མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྩེ་བའི་གྲོགས་པོ་ལྷ་ཆབ་ལ་སྤྲིངས་པའི་འཕྲིན།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

བརྩེ་བའི་གྲོགས་པོ་ལགས། མི་ཟེར་བ་འདིས་སེམས་ནང་དུ་འདྲ་མིན་བཅོ་བརྒྱད་ཅིག་མི་འདོད་ཀྱང་རང་དབང་མེད་པར་ཤར་བཞིན་ཡོད་ཀྱང་། དེའི་ནང་གི་དྲན་གདུང་གི་དྲན་ཕྱོགས་འདི་ནི་མི་རང་ཉིད་ལ་མནར་གཅོད་གཏོང་བ་ཞིག་ལས་གཞན་གང་ལ་ཡང་མི་ཕན་པ་ཞིག་ཡིན་པ་ནི་ངས་མ་བཤད་ཀྱང་ཉིད་ཀྱིས་གསལ་བོ་ཤེས་སྲིད་རེད། དེའི་ཕྱིར་དྲན་གདུང་གི་སྡུག་བསྔལ་དེ་དག་ལ་བཟོད་བསྲན་བྱས་དེ་དྲན་ཕྱོགས་མང་བོ་ཞིག་རང་གི་སེམས་གཏིང་ནས་དྲན་ཕྱོགས་ལ་འགྱུར་བ་བཏང་ནས་ཁ་ཕྱོགས་གཞན་ཞིག་ནས་རང་ཉིད་ལ་སྟོབས་ཤུགས་བླ་མེད་སྟེར་ཐུབ་མཁན་གྱི་དྲན་ཕྱོགས་རེ་ལ་བསམ་བློ་ཞིག་གཏོང་ཐུབ་གནོང་རོགས། ངས་དེ་རིང་འདི་ནས་བཤད་བཞིན་པའི་སྐད་ཆ་དག་ནི་གྲོགས་མཆོག་ཁྱེད་རང་ལ་སེམས་གསོ་ཞིག་ཐུབ་ན་བསམ་ནས་བཤད་ཀྱི་ཡོད་པ་ལས་ཁ་བརྡ་སློབ་གསོའི་སྐད་ཆ་དེ་འདྲ་ཞིག་གཏན་ནས་མིན། ང་རང་ལྟ་བུ་ཞིག་གིས་ཉིད་ལ་ཁ་བརྡ་སློབ་གསོ་བྱེད་རྒྱུ་དེ་ནི་སངས་རྒྱས་ཀ་ཁ་ཟེར་བས་དཔེ་ལས་མེད་པ་རེད། དེའི་སྟབས་ཀྱི་དེ་རིང་གི་སྐད་ཆ་འདི་དག་ནི་ཉིད་དང་ཉིད་ཀྱི་བཟའ་མི་གང་བོ་དགའ་དགའ་སྤྲོ་སྤྲོའི་ངང་དུ་ཕན་ཚུན་གྱི་གདོང་དུ་ལྷད་མེད་དྲོད་ཁོལ་གྱི་འཛུམ་འདང་རེ་སྔར་ལས་ཀྱང་མང་རེ་འཕེལ་རྒྱུ་བྱུང་ན་བསམ་ནས་འབྲི་བཞིན་ཡོད།

ང་ཚོ་ས་མཐའ་ནས་རྒས་ཀྱང་ས་མཐའ་ནས་མི་ཤི་བའི་དམ་བཅའ་ཞིག་ང་ཚོ་སུ་ལ་ཡིན་ཡང་ཡོད་ངེས་ཡིན་དུས། མི་འགོར་བར་ཕ་རྒན་དྲིན་ཆེན་དེ་ལ་ཡང་ཁྱེད་བཟའ་མི་གང་བོ་འཇལ་འཕྲད་བྱེད་ཐུབ་ངེས་རེད། ང་ཚོ་དངོས་ནས་སྐྱེ་ས་གང་ནས་ཡིན་ན་འཆི་ས་ཡང་དེ་ནས་བྱེད་རྒྱུར་གྲོགས་པོ་ཁྱེད་རང་ལ་ཡང་འདོད་པ་ཡོད་ངེས་ཡིན་ལ་ང་རང་ལ་ཡང་འདོད་པ་དེ་འདྲ་ཞིག་དུས་རྟག་དུ་སེམས་ཁོང་དུ་ཡོད། དེའི་སྟབས་ཀྱིས་ང་ཚོས་རང་རང་གི་དྲིན་ཆེན་ཕ་མ་དག་གི་རེ་བ་དང་རྨི་ལམ་ཐུང་ཐུང་རེ་ཡིན་ཡང་ཨེ་འགྲུབ་ལ་བརྩོན་པ་བྱེད་དགོས།

 

བརྩེ་བའི་གྲོགས་པོ་ལགས། སྐྱོ་གདུང་གི་མིག་ཆུ་རེ་རེ་སེམས་གཏིང་ནས་གཞུར་ནས་དཀར་གཙང་གི་ཤོག་ངོས་སམ་དེང་དུས་ཀྱི་དར་ཆེ་བའི་གློག་ཀླད་ཀྱི་ནང་དུ་འབྲི་ཐེངས་རེར། ཉིད་ཀྱིས་ཕ་རྒན་དྲིན་ཆེན་གྱི་བཀའ་དྲིན་དྲན་བཞིན་སོས་དཀའ་བའི་དྲན་གདུང་གི་རྨ་ཁ་ལ་ཡང་ཡང་རེག་དུས། ཁྱེད་ཀྱིས་རང་གི་རང་ལ་ཚུགས་པ་ཟ་ཡི་འདུག་གམ། ངོ་མ་འུ་ཅག་ནི་ལས་ངན་ནང་གི་རྒྱུ་བཟང་ཞིག་ཡིན་ཆོག་ན་ཡང་། བོད་ཡིག་གི་ཡུ་ཀ་འགག་པའི་ས་མཐའ་ནས་ཁྱེད་རང་ལ་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་གི་ངོས་ནས་ལན་འདེབས་ཕྲན་བུ་རེ་བྱོས་དེ། ཉིད་ཀྱིས་ཐུགས་ཉམས་ལེགས་པོ་ཞིག་བཞེས་དེ་བསམ་བློ་གཏོང་ཁོམ་ཡོད་དམ། ཡོད་ན་ནི་ངས་ཁྱེད་རང་ལ་སྐད་ཆ་ཞིག་བཤད། ང་ཚོ་ནི་ས་མཐའ་ནས་རྒས་བཞིན་ཡོད་ལ་རང་གི་ཕ་མ་ཚོ་རང་ཡུལ་ནས་རང་དབང་གང་ཡང་མེད་པའི་གནས་བབ་ཞིག་གི་ཁྲོད་དུ་རྒས་དེ་སོང་དུས། ཁྱེད་རང་ལ་ཡང་དྲན་གདུང་གི་སྡུག་བསྔལ་ཡོད་པ་དེ་བཞིན་དུ་ང་ཚོ་བྱེས་ཡུལ་ནས་བསྡོད་མཁན་གང་མང་ལ་རང་རང་གི་ཕ་མ་དྲན་པའི་སྡུག་ཡས་དེ་ནི་སུ་ཡིན་ཡང་ཡོད་པ་ནི་བཤད་མ་དགོས་པ་ཞིག་ལོས་ཡིན། དེའི་ཕྱིར་རང་སྡུག་རང་གི་ཉོས་པ་རེད་ཟེར་སྲོལ་ཡོད་པ་ལྟར། སེམས་ཁོང་གི་ནད་ཚ་འདི་དག་ལ་དྲག་བསྐྱེད་བྱེད་ཐུབ་མཁན་ཡང་རང་ཉིད་ལས་ལྷ་རྗེ་གཞན་སུ་ཡང་མེད་པ་ཉིད་ཀྱིས་ཀྱང་ང་རང་ལ་བཤད་མྱོང་ཡོད་པ་མ་ཟད། ངས་ཀྱང་དེ་ལ་མོས་མཐུན་བྱེད་ཀྱི་ཡོད། ད་ལྟ་ཉིད་ཀྱིས་སྐད་ཆ་དེ་དག་ལ་ཕྱིར་འདང་རེ་བརྒྱབ་ནས་རང་སེམས་རང་གི་གསོས་དེ་ས་མཐའ་མི་སྐྱིད་ཀྱང་སྡུག་བསྒོམ་བྱེད་རྒྱུར་གོམ་གཤིས་བརྟེན་དགོས་པ་མ་རེད་དམ། ངས་དེ་འདྲ་ཞིག་བསམ་པ་དེ་ལྟར་ཁྱེད་རང་ལ་ལན་འདི་སྤྲིངས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

ཆུ་ཚོད་ ༣ སྔོན་ལ།
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས། སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་པར།
Mobile App

བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས།

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༦།༢༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese