་ནི་རང་འགར་གྱི་བུད་མེད་སྤྱི་མཚུངས་ལྟར་མི་ཚེ་དཀྱིས་མ་ཞིག་རོག་རྒྱུ་དེ་མ་ཡིན་པར། ཤེས་རིག་གི་ལང་ཚོ་རྒྱས་ཤིང་། རྣམ་དཔྱོད་ཀྱི་བློ་གྲོས་ལ་འོད་སྟོང་འཕྲོས་དེ། ཁྱེད་ཀྱིས་བོད་མི་རིགས་ཀྱི་གངས་ཅན་ལྗོངས་ཀྱི་སྐྱེས་མ་དག་ལ་རླབས་ཆེན་གྱི་རྣམ་དཔྱོད་དང་གཟི་བརྗིད་རང་བཞིན་གྱི་སྤོབས་པ་སོགས་ཡོད་པ་གསལ་སྤྲོད་བྱེད་ཐུབ་དགོས། དེ་ཡང་ཁྱེད་ཀྱིས་རང་ཉིད་ཀྱི་སྐྱེ་སྟོབས་ཀྱི་ཤེས་རབ་ལ་བརྟེན་ནས་རང་མི་རིགས་ཀྱི་སྐད་ཡིག་གཙོ་བོར་བཟུང་དེ་འདབ་གཤོག་གཉིས་ལྡན་གྱི་བྱ་རྒོད་ཇི་བཞིན། དབྱིངས་པའི་ནམ་མཁའ་ཆེན་མོ་འདིར་འཕུར་བསྐྱོད་ཤིག་བྱེད་ཐུབ་ཉིན། ཕུ་བོ་ང་ཤི་རང་བློ་སེམས་བདེ་རུ་འབབ་ཐུབ་ངེས་ཡིན།

དེ་རིང་ངས་འདི་ནས་ཁྱེད་རང་ལ་སྐད་ཆ་བཤད་བཞིན་པ་འདི་དག་ནི་མི་ཞིག་གི་མི་ཚེ་ནང་དུ་འབད་བརྩོན་བྱོས་པ་ཡིན་ན། འགྲུབ་ཐུབ་པ་ཞིག་བཤད་བཞིན་ཡོད་པ་ལས་རྨི་ལམ་ལྟ་བུ་ཞིག་ལག་པར་འཛིན་རེག་མེད་པ་ཞིག་གཏན་ནས་བཤད་ཀྱི་མེད། དེའི་སྟབས་ཀྱིས་ནུ་མོ་ཁྱེད་རང་གིས་ཕུ་བོ་ངའི་སྐད་ཆ་ལ་ཉན་པར་བཞག་ནས་གསན་རོགས་ཞུ།

ཕུ་བོ་ངས་རྒྱང་རིང་ནས་ཁྱེད་རང་ལ་དུས་དང་རྣམ་པ་ཀུན་དུ་འཕྲིན་ཡིག་རེ་བྲིས་དེ་བསྐུར་ངེས་ཡིན། འཕྲིན་ཡིག་དེ་དག་གི་ནང་གི་སྐད་ཆ་རེ་རེ་ནི། ཕུ་བོ་ངས་ས་ཁུལ་གཞན་ཞིག་ ཏུ་མི་སྐད་གསར་བ་དང་གོམ་གཤིས་གསར་བ་ཁོར་ཡུག་གསར་བ་སོགས་ཀྱི་དཀའ་ངལ་ལ་གདོང་ གཏད་དེ་ཧུར་བརྩོན་བྱེད་དགོས་པའི་དོན་དག་གི་སྙིང་བོ་དེ་ཡིན། ཁྱེད་ཀྱིས་ཉིན་མ་རེ་རེ་བཞིན། སློབ་ཕྲུག་གཞན་དག་ལྟར་སྣང་བ་གཡེང་ནས་རྩེད་མོའི་རིགས་ ལ་མགོ་བོ་མི་འཁོར་བར་རང་གི་ཕུ་བོ་ཁྱེད་རང་གི་འོད་སྟོང་ལྡན་པའི་མི་ཚེ་དེ་ལམ་ ལྷོང་ཡོང་ཆེད་དུ་གཞན་ཡུལ་དུ་དཀའ་ལས་རྒྱག་གི་ཡོད་པ་སེམས་སུ་བཅིངས་དེ། ཁྱེད་རང་གི་མདུན་གྱི་ཡི་གེ་དང་སློབ་ཚན་དེ་དག་ནི་རང་གི་གཅེས་པའི་སྲོག་ལས་ཀྱང་གལ་ཆེན་དུ་བཟུང་དེ་སློབ་སྤྱོང་ཁོ་ན་ལ་འབད་བརྩོན་བྱེད་རྒྱུ་ལས། སྒོར་མོ་ཡོད་མེད་དང་སློབ་གྲོགས་གཞན་པ་སུས་གོན་པ་ཡག་པོ་གོན་ཡོད་མེད་དང་། སློབ་གྲོགས་སུས་ཁ་པར་དང་དེང་རབས་འཕྲུལ་ཆས་རྩེད་རིགས་སོགས་ཡོད་མེད་ལ་སེམས་པ་གཏན་ནས་མ་འཁོར་རོགས། དེ་དག་ནི་ཁྱེད་རང་གི་མ་འོངས་འོད་སྟོང་ལྡན་པའི་མི་ཚེའི་བཀག་རྡོ་ལས་གང་མིན་སེམས་སུ་བརྟན་པོར་གཉར་རོགས་ཞུ།

ནུ་མོ་ལགས། སྒོར་མོ་ང་རང་གིས་བཙལ་ཆོག ཁྱེད་རང་ལ་སྒོར་མོ་ཡོད་མེད་ཀྱི་དཀའ་ངལ་དང་གུང་གསེང་སླེབས་དུས་སུ་འགྲོ་ས་ཡོད་མེད་སོགས་དང་། ཁྱེད་རང་ལ་གོན་པ་ཡག་པོ་གོན་རྒྱུ་ཡོད་མེད་སོགས་ལ་གཏན་ནས་བསམ་བློ་མ་གཏོང་རོགས། དེ་དག་ཡོད་ཚད་ཀྱི་འགན་འཁུར་ཕུ་བོ་ངས་འཁུར་ཆོག ནུ་མོ་ལགས། དམིགས་གསལ་གྱིས་རང་ཉིད་བོད་པ་ཞིག་ཡིན་པ་གཏན་ནས་བརྗེད་མི་རུང་། དེ་བས་ཀྱང་བོད་ཀྱི་སྐད་ཡིག་ནི་རང་ཕ་མ་དང་ཕུ་བོ་སོགས་ལས་ཀྱང་རིན་ཐང་ཆེན་པོ་ཡིན་པ་ཤེས་དགོས་ཀྱི་ཡོད། དེ་དག་མ་ཤེས་པ་ཡིན་ན་ནི། ཕུ་བོ་ང་རང་གཞན་ཡུལ་ནས་དཀའ་ལས་བརྒྱབ་པ་ཡང་དོན་མེད་དུ་གྱུར་བ་ཡིན་ལ། ཁྱེད་རང་རྒྱ་གར་དུ་ཕུ་བོ་ངས་འཁྲིད་དེ་ཡོང་བ་ཡང་། གཏན་ནས་དོན་དག་མ་འགྲུབ་པ་རེད་བསམ་ཐུབ་དགོས་པ་མ་ཟད། རང་གི་སྐད་ཡིག་གི་ཞོར་ཏུ་གཞན་གྱིས་ཡི་གེ་ཡང་ཡག་པོ་སྤྱོང་དགོས་རྒྱུ་དེ་ནི་གལ་ཆེན་པོ་ལོས་ཡིན། འོན་ཀྱང་། རང་གི་བོད་ཀྱི་སྐད་ཡིག་ལས་གལ་ཆེ་བ་ཞིག་གཏན་ནས་མེད་པ་རེད། གལ་ཏེ། ཁྱེད་རང་སློབ་མཐར་བྱིན་དུས་སུ། རང་གི་སྐད་ཡིག་གི་སྟེང་ནས་རྩོམ་ཡིག་འབྲི་བ་དང་གཞན་གྱི་བརྩམ་པའི་རྩོམ་ཡིག་དེ་དག་གི་རོལ་མྱོང་བྱེད་མ་ཐུབ་པ་ཡིན་ན་ནི། ཕུ་བོ་ང་རང་ཁྱེད་ཀྱིས་དམར་གསོད་བྱས་པ་དང་གཅིག་པ་ཡིན།

ནུ་མོ་ལགས། ཁྱེད་རང་གིས་ཕུ་བོ་བདག་གིས་བཤད་པའི་སྐད་ཆ་འདི་དག་སེམས་སུ་གཉར་ ནས་རང་ཉིད་ལ་དམིགས་གསལ་གྱི་འགན་ཞིག་ཡོད་པ་སེམས་སུ་དམ་པོར་བཟུང་དེ་རྒྱང་རིང་ གི་ཕ་མ་དང་རང་ཉིད་ལ་གོ་སྐབས་དེ་འདྲའི་བཟང་བོ་ཞིག་སྤྲོད་གནང་མཁན་གྱི་བོད་ ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧གོང་ས་མཆོག་དང་བོད་གཞུང་གི་ལས་ཀྱི་སྣེ་མོ་ བ་དག་གིས་བཀའ་དྲིན་ལ་བསམ་ཤེས་དང་དྲིན་ལན་འཇལ་དགོས་པ་ཉིན་མ་རེ་རེའི་ནང་གི་ སློབ་ཚན་རེ་རེ་སྐབས་སུ་སེམས་ནང་དུ་དྲན་ཐུབ་པ་བྱེད་དགོས་ཀྱི་ཡོད།

བདག་གི་སྙིང་ནས་བརྩེ་བའི་ནུ་མོ་ལགས། ཕུ་བོ་ངས་བཤད་པ་འདི་དག་སེམས་སུ་འཛིན་རོགས་ཞུ། སླར་ཡང་འཕྲིན་ཐེངས་གཞན་ཞིག་ནས་འཇལ་ཡོང་།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 2

  1. sha tak ri sim says:
    ལོ་ 17 སྔོན།

    ལགས་སོ། དེ་ལྟར་གང་ན་བཟོ་བཅོས་བྱེད་དགོས་ས་ཡོད་པ་དེ་དག་ལ་དུས་ཐོག་ནས་ལན་རེ་བསྐུར་བ་དེ་དག་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ།

    Reply
  2. Pobpathaye says:
    ལོ་ 17 སྔོན།

    ཁར་སང་ངས་ཁྱེད་ཀྱི་རྩོམ་དེ་ཡིག་གཟུགས་ཆུང་དྲགས་པས་ྐློག་མ་ཐུབ་པར་དེ་ལུགས་ཁྱེད་ལ་ཞུས་པར་ཁྱེད་ཀྱིས་བཟོ་བཅོས་བརྒྱབ་སྟབས་ད་ལྟ་ཡག་པོ་ྐློག་ཐུབ་ཀྱིན་འདུག ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese