དྲ་ཐོག་གི་ནད་འབུ་འམ་དྲ་ཐོག་གི་རིག་གནས་སྲུང་སྐྱོབས་བྱེད་རྒྱུར་སེམས་གཏིང་ནས་དགའ་བསུ་ཡོད། ལས་དོན་འདི་འདྲ་ཁ་ནས་བཤད་པ་ནས་ལག་ལེན་དུ་འཁེལ་མཁན་གང་ན་སུ་ཡོད་པ་དེ་དག་ལ་སྙིང་ནས་དགའ་བསུ་ཞུ། ང་རང་ནི་ཡིག་ནོར་འབྲི་མཁན་གྱི་གྲངས་ཀྱི་དྲ་ཚིགས་འདིས་ཟིན་བྲིས་པ་ཞིག་ཡིན། གལ་སྲིད། དྲ་གྲོགས་དག་གིས་ང་རང་གི་ཟིན་བྲིས་ནང་དུ་ཡིག་ནོར་མང་བོ་ཞིག་མཐོང་གི་ཡོད་པ་དང་ཀློག་འདོད་མེད་པ་ཞིག་དུ་འགྱུར་བཞིན་ཡོད་ན་ནི་ཐད་གར་ང་རང་ལ་གསུང་ན་འགྲིག་གི་ཡོད། ངས་ཀྱང་ཞབས་འདེགས་ཤིག་ཞུ་མ་ཐུབ་ཀྱང་དོན་མེད་དུ་དྲ་བའི་རིག་གནས་ལ་རྐང་འདྲེན་པ་དེ་འདྲ་ཞུ་འདོད་དངོས་ནས་མེད། ང་རང་ནི་བོད་ཡིག་ལ་དུངས་པ་ཡོད་པ་དང་བོད་ཀྱི་ཡི་གེ་ཙམ་ཀློག་འདོན་བྱེད་ཐུབ་པ་འདི་ཙམ་གྱིས་རང་ཉིད་སེམས་གཏིང་ནས་དགའ་བོ་བྱུང་དེ་དུས་ཚོད་གང་ཡོད་དུ་དྲ་ཐོག་དུ་ཡོང་མཁན་ཞིག་ལས་རྐང་འདྲེན་པའམ་དྲ་ཐོག་གི་འབུ་སྲིན་ཞིག་ཆགས་རྒྱུར་རེ་བ་བརྒྱབ་ནས་ཡོང་མཁན་ཞིག་གཏན་ནས་མིན། དེ་མཚུངས་ཀྱི་ང་དང་འདྲ་བའི་དྲ་གྲོགས་ཀྱང་མང་བོ་ཡོད་ངེས་རེད། གང་ལྟར། དྲ་གྲོགས་ཚོས་ང་རང་ཐད་གར་འདིའི་ཐད་དུ་ཁ་གསལ་བོའི་ལན་ཞིག་བསྐྱོན་རོགས་ཞུ། གལ་སྲིད་དངོས་ནས་ངས་བྲིས་པའི་ཟིན་བྲིས་མང་ཤོས་ཀྱི་ཁྲོད་དུ་ཡིག་ནོར་གྱི་འཁང་ནས་ཀློག་འདོད་མེད་པ་ལྟ་བུ་ཞིག་ཆགས་ཡོད་ཚེ། ངས་དྲ་ཐོག་གི་རིག་གནས་སྲུང་སྐྱོབས་བྱེད་ཆེད་དུ་ང་རང་ག་དུས་དྲ་གྲོགས་ཁྱེད་ཅག་ལ་འདོད་མོས་མེད་ན་དེ་དུས་ཕྱིར་འཐེན་བརྒྱབ་ཆོག དེ་ནས་བཟུང་ང་རང་ཀློག་པ་པོ་གཅིག་བུ་ལས་དྲ་ཐོག་དུ་ཟིན་བྲིས་འདེབས་མཁན་མ་བྱས་ཀྱང་ཆོག འདི་ལ་དྲ་གྲོགས་ང་རང་གི་ཟིན་བྲིས་ཀློག་མྱོང་མཁན་དང་ཀློག་མཁན་དག་གིས་བརྡ་ལན་ཞིག་གཏོང་རོགས་ཞུ། དམིགས་གསལ་གྱིས་ཡིག་ནོར་ལ་རྟག་དུ་གཟབ་ནན་བྱེད་མཁན་གྱི་དྲ་གྲོགས་དག་གིས་བརྡ་ལན་གསལ་བོ་ཞིག་གནོང་རོགས་ཞུ།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
དྲ་གྲོགས་ཡོན་བྷེ་ལགས། ཁྱེད་རང་དེ་རིང་བར་དུ་ང་རང་གི་བསམ་ཚུལ་གླིང་ཁ་འདིར་ཕེབས་མྱོང་མེད་པ་འདྲ། གང་ལྟར། དེ་རིང་འདིར་ཕེབས་ནས་བགྲོ་གླེང་གནང་བ་དེར་དགའ་བསུ་ཞུ། མུ་མཐུད་དུ་བསམ་ཚུལ་གང་མང་ཞིག་འཁུར་ནས་ཕེབས་རྒྱུར་དགའ་བསུ་ཡོད།
ཡིག་ནོར་ཡིག་ནོར་ཞེས་ག་ཚོད་བཤད་རུང་ང་ཚོ་དག་ཆ་མི་ཤེས་མཁན་དང་དག་དེབ་མེད་མཁན་ཚོར་དམིགས་བསལ་གྱིས་ཡར་རྒྱས་ཤིག་ཡོང་གི་མ་རེད། དེ་ལས་ཁྱེད་ཚོ་དག་ཆ་ཡག་པོ་ཡོད་མཁན་ཚོས་ཡིག་ནོར་ཤོར་དུ་མ་འཇུག་པར་བསམ་ཚུལ་སྤེལ་དང་དེ་ཡག་ཤོས་རེད། སྐད་ཆ་འདི་དྲང་མོ་ཡིན། སྤྱིར་བཏང་ནས་མི་ཤེས་མཁན་ཞིག་ལ་འདི་ཡིན་གཅིག་ཤེས་པ་བྱོས་ཟེར་རྒྱུ་དཀའ་མོ་རེད། དེ་ལས་ཤེས་མཁན་ཚོས་རང་རང་གི་ས་ནས་གཟབ་གཟབ་བྱས་སོང་ན་འགྲིག་འགྲོ་ཡི་རེད་བསམ། མཚམས་ལ་རེར་འདི་འདྲའི་དགོད་སྤྲོ་བ་ཞིག་རེད། གང་ཟག་ག་གེ་མོ་ཞིག་གིས་ཡིག་ནོར་ཅན་གྱི་བསམ་ཚུལ་ཞིག་སྤེལ། དེ་ལ་ཡང་གང་ཟག་ག་གེ་མོ་ཞིག་གིས་ཤེས་མདོག་གིས་བསླབ་བྱ་བྱེད་ཁུལ་གྱིས་དག་བཅོས་བྱས། ཡང་གཞན་ཞིག་གིས་དག་བཅོས་བྱེད་མཁན་ཁོས་བྲིས་པའི་ཡི་གེའི་ནང་དུ་ཡིན་ནོར་ཡོད་ཚུལ་གླེང༌། དེ་ལྟར་ནོར་བས་ནོར་བ་དེད་ནས་འགྲོ་བ་ལས་དངོས་གནས་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་སྤྱི་འགྲོས་དང་མཐུན་པའི་ཡི་གེ་འབྲི་མཁན་སྐོན་པོ་འདུག དེ་ལས་ཤེས་ལ་མ་ཤེས་ལ་ཞིག་གླེང་བ་ལས་ཡོད་ཚད་ཅམ་འཇོག་བྱས་ན་མ་རེད་དམ།
དྲ་གྲོགས་ལྕགས་རྒྱ་འགྲམ་ནག་ལགས། དངོས་ནས་ཐུགས་རྗེ་ཆེ་འདིར་ཕེབས་པ། ཡུན་རིང་ཞིག་ལ་སྐུ་ཉིད་གར་སོང་ཆ་མེད་དུ་གྱུར་སོང་། ད་ལྟའི་འཆར་བདེ་ཐང་ངང་གནས་ཡོད་དམ། དྲ་ཚིགས་དུ་ཡང་ཡང་བསྐོར་ཉུལ་རེ་བྱེད་རྒྱུ་མ་བརྗེད།
འགྲིག་ལམ་མང་པོ་བཟོ་མ་ཡོང་། ཉོབ་གི་འདུག
རོགས་གཅེས་ཚོ། སྤྱིར་བཏང་ཡིག་ནོར་ལ་གཟབ་ན་དེ་ནི་ཕུན་སུམ་ཚོགས་པའི་ཡན་ལག་རེད་མོད། དྲ་ཐོག་ཏུ་བརྒྱ་བཤད་ཚིག་ལ་རྩ་བ་ཡོད་ན། ཡིག་ནོར་ལ་ཐུག་དུས་དོན་དག་ཆུང་ཆུང་རེད། དུས་དེབ་དང་ཚགས་པར་ཁག་ལ་རྩོམ་སྒྲིག་པ་ཡོད་བཞིན་དུ་ཡིག་ནོར་ཤོར་བ་དང་། དྲ་ཐོག་ཏུ་ཞར་ཞོར་ལ་ཐོལ་བྱུང་གི་བསམ་ཚུལ་རེ་སྤེལ་བའི་ཁྲོད་དུ་ཡིག་ནོར་ཤོར་བ་གཉིས་ཨེ་འདྲའམ། གོ་མིན་ཏང་ལ་དཔྱ་ཁྲལ་མང་། གུང་ཁྲན་ཏང་ལ་ཚོགས་འདུ་མང་། བོད་པ་ཚང་ལ་བསླབ་བྱ་མང་།
དྲ་གྲོགས་རྣམས་ཀྱིས་བདག་ལ་སེམས་པསམ་པའི་སྐད་ཆ་བཤད་དེ་ང་རང་གིས་ཡིག་ནོར་མི་ཉུང་བ་ཞིག་འབྲི་ཤོར་བྱེད་པ་དེར་ཡར་རྒྱས་ཡོང་ངེས་ཤིག་ཡིན་པར་རྒྱབ་སྐྱོར་གནང་ནས་ང་རང་གིས་མུ་མཐུད་དུ་ཟིན་བྲིས་སྤེལ་བར་སེམས་བསམ་པའི་འབོད་སྐུལ་ཞུས་པ་དེར་ང་རང་གིས་དང་ལེན་བྱེད་རྒྱུ་ཡིན། དྲ་གྲོགས་མང་བོ་ཞིག་ནས་ཡང་དང་ཡང་དུ་ཡིག་ནོར་བསྐོར་མང་བོ་ཞིག་གླེང་སྟབས་ང་རང་གི་ནོར་འཁྲུལ་རང་ཉིད་ཀྱིས་ཁས་ལེན་བྱས་པ་ཡིན། ངས་རང་ཉིད་ཀྱི་ནོར་འཁྲུལ་ལ་དང་ལེན་བྱས་པ་དེར་དྲ་གྲོགས་ཁྱེད་ཅག་གིས་ཀྱང་སེམས་བསམ་པའི་རང་རང་གི་བསམ་ཚུལ་རེ་བྲིས་དེ་ང་རང་ལ་ལམ་སྟོན་གནང་བ་དེར་ངས་ཀྱང་སེམས་བསམ་པའི་གཏིང་ནས་གུས་བརྩི་དང་ལེན་བྱེད་རྒྱུ་ཡིན། འདི་ནས་བཟུང་ང་རང་གིས་ཀྱང་གང་ཐུབ་ཐུབ་བྱེད་ཆོག་པ་མ་ཟད། ད་དུང་ཡང་མ་འགྲིག་ས་དང་མ་འཐུས་ས་བྱུང་ས་དེ་ནས་དྲ་གྲོགས་རྣམས་ཀྱིས་བསམ་ཚུལ་ལྷུག་པོར་གནང་རྒྱུ་ནི་བདག་གི་རེ་བ་ཡིན། ཐུགས་རྗེ་ཆེ། དྲ་གྲོགས་འདིར་ཕེབས་ཚང་མ་ལ་སེམས་བསམ་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གླེན་པ་ལུག་ལགས།
ངའི་དྲན་ཚོད་ལ་སྟག་སྨྱོན་དང་དགེ་འདུན་རབ་གསལ།
ལུང་རིགས་རྒྱལ་སོགས་འབྲེལ་སྒྲའི་སྐོར་རྩོད་སྐབས་ང་ཚོ་དེའི་ཐོག་བསམ་ཚུལ་རེ་སྤེལ་སྐབས་འཕྲད་མྱོང་བ་ཞིག་ཡིན་སྙམ།
ཁྱེད་ཀྱིས་བོད་ཤ་ཁྲག་རུས་གསུམ་རྒྱབ་སྐྱོར་གནང་བ་དེ་བློ་གཟུ་བོར་གནས་པ་ཞིག་རེད་ལ་ངས་ཀྱང་དེ་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད།
སྟག་སྨྱོན་ལགས། ཁྱེད་ཀྱིས་འབྲེལ་སྒྲའི་སྐོར་ལ་གི་སྒྲར་རང་བཙན་སྤྲོད་མཁན་ཚོ་དང་བགྲོ་གླེང་ལྷུག་པོ་གནང་སོང་། སྐབས་དེ་ནས་ང་ཚོས་ཁྱེད་ལ་གདེང་འཇོག་གང་འཚམ་བྱེད་བཞིན་ཡོད།
ད་དུང་ངའི་རེ་བ་ཞིག་ལ་དྲ་ངོས་ཐོག་གང་ཟག་སྒེར་ཕན་ཚུན་ཞེ་འཁོན་སློང་བའི་ཚིག་གི་མདའ་མོ་དེ་འཕེན་མང་དྲགས་ན་རང་གཞན་གཉིས་ཕུང་གི་རྒྱ་ལས་མ་འདས་པས་དེ་དོན་དགོངས་པ་བཞེས་རོགས།
བོད་ཤ་ཁྲག་རུས་གསུམ་ལགས། ང་ཟིན་བྲིས་ཀྱི་ངོས་སུ་སླེབས་སྐབས་ཁྱེད་ཀྱི་ཟིན་བྲིས་ཡང་ཡང་སྔོག་བཞིན་ཡོད།
ཁྱེད་ཡི་ཐང་མ་ཆད་རོགས།
ང་ཚོས་ནོར་འཁྲུལ་ཤོར་གྱིན་ཤོར་གྱིན་ཡང་དག་པའི་ལམ་ཞིག་རྙེད་ཀྱི་ཡོད་པ་བཞིན། ང་ཚོ་ཡིག་ནོར་འབྲི་གིན་འབྲི་གིན་ཡར་རྒྱས་ཀྱི་རྩེ་མོར་གསོན་ངེས།
ངའི་ཟིན་བྲིས་སུ་ཡང་ཡིག་ནོར་གྱི་སྐོར་ལ་དོ་སྣང་བྱ་དགོས་པ་བྲིས་ཡོད་ཀྱང་།
ངས་ཀྱང་ཡིག་ནོར་མི་ཉུང་བ་ཞིག་འབྲི་ཤོར་གྱི་འདུག་པས་ང་ཚོ་ཚང་མས་གང་ཐུབ་ཀྱིས་འབད་བརྩོན་བྱས་ན་མི་ཆོག་གམ།
དྲ་གྲོགས་ལགས།
ཡི་ཐང་མ་ཆད་རོགས།
འདི་ནི་ཟིན་བྲིས་སྔོན་མ་ཞིག་གི་ཁ་བྱང་རེད།
གླེན་པ་ལུག་ལགས།
ངའི་དྲན་ཚོད་ལ་སྟག་སྨྱོན་དང་དགེ་འདུན་རབ་གསལ།
ལུང་རིགས་རྒྱལ་སོགས་འབྲེལ་སྒྲའི་སྐོར་རྩོད་སྐབས་ང་ཚོ་དེའི་ཐོག་བསམ་ཚུལ་རེ་སྤེལ་སྐབས་འཕྲད་མྱོང་བ་ཞིག་ཡིན་སྙམ།
ཁྱེད་ཀྱིས་བོད་ཤ་ཁྲག་རུས་གསུམ་རྒྱབ་སྐྱོར་གནང་བ་དེ་བློ་གཟུ་བོར་གནས་པ་ཞིག་རེད་ལ་ངས་ཀྱང་དེ་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད།
སྟག་སྨྱོན་ལགས། ཁྱེད་ཀྱིས་འབྲེལ་སྒྲའི་སྐོར་ལ་གི་སྒྲར་རང་བཙན་སྤྲོད་མཁན་ཚོ་དང་བགྲོ་གླེང་ལྷུག་པོ་གནང་སོང་། སྐབས་དེ་ནས་ང་ཚོས་ཁྱེད་ལ་གདེང་འཇོག་གང་འཚམ་བྱེད་བཞིན་ཡོད།
ད་དུང་ངའི་རེ་བ་ཞིག་ལ་དྲ་ངོས་ཐོག་གང་ཟག་སྒེར་ཕན་ཚུན་ཞེ་འཁོན་སློང་བའི་ཚིག་གི་མདའ་མོ་དེ་འཕེན་མང་དྲགས་ན་རང་གཞན་གཉིས་ཕུང་གི་རྒྱ་ལས་མ་འདས་པས་དེ་དོན་དགོངས་པ་བཞེས་རོགས།
བོད་ཤ་ཁྲག་རུས་གསུམ་ལགས། ང་ཟིན་བྲིས་ཀྱི་ངོས་སུ་སླེབས་སྐབས་ཁྱེད་ཀྱི་ཟིན་བྲིས་ཡང་ཡང་སྔོག་བཞིན་ཡོད།
ཁྱེད་ཡི་ཐང་མ་ཆད་རོགས།
ང་ཚོས་ནོར་འཁྲུལ་ཤོར་གྱི
ཐེངས་འདིར་ཡང་ལྷ་ཆབ་ལ་སྐད་ཆ་ཁ་ཤས་བཤད་ན་འདོད། ཉིན་ཤས་སྔོན་ནས་ཁྱོད་ཀྱིས་དྲ་བའི་རིག་གནས་ལ་སྲུང་སྐྱོབ་དགོས་ཚུལ་དང་། ཁྱོད་རང་ཉིད་དྲ་བའི་རིག་གནས་སྲུང་སྐྱོབ་པ་ཞིག་ཡིན་ཚུལ་བཤད་སོང་། གལ་སྲིད་བདེན་ན་དྲ་བའི་རིག་གནས་ཞེས་པ་ཅི་ཞིག་རེད། བོད་ཡིག་གི་ཐོབ་ཐང་དང་དག་ཆ་རེ་འགའ་མ་འགྲིག་པ་དེ་དྲ་བའི་རིག་གནས་ལ་མ་གུས་པ་ཞིག་རེད་དམ། ཡང་ན་ཁྱོད་ལ་རྣག་ཐོག་གཙགས་འཁེལ་གྱི་བསམ་འཆར་རེ་འགའ་བཏོན་པ་དེ་དྲ་བའི་རིག་གནས་གཏོར་བཤིག་ཏུ་བཏང་བ་རེད། ངས་བསམ་ན་ཁྱོད་ཀྱིས་དྲ་བའི་རིག་གནས་ཞེས་པ་འདིའི་ཟུར་ཙམ་ཤེས་ཀྱི་མེད་པ་འདྲ། དྲ་བ་འཛུགས་གཉེར་བྱེད་ཚུལ་དང་། དྲ་བའི་བརྒྱུད་ལམ་གསར་བཏོད་བྱ་ཚུལ། ད་ལྟ་འཛམ་གླིང་ན་དྲ་བའི་བརྒྱུད་ལམ་གྲགས་ཅན་གང་འདྲ་ཡོད་མེད། ཇི་ལྟར་གྲུབ་ཚུལ་སོགས་དྲ་བའི་རིག་གནས་ཀྱི་རྒྱུན་ཤེས་རགས་པ་འདི་ཙམ་ཡང་ཁྱོད་ལ་བརྗོད་རྒྱུ་ཡོད་དམ། དོན་བསྡུས་ན་ཁྱོད་ཀྱི་དྲ་ཤོག་གཙང་མ་ཤོག་ལྷེ་གཅིག་བཟོ་ཐུབ་ཀྱི་ཡོད་དམ། དོན་མེད་དུ་ཚིག་སྐམ་བསྒྲིགས་ནས་ཅི་བྱེད་བསམ་པ་ཡིན།
བོད་ཤ་ཁྲག་རུས་གསུམ་ལགས། ཁྱེད་ཀྱི་རྩོམ་ཡིག་འདི་དངོས་གནས་ཡག་པོ་བྲིས་འདུག ཡིག་ནོར་རེ་འགའ་འདུག་མོད་དེ་ནི་རིམ་གྱིས་བཅོས་བསྒྱུར་འབྱུང་ངེས་ཤིག་རེད། སེམས་ཀྱི་སྐད་ཆ་འདི་འདྲ་ནི་དངོས་གནས་སྙན་མོ་འདུག ཁྱེད་ཀྱིས་མུ་མཐུད་འབྲི་རོགས། གླེན་པ་ལུག་གིས་ཁྱེད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ངེས་ཡིན།
ཁོང་གིས་དམར་པོ་རེད་ཅེས་པའི་དོན་ཅི་ཡིན་གསལ་པོར་མ་ཤེས་མོད་ཁོ་རང་གིས་བཤད་སྟངས་དེ་དམར་པོ་ངོ་མའི་བྱེད་སྟངས་ལྟ་བུ་ཞིག་རེད།
དྲ་ཚིགས་འདིའི་གྲལ་མགོ་ན་བཞུགས་པའི་དྲ་གྲོགས་རྙིང་པ་བོད། ཤ་ཁྲག་རུས་གསུམ་ལགས།
དུས་བབ་ཚང་གི་དྲ་བའི་དགེ་བསྐོས་མེ་བརྗེས་ནས་གསར་བ་ལྷ་ཆབ་སྦྱིན་པ་ཟེར་བའི་བཙན་པོ་ཞིག་གིས་དྭང་བླངས་བྱས་ཏེ་ང་ཚོ་ཡིག་ནོར་མང་པས་དྲ་འབུ་གཉོམ་ཆུང་ཚོ་དྲ་ཐོག་ནས་ཕུལ་ལ་ཁལ་བྱེད་ཀྱིན་འདུག་ལ། ངས་ཀྱང་ཁོ་ལ་སྐད་ཆ་ཞིག་བཤད་ན་འདོད། ཁྱོད་ཚོ་རྩོམ་པ་པོ་ཅུང་ཙམ་རྒན་པ་ཡིན་ནི་རེད། དེའི་ཕྱིར་ཁོག་རྒྱ་ཅུང་ཙམ་བསྐྱེད་ནས་བཞུགས་པར་འབོད་སྐུལ་ཞུ། དེ་མིན་མིང་རྫུན་མ་ཅན་འགའ་རེས་སུན་པོ་བཟོ་གི་འདུག་ཟེར་ནས་ལམ་སང་ཁོང་ཁྲོ་མ་ཟ་རོགས། བསམ་འཆར་བཟང་ངན་གཉིས་ཀར་ཉན་དགོས་པ་ལས་བཟང་བ་འམ་ངོ་བསྟོད་རྐྱང་རྐྱང་དགོས་ཚེ་དེ་ནི་ཡོང་མི་སྲིད་པ་ཞིག་རེད། སྟག་སྨྱོན་འདི་དངོས་གནས་སུམ་རྟགས་ལ་ཧྲ་ཡ། དེ་སྔོན་དགེ་འདུན་རབ་གསལ་དང་ལུང་རིགས་རྒྱལ་གཉིས་ལ་བྱེད་འབྲེལ་སྐོར་རྩོད་བརྒྱབ་དུས་ཀྱང་ཅུང་ཙམ་བཟང་གི་ཡ། དེ་རིང་ཁོ་ལ་ཡང་ཡིག་ནོར་མང་ཚུལ་ཁྱོས་བཤད་པ་ཅུང་ཐལ་དྲག་འདུག་སྙམ།
མ་གཞི་གློག་ཀླད་ནང་དུ་ཡར་མར་ལ་འཇུག་སྐབས་དང་ཡིག་གེ་བཏགས་དུས་ཡིག་ནོར་རེ་ཟུང་ཤོར་གི་འདུག སྐུ་ཞབས་ཁྱོད་ལ་མ་གུས་པས་ཚིག་ངན་རེ་མཆིས་ཚེ་བཟོད་པར་གསོལ།
སྟོང་ལུག་འཚོ་སྟངས་ངས་བརྗེད་འདུག།།
རྩམ་པ་བརྫི་ལུགས་ངས་མི་དྲན་པ།།
སྣ་ལོ་ཞོན་རྩལ་ངས་བརྗེད་སོང་།།
བོད་མོ་རྒྱོ་ས་ང་ལ་མེད།།
ནུབ་ཕྱོགས་འབྲོག་བུའི་སེམས་ཁྲལ་ཡིན།།
སྟོང་ལུག་འཚོ་སྟངས་ངས་བརྗེད་འདུག།།
རྩམ་པ་བརྫི་ལུགས་ངས་མི་དྲན་པ།།
སྣ་ལོ་ཞོན་རྩལ་ངས་བརྗེད་སོང་།།
བོད་མོ་རྒྱོ་ས་ང་ལ་མི་འདུག།
ནུབ་ཕྱོགས་འབྲོག་བུའི་སེམས་ཁྲལ་ཡིན།།
ལྷ་ཆབ་ཁྱེད་ཀྱི་མིག་ལ་བརྟག་དཔྱད་ཐེངས་ཤིག་བྱེད་ཐུབ་ན་ཡག་ས་རེད། རང་གི་ཡིག་ནོར་མི་མཐོང་བར་མི་ལ་དུག་མདའ་རྣོ་བོ་འཕེན་རྐྱང་བྱེད་པ་ག་འགྲིག་གམ། ང་ལ་དག་ཡིག་གསར་སྒྲིག་དང་མ་ནོར་ལམ་བཟང་། ཡང་ན་དུང་དཀར་ཚིག་མཛོད་དང་བོད་རྒྱ་ཚིག་མཛོད་སོགས་གང་ཡང་མེད་པའི་འཁྱམ་པོ་ཞིག་ཡིན། གནས་ངེས་མེད་ཀྱི་སྐྱབས་བཅོལ་ཞིག་གིས་དཔེ་ཆ་མང་པོ་ཁུར་ནས་འགྲོ་མི་ཐུབ་པ་ལོས་ཤེས།
བོད་དེབ་མ་མཐོང་ལོ་དྲུག་འགོར།།
རྩམ་པ་མ་ཟོས་ལོ་དྲུག་འགོར།།
བོད་མོ་མ་རྒྱོ་ལོ་དྲུག་འགོར།
དྲུག་གསུམ་བཅོ་བརྒྱད་དེ་ལྟར་འདས།།
བོད་སྟུ་ཞིག་ཀྱང་རག་ན་འདོད།།
བོད་དེབ་ཅིག་ཀྱང་ཡོད་ན་དགའ།།
རྩམ་ལོག་ཞིག་ཀྱང་བརྫི་ན་འདོད།།
ནུབ་ཕྱོགས་འབྲོག་བུའི་རྨི་ལམ་ཡིན།།
དྲ་གྲོགས་སྟག་སྨྱོན་ཟེར་བ་འདི་ཡང་ཁ་གསོན་པོ་ཞིག་རེད་འདུག ཁོ་རང་དྲ་འབུ་བྱེད་འདོད་ཡོད་པ་མིན་ན། ཆེད་དུ་ང་སྒེར་གྱི་སྟེང་ལ་མཆོངས་ཡོང་གི་འདུག གྲོགས་པོ། ང་དྲ་སྦྲང་བཙན་པོ་ཞིག་ཡིན་པ་བདེན་དུ་འཆི། ཡིན་ནའང་ཁྱོད་ཀྱི་གོང་གི་མཆན་བུ་ཐུང་ཐུང་འདིའི་ནང་དུ་ཡིག་ནོར་གྱི་གྲངས་ཀ་ག་ཚོད་ཡོད་འདུག དག་ཡིག་གསར་བསྒྲིགས་བཟུང་ནས་ཞིབ་བཤེར་ཐེངས་གཅིག་བྱོས་དང་ང་ལྟ་བུའི་དྲ་བའི་རིག་གནས་ལ་དུངས་པ་ཟབ་པའི་དྲ་སྦྲང་ལ་ཁོང་ཁོ་མི་བསླངས་སམ། ལྷག་པར་དུ་ང་ལ་ཁ་བཙན་པོ་ཞིག་ཡོད་པ་བདེན་པ་ཡིན་ལ། ལག་ཀྱང་བཙན་པོ་ཞིག་ཡོད། དེ་ནི་ངའི་ལྷན་སྐྱེས་ཀྱིས་ང་ལ་གནང་བའི་ལེགས་སྐྱེས་ཤིག་ཡིན་ཟེར་ཡང་ཆོག
གྲོགས་ཤ་ཁྲག་རུས་གསུམ་ལགས། ཁྱོད་ཀྱི་སེམས་དེ་འདྲའི་ཕམ་དོན་ཅི་ཡིན། ཁྱོད་ཀྱིས་གཟབ་གཟབ་བྱས་པ་ཡིན་ནམ། གང་ལྟར་གོང་གི་རྩོམ་ཡིག་འདིའི་སྟེང་ནས་ཀྱང་ཁྱོད་ལ་ཡར་རྒྱས་ཀྱི་རྣམ་པས་ཁྱབ་འདུག ཁྱོད་རང་ཕྱིར་འཐེན་བྱེད་དོན་ག་ལ་ཡོད། སྟག་སྨྱོན་གྱིས་བཤད་པ་ནང་བཞིན་རང་ཉིད་ཀྱིས་མགོ་རྩོམ་དགོས་ལ། མཇུག་ཀྱང་བསྡུ་དགོས་པ་ཡིན། ཡིག་ནོར་ཁོ་ན་ནི་དྲ་འབུ་རུ་མི་ཆགས། གཙོ་བོ་སྒེར་སེམས་བཅངས་ཏེ་དྲ་གྲོགས་རྣམས་ལ་སུན་པོ་བཟོ་མཁན་དག་དང༌། སུ་ཞིག་གིས་རྩོམ་ཡིག་སྤེལ་བ་ཡིན་ན་དེ་ལ་ཆེད་དུ་ལོག་སྒྲུབ་བྱེད་མཁན་དེ་དག་ཡིན། གོང་གི་ཁྱོད་ཀྱི་རྩོམ་ཡིག་འདིའི་ནང་དུ་ཡིག་ནོར་ཉུང་སེ་འདུག ད་དུང་ཁྱོད་རང་ནི་དྲ་བའི་རིག་གནས་ལ་འགན་ཡོད་ཚད་འཁུར་མཁན་ཞིག་རེད་འདུག རྒྱུ་མཚན་ནི་རང་སྐྱོན་ངོས་ལེན་པ་དང༌། རང་ཉིད་ཁོ་ན་ནི་དྲ་འབུ་རུ་ཆགས་རྒྱུའི་གཉེན་ཁར་འཛེམ་མཁན་ཞིག་ཡིན་པའི་ཆ་ནས་ཁྱོད་ནི་དྲ་བ་འདིའི་སྟེང་དུ་ངེས་པར་འཚོ་དགོས། ངའི་ཐ་ཚིག་ལ་ཞིབ་ཏུ་ཀློག་རྒྱུ་གལ། ངས་བཤད་པའི་དྲ་འབུ་ཞེད་སྣང་ཚ་བོ་དེ་ཕལ་ཆེར་རྟོགས་ཐུབ། ཁྱེད་ཀྱིས་འདི་ལ་དོ་སྣང་ཤུགས་ཆེན་པོ་བྱེད་པ་འདིས་ཁྱོད་ཀྱིས་འགན་འཁུར་བའི་རྟགས་ཡིན། དེའི་རིགས་ལ་ཡར་རྒྱས་ཀྱང་ཡོད། གཙོ་བོ་ངས་ཐེར་འདོན་བྱེད་འདོད་པ་དེ་ཟིན་བྲིས་མི་གཉེར་བར་གསའ་གསེང་ལ་འཛུལ་ནས་རྙོག་ཟིང་བསླངས་མཁན་དེའི་རིགས་ཡིན། དེའི་རིགས་ལ་ཁྱོད་ཐེ་བའི་ཚང་མས་ཐེར་འདོན་བྱེད་རྒྱུར་འགན་ཡོད།
ཁོང་ཁྲོ་ཚ་བོའི་དྲ་སྦྲང་བཙན་པོ་ཁ་ཤས་ཤིག་ཀྱང་དྲ་ཁང་ནང་འཛུལ་འདུག འོན་ཀྱང་དེ་ཚོ་ལ་ཞེད་ནས་འབྲོ་དོན་ཡོད་པ་མ་རེད། ཁ་མི་ཉན་ང་སྔུན་ན་འབུད་ཆོག ཨ་རྩེ་མོ་ཡིན་ད། ང་ཡང་ཞེད་ཀི་ཡོད།
ཚང་མའི་ནང་ནས་དྲ་སྦྲང་ལྷ་ཆབ་བཙན་སེ་འདུག འགྲོ་ཞོར་འདུག་ཞོར་ལའང་དྲ་འབུ་གཉོམ་ཆུང་ཚོར་ཁ་ལྕགས་མགོ་ལྕགས་འབྲབ་ནས་རྫིག་མདོག་ཁ་བོ་བྱེད་ཀྱི་འདུག་ག
ཡིག་ནོར་ཤོར་ཀྱི་ཡོད་ན་མུ་མཐུད་ནས་བྲིས་ན་ཡར་རྒྱས་ཡོང་གི་རེད། ཡིག་ནོར་མེད་ན་དེ་བས་ཀྱང་བཟང་བས། གང་ལྟར་མུ་མཐུད་ནས་འབྲི་རྒྱུ་དེ་ཁྱེད་རང་གི་ལས་འགན་རེད། ནོར་འདུག་དང་འགྲིག་མི་འདུག་ཟེར་ནས་ཚིག་རྩུབ་ཀྱི་དུག་མདའ་རྣོ་བོ་བསྣུན་རྒྱུ་ང་རྒྱལ་ཅན་གྱི་དྲ་སྦྲང་བཙན་པོ་ཚོའི་ལས་འགན་ཡིན་པས། གང་ལྟར་རང་རང་གི་ལས་འགན་མཚམས་འཇོག་རྒྱུ་ཡོད་པ་མ་རེད།