མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་བསམ་པའི་སྐད་ཆ་ནང་དུ་བཤད་དུས། སེམས་པསམ་པའི་ནང་ལ་ཁ་ཞིག་འཁོར་རོགས།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

དྲ་གྲོགས་ཡོངས་ཀྱིས་ཕན་ཚུན་ལ་བསམ་ཤེས་དང་ཀུ་ཡངས་ཀྱི་ལྟ་ཚུལ་བཟུང་དེ་སྐད་ཆ་བཤད་ན་ཡག་པོ་འདུག དེ་མིན་ཁྱོད་རང་ལ་ཅུང་མེད་པ་ངས་ཤེས་ཟེར་བ་དང་ང་རང་ལ་གང་ཡོད་ཁྱེད་ཀྱིས་བཤད་མི་དགོས་ཟེར་བ་སོགས་གླེང་དེ་བསྡད་པ་ཡིན་ན་ནི། ངེད་ཅག་གི་དྲ་ཚིགས་འདིར་ཞུགས་དེ་དུས་ཚོད་མང་བོ་ཞིག་བཏང་བ་དང་བསམ་ཚུལ་མང་བོ་ཞིག་སྤེལ་བ་ལ་དགོས་པ་མ་བྱུང་བར་བཤད་ཆོག་གི་འདུག དེས་ཡིན་དུས་ངའི་རེ་བ་ལ་དྲ་གྲོགས་རྒན་གཞོན་སུ་ཞིག་ཡིན་ཡང་ནང་གཏམ་དང་ཕྱི་གཏམ་གྱི་བགྲོ་གླེང་ལ་ས་མཚམས་ཤིག་ཡོད་པ་ཤེས་ན་ཡག་པོ་འདུག ང་ཚོའི་དྲ་ཚིགས་འདི་ནི་ནང་གཏམ་གླེང་ས་ཡིན་ལ་ནང་གི་སྐྱིད་སྡུག་དང་ནང་གི་གནད་དོན་ལ་གྲོས་མོལ་བྱེད་ས་ཁོ་ན་ཡིན་ཞེས་བཤད་ཀྱང་མ་འགྲིག་པ་མེད་པར་སྣང་། དེ་འདྲ་ཞིག་ཡིན་དུས་དྲ་གྲོགས་ཚང་མས་ང་རྒྱལ་བྱེད་པ་དང་ཁ་རྒྱགས་པ་བཤད་པ་སོགས་ལ་གང་ཙམ་ཞིག་འཛེམ་ནས་སེམས་བསམ་པའི་བོད་ཀྱི་སྐྱིད་སྡུག་ལེགས་ཉེས་རེ་གླེང་རོགས་ཞུ། ང་ཚོ་བོད་ཡིན། བོད་པ་ཚང་དཀའ་སྡུག་གི་ནང་དུ་ལྷུང་ཡོད། བོད་པ་ཚང་ལ་རྒྱལ་ཁབ་མེད། བོད་པ་ཚང་ལ་རང་དབང་མེད། འདི་དག་གི་གནད་དོན་ཐད་དུ་གྲོས་མོལ་བྱེད་རྒྱུའི་ལས་འགན་ངེད་ཅག་ལ་ཡོད། ངེད་ཅག་མི་རིགས་གཅིག་ཡིན། དཀའ་ངལ་གཅིག་གི་འོག་དུ་ཡོད། སྐྱིད་སྡུག་གཅིག་པ་ཡིན། ང་ཚོས་ང་ཚོ་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱས་དེ་མཐུན་སྒྲིལ་དང་སྟོབས་ཤུགས་ཀྱི་ནུས་པ་ཕྱོགས་གང་ཐད་ནས་ཡར་རྒྱས་གཏོང་བའི་འགན་ང་ཚོ་ལ་ཡོད་བསམ་པའི་འདུ་ཤེས་ཤིག་གི་འོག་ནས་ངེད་ཅག་གི་གང་ས་ནས་བགྲོ་གླེང་བྱེད་ཐུབ་པ་ཡིན་ན་ནི་ཡག་པོ་འདུག མི་རང་རང་གིས་ཀྱང་རང་རང་གི་སྐྱོན་དྲ་གྲོགས་གཞན་གྱི་རྒྱུ་མཚན་དང་གནས་ལུགས་ཡོད་པའི་སྒཽ་ནས་དྲངས་དེ་འོང་དུས་དྲ་གྲོགས་དག་ལ་སྐྱོན་དེ་ཉིད་སེལ་ཕྱོགས་ཀྱི་བགྲོ་གླེང་སྤྱི་ལ་བཞག་ནས་བྱེད་པར་འབད་བརྩོན་བྱེད་དགོས་ཀྱི་འདུག འདི་ལྟར་ངས་རང་གི་དྲ་གྲོགས་བོད་པ་ཚོ་ལ་སེམས་བསམ་པའི་གཏིང་ནས་སྐད་ཆ་བཤད་ཀྱི་ཡོད་ལ། དྲ་གྲོགས་ཚོས་ཀྱང་སེམས་བསམ་པའི་གཏིང་ནས་བཤད་ན་ཡག་པོ་རེད་ལ་སེམས་བསམ་པ་གངས་ཅན་བོད་ཀྱི་སྐྱིད་སྡུག་ལ་འགན་ལེན་ཡོད་པའི་སྐད་ཆ་རེ་བཤད་ཐུབ་ན་ཡག་པོ་རེད། ང་ཚོ་ཚང་མ་རང་དབང་མེད་པའི་བོད་པ་ཞིག་ཡིན་པ་བརྗེད་མི་རུང་ངོ། ལྷག་པར་དུ་དྲ་གྲོགས་ཡོངས་ཀྱིས་ཕན་ཚུན་ལ་དོན་མེད་དུ་ཚིག་ངན་སྨྲ་བ་དེའི་རིགས་ལ་དངོས་ནས་གོམ་འདྲིས་མ་བརྟེན་ན་ཡག་པོ་འདུག ཨོ་རེད། དྲ་གྲོགས་དག་གིས་མཁྱེན་དགོས་པ་ཞིག་ལ་ངས་དྲ་གྲོགས་ཚོ་ལ་སེམས་བསམ་པའི་འབོད་སྐུལ་ཞིག་བྱས་པ་ལས་རྒྱག་གཏམ་དེ་འདྲ་གང་ཡང་འཐེན་བཞིན་མེད་པ་ཐུགས་སུ་འཛིན་རོགས་ཞུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 7

  1. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ལྕགས་རྒྱ་ལགས། བདག་གི་བསམ་ཚུལ་དེར་མོས་མཐུན་བྱོས་པ་དེར་ཐུགས་རྗེ་ཆེ། མུ་མཐུད་དུ་ཕེབས་ནས་བགྲོ་གླེང་གནོང་རོགས་ཞུ། དུས་ཚོད་གང་ཡོད་དང་ལས་གསེང་གང་ཡོད་དུ་ཟིན་བྲིས་རེ་སྤེལ་ནས་འགྲོ་རོགས་ཞུ།

    Reply
  2. Jakgya Damnak says:
    ལོ་ 17 སྔོན།

    ཤ་རུས་ཀྱིས་བཤད་པར་འཐད་པ་ཡོད། གནས་ཚུལ་ག་རེའི་ཐོག་ལའང་བགྲོ་གླེང་བྱེད་ཐུབ་ན་ཡག་པོ་འདུག དཔེར་ན། ལྷ་ཆབ་ཀྱིས་དྲ་རྒྱའི་རིག་གནས་ཟེར་བ་འདྲ་བའི་སྐད་ཆ་ཞིག་འཁྱེར་ནས་སླེབས་སོང་། དྲ་རྒྱའི་རིག་གནས་ཟེར་ན་ཅི་ཞིག་རེད། དེའི་ལེགས་སྐྱོན་ལ་སྤྱི་ཚོགས་གཞན་དང་སྐད་ཡིག་གཞན་ཐོག་གི་རྩོད་གཞི་ཅི་ཞིག་རེད། ང་ཚོས་དེ་དག་ལ་བརྩད་གཅོད་བཏང་བ་བརྒྱུད་ནས་སོ་སོའི་སྤྱི་ཚོགས་ལ་བསམ་ཞིབ་ཀྱིས་བགྲོ་གླེང་བྱེད་ཐུབ་ན་ཡག་པོ་འདུག དྲ་རྒྱའི་རིག་གནས་སྐོར་གྱི་རྩོམ་ཡིག་གནས་ཚུལ་འཛོམས་པོ་དང་རྩོད་པ་ཚ་བོ་དེ་འདྲ་རྒྱུས་སྟོན་བྱེད་རྒྱུ་ཡོད་ན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    གྲོགས་པོ་ལྷ་ཆབ་ལགས། སེམས་འཁྲལ་མ་གནང་ཉིད་ཀྱིས་ང་རང་ལ་བཤད་པའི་སྐད་ཆ་དེའི་གོ་དོན་ངས་ཀྱང་བསམ་བློ་གཏོང་མྱོང་ཡོད། རྒྱུ་མཚན་ལྡན་པའི་སྐད་ཆ་སུས་བཤད་པ་ཡིན་ན་དེ་ནི་ཁས་ལེན་བྱེད་དགོས་དུས། ངས་དེ་ལྟར་ནག་ཉེས་ཁས་ལེན་བྱས་པ་ལས་ང་རང་སྡར་མའི་ངང་ཚུལ་བཟུང་དེ་དྲ་ཚིགས་ནས་བྲོས་འགྲོ་རྒྱུ་དེ་འདྲ་དྲན་མེད་ན་ཡང་། དྲ་གྲོགས་ཚོ་ལ་ཡིག་ནོར་གྱི་འཁང་པའི་ང་རང་གི་ཟིན་བྲིས་དག་ཀློག་འདོད་ཡོད་མེད་ལ་སེམས་བསམ་པའི་སྐད་ཆ་ཞིག་དྲིས་པ་ལས་གང་ཡང་མིན་ཟེར་ནས་གླེང་ན་འགྲིག་གི་ཡོད། ངས་ཁྱེད་རང་གི་གཙོ་བའི་དྲ་གྲོགས་ཡོངས་ཀྱི་ཁ་བརྡ་སེམས་གསོ་དེ་དག་ཡིད་དུ་གཏན་པོར་བཟུང་དེ་ཤུ་རེ་བྱེད་ཁོ་ཐག་ཡིན།

    Reply
  4. lhachapjinpa says:
    ལོ་ 17 སྔོན།

    གྲོགས་པོ་ཤ་ཁྲག་ལགས། བདེ་མོ། ང་ལས་བྲེལ་གྱིས་ཉིན་འགར་དྲ་ཐོག་ལ་ཡོང་ཁོམ་མ་བྱུང༌། དེ་རིང་སླེབས་མ་ཐག་བྲེལ་འཚུབ་ཀྱིས་ཁྱོད་ཀྱི་ཟིན་བྲིས་སུ་འཛུལ་བ་ཡིན། རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག ཡིག་ནོར་གྱི་ཕྱོགས་ལ་གཟབ་གཟབ་བྱས་པའང་ཡག་པོ་འདུག དེ་མིན་མི་ཁ་ཤས་ཀྱིས་ཁྱོད་ལ་སེམས་གསོ་ལྟ་བུ་ཞིག་བྱེད་ཀྱི་འདུག ཡིན་ནའང་ཁྱོད་རང་ཕྱིར་ནུར་རྒྱབ་ཚེ་དེའི་ནག་ཉེས་ང་ལ་བཀལ་མདོག་ཁ་བས། ཁྱོད་ཀྱིས་མུ་མཐུད་དུ་རྩོམ་ཡིག་གང་མང་མང་འབྲི་རོགས།

    Reply
  5. samkhar says:
    ལོ་ 17 སྔོན།

    མི་ལོ་ལྔ་བཅུའི་རིང་གསུམ་བཅུའི་དྲན་ནི་ཁ་སང་འདི་ལྟར་ཕར་ལ་བསྐྱལ་ཅིང་།
    དེ་རིང་ངས་ད་དུང་མི་ཡུལ་དུ་གསུམ་བཅུའི་དུས་དྲན་ཐེངས་ག་ཚོད་བར་སྲུང་བརྩི་བྱེད་དགོས་པ་མི་ཤེས་པར་ལུས་ཏེ་གནས།
    སང་ཉིན་ནས་ང་ཚོས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་རྒྱག་དགོས་ནས་ང་ཚོ་དྲ་གྲོགས་ཚོས་གྲ་སྒྲིག་སྡུག་ས་ནས་རྒྱག་དགོས་པའི་དོན་དེ་གང་ཡིན་ནམ།
    དེའི་ཐོག་དགོངས་ཚུལ་རེ་གསུངས་དང་།

    Reply
  6. sha tak ri sim says:
    ལོ་ 17 སྔོན།

    དངོས་ནས་རེད་འདུག དེ་རིང་དྲ་ཚིགས་བོད་ནང་གི་དེ་དག་གཅིག་ཀྱང་སྒོ་ཕྱེ་ཐུབ་ཀྱི་མི་འདུག ད་ནི་ལྐོག་ལྐོག་སུད་སུད་ཀྱིས་ལས་ངན་ག་རེ་བྱེད་ཀྱི་ཡོད་ན་ང་ཚོས་ཐོས་ཐུབ་ཀྱི་མེད་དོ།

    Reply
  7. tashi says:
    ལོ་ 17 སྔོན།

    དྲ་གྲོགས་ལགས།
    དེ་རིང་བོད་ནང་གི་ཧི་གཟུགས་ཟིན་བྲིས་དང་མཆོད་མེ་གཉིས་ཕལ་ཆེར་བསྒགས་ཟིན་པ་འདྲ། དེའི་སྐོར་གྱི་སྐད་ཆ་གསལ་བོ་རེ་གོ་ཚེ་གླེན་བཤད་གླིང་དུ་སྐད་ཅིག་འཇོག་རོགས་སྐུ་མཁྱེན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese