གཞིས་ལུས་བོད་པ་ལགས། ངས་གླེན་བཤད་བྱེད་ཀྱི་འདུག་ཟེར་ན་འགྲིག་གི ཁྱེད་རང་ལ་རྒྱུས་མེད་ཅིག་བཤད་བཞིན་འདུག བོད་པ་ཚོས་རང་གི་བོད་ཡིག་ལས་བོད་ཡིག་ལ་དང་དོད་བྱེད་བཞིན་པའི་ཆེས་གཉན་འཕྲེང་གི་དུས་ཚོད་འདི་ལ་རང་གི་སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་མེད་པའི་ཐོག་བཀའ་བསྟན་འགྱུར་ཚང་མ་ཕྱི་ཡིག་དུ་སྒྱུར་བར་འདོད་མཁན་དག་ལ་༧གོང་ས་མཆོག་གིས་སྔོན་ཆད་ཞིག་ལ་བཀའ་འདི་འདྲ་ཞིག་གནང་ཡོད། སྤྱིར་བཏང་དེང་སང་མི་མང་བོ་ཞིག་གིས་ནང་ཆོས་ཕྱི་མའི་སྐད་ཡིག་ལ་སྒྱུར་བཞིན་འདུག་པ་དེ་ནི་དོན་དངོས་ཐོག་གཟབ་གཟབ་མ་བྱས་ན་ནོར་འཁྲུལ་ཆེན་པོ་ཡོང་ཉེན་ཡོད་ཅེས་བཀའ་ཕེབས་ཡོད་པ་རེད། ད་དུང་ང་རང་གི་བསམ་ཚུལ་གཙོ་བོ་དེ་ནི་བོད་པ་ཚང་གི་ངོམ་དུ་རུང་བ་ཞིག་ཡོད་པ་ནི་ནང་ཆོས་ཆགས་ཡོད་པ་ལས་གཞན་གང་ཡང་མེད་ཟེར་ནས་བཤད་ཀྱང་མ་ཆོག་པ་མེད། ངོམ་དུ་རུང་བ་ཞིག་ཡོད་པ་དེ་ཡང་ནང་ཆོས་ལ་བྱང་དུ་ཆུབ་མེད་པའི་ལོ་ཙ་བ་མང་བོ་ཞིག་གིས་སྒྱུར་རྒྱུ་ཟེར་ནས་དེ་ནི་དངོས་ནས་དོན་དག་ཆུང་ཆུང་ཞིག་གཏན་ནས་མིན་པ་མ་ཟད། ཉེན་ཁ་ནས་ནང་ཆོས་ལ་ལྟ་སྟངས་ཡག་པོ་ཞིག་བྱུང་མིན་ཐད་དུ་ཡང་ཉེན་ཚབས་བྱུང་སྲིད་པ་མ་ཟད། དཔེར་ན་ང་ཚོས་སྟོང་ཉིད་ཟེར་ནས་མིང་ཚིགས་ཤིག་བེད་སྤྱོད་བྱེད་བཞིན་པ་དེ་ལ་དབྱིན་ཇིའི་སྐད་ནང་དུ་སྒྱུར་བ་ལ་ལས་སླ་བོ་མེད་པ་མངོན་སུམ་མིག་གི་མཐོང་རྒྱུ་ཡོད་པ་དེ་ཡིན། ཁོང་ཚོས་སྟོང་ཉིད་སྒྱུར་བ་ལ་ཅི་ཡང་མེད་དབྱིན་སྐད་ནས་nothing ཟེར་ནས་སྒྱུར་ཡོད་པ་ལྟ་བུ་རེད། དེ་གཅིག་བྱས། གཉིས་པ་དེ་ནི་བོད་པ་ཚང་གི་བོད་མི་དག་གིས་ནང་སྒྱུར་གཙོ་བོ་མི་བྱེད་པར་རང་གི་སྐད་ཡིག་གི་ནང་དུ་ཡོད་པའི་ངོམ་དུ་རུང་བ་དག་ཕྱི་ལ་སྒྱུར་ཅི་ཐུབ་བྱེད་ཀྱི་ཡོད་པ་དེ་རེད། དེ་ནི་དེ་ལས་ཀྱང་ཉེན་ཁ་ཞིག་ཡིན་ཟེར་ན་འདོད་པ་ནི་སྐད་ཡིག་གི་བཙན་འཛུལ་ཟེར་བ་དེ་རེད། སྐད་ཡིག་གི་བཙན་འཛུལ་བོད་དུ་ཐེབས་ཉིན་བོད་པ་ཚང་གི་སྐད་ཡིག་ཕྱུག་ཙམ་ཞིག་གླེང་དུ་ཆགས་པ་དེ་ཉིད་མེད་པོ་བཟོ་ངེས་ཡིན། དེ་ལྟར་བཟོས་ཉིན་བོད་པ་ཚང་གི་སྐད་ཡིག་ལ་གོ་གནས་མེད་པར་འགྱུར་འགྲོ་བ་དང་ལྷན་དུ་བོད་པ་ཚང་གི་སྐད་ཡིག་ལ་བོད་པ་རང་གིས་ཀྱང་མཐོང་མེད་པ་ཞིག་ཆགས་སྲིད་པ་ཡིན། དེ་ནི་རྒྱ་གར་ལ་དབྱིན་ཡིག་གི་བཙན་འཛུལ་ཐེབས་ཡོད་པ་ལྟར་ཆགས་ངེས་ཡིན། དེང་སང་རྒྱ་གར་ནི་རང་བཙན་གྱི་རྒྱལ་ཡིན་པ་མ་ཟད། རྒྱ་གར་གྱི་སྐད་ཡིག་ནི་བོད་ཡིག་ལས་ཀྱང་ཕྱུག་པོ་ཡིན་ཟེར་ནས་བཤད་ཀྱང་འགལ་བ་གཏན་ནས་མེད་ན་ཡང་། ད་ལྟའི་འཆར་ཐ་ན་སྙན་ཞུ་ཞིག་བྲིས་ཀྱང་དབྱིན་ཡིག་གི་འབྲི་བཞིན་ཡོད་པའི་རྒྱ་གར་ཚང་ལྟ་བུ་ཆགས་པ་ཡིན་ན། ང་ཚོས་ད་ལྟ་ཤི་འཐམ་རོ་འཐམ་བྱས་དེ་འབྲི་བཞིན་པའི་བོད་ཡིག་འདིས་ཚབ་དུ་ཡང་དབྱིན་ཡིག་འབྲི་དགོས་པ་ཆགས་ཉིན་བོད་པ་ཚང་ཚད་ག་འདྲ་ཞིག་དུ་འགྱུར་ངེས་རེད། ལྷག་པར་དུ་བོད་པ་ཚང་གི་སྐད་ཡིག་སྤྱོང་མཁན་གྱི་ཕྱི་གླིང་བ་མི་ཉུང་བ་ཞིག་གིས་ཀྱང་གཙོ་བོ་ནང་ཆོས་ཤེས་པ་ལས་བོད་ཡིག་མེད་དུ་མི་རུང་བར་བསམ་ནས་སྤྱོང་བཞིན་ཡོད་པ་ལས། བོད་ཡིག་གི་སྟེང་ནས་འཛམ་གླིང་གི་ཤེས་བྱ་གཞན་དག་ཤེས་འདོད་ཀྱི་སྤྱོང་བཞིན་མེད་པ་རེད། འདི་ལྟར་བསམ་བློ་བཏང་ནས་སོང་དུས་རྒྱ་ནག་གི་བཙན་འཛུལ་བོད་ལ་ཐེབས་པ་ལས་དབྱིན་ཡིག་གི་བཙན་འཛུལ་བོད་མིའི་ཁྲོད་དུ་ཐེབས་པ་སྡུག་པ་རེད་ཅེས་བཤད་ཆོག་པ་རེད། གལ་ཏེ་འདི་ཙམ་གྱིས་ཀྱང་གཞིས་ལུས་བོད་པ་ཁྱེད་རང་གི་ངས་བཤད་འདོད་པའི་སྐད་ཆའི་གོ་བ་མ་ལོན་པ་ཡིན་ན་ནི། ངེད་གཉིས་ཀྱིས་ག་ལེར་གླེང་མོལ་བྱས་ན་མ་འགྲིག་པ་ཅི་ཡང་མེད། སྐུ་ཉིད་ལ་འདོད་བློ་གང་ཡོད་པ་དེ་ལྟར་དུ་ལན་འདེབས་གསལ་བོ་ཞིག་བྱོས་དང་། ངས་ཀྱང་རང་གི་གང་ཤེས་ཚོད་ཀྱི་སྐུ་ཉིད་གཙོ་བའི་བོད་ཡིག་ལས་གཞན་ཡིག་ལ་ཡི་རུང་བྱེད་མཁན་དག་ལ་གླེང་མོལ་མཐར་བྱིན་པ་ཞིག་བྱེད་ཆོག དེ་ལྟར་རེད། ད་དུང་མིག་དཔེ་ལྟ་ས་དང་ཉམ་མྱོང་ལེན་ས་དེ་ལས་ཀྱང་མང་བོ་ཞིག་ཡོད་པ་རེད། ཁྱེད་རང་གིས་ཀྱང་སྐད་ཆ་ཞིབ་མོ་ཞིག་དང་གནས་ལུགས་ཡོད་པ་ཞིག་གསུང་རོགས་ཞུ། དེ་མིན་ང་རང་གིས་རིན་ཡོད་མེད་དེ་ནི་སྒོར་མོའི་གོང་ཚད་ནས་གཏན་ནས་བཤད་ཀྱི་མེད། མི་རིགས་ཤིག་གི་འཆི་གསོན་གྱི་གནད་འགག་ལ་བསམ་བློ་མི་གཏོང་བར་གནས་སྐབས་ཀྱི་ཁེ་ཕན་གཉེར་མཁན་གྱི་མི་རིགས་ཀྱི་ཞབས་འདྲེན་པ་དག་གིས་བྱེད་སྟངས་ལ་ཚུགས་པ་ཟ་ནས་བཤད་ཀྱི་ཡོད་པ་ལས་ནང་ཆོས་འཛམ་གླིང་མི་མང་གིས་སྤྱོང་ཐུབ་སོང་བ་ཡིན་ན་ཡག་པོ་མེད་པར་འདོད་པ་ཞིག་ང་རང་གི་སེམས་རྒྱུད་དུ་གཏན་ནས་མེད་དོ།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
དྲ་གྲོགས་འཁྱམས་པོ་ལགས། ངས་ཉིད་ཀྱིས་སྐད་ཆ་དེའི་ནང་དོན་གོ་མ་སོང་། ཁྱེད་ཀྱིས་གསལ་བཤད་ཐུང་ཐུང་ཞིག་བྲིས་པ་ཡིན་ན་ག་འདྲ་འདུག
འདི་ལྟར་བཤད་ན་ང་ཚོས་རིག་གཞུང་ལ་གཏོར་བླགས་བྱེད་མཁན་དེ་རྒྱ་ནག་ངོས་དང་ཤུགས་ནས་ད་དུང་ཁེ་ཕན་ཞེས་པ་དེ་ཡང་སླེབས་འདུག་ག
དྲ་གྲོགས་བློ་བཟང་མཁྱེན་བརྩེ་ལགས། ཉིད་ཀྱིས་གསལ་བཤད་གནང་བ་ཐུགས་རྗེ་ཆེ། ཡིན་ཡང་། ང་རང་གིས་ཉིད་ཀྱིས་སྐད་ཆ་དེ་དག་རྐང་བཙུགས་དེ་ང་རང་ལ་འཕྱ་དམོད་བྱས་པ་སོགས་ལ་ངོས་འཛིན་བྱེད་ཀྱི་མེད་ལ། སྐུ་ཉིད་ཀྱིས་གང་འདོད་དུ་བཤད་པ་ཞིག་ལ་དེ་བས་ཀྱང་ངོས་འཛིན་བྱེད་ཀྱི་མེད། གནས་ལུགས་ཡོད་པའི་སྐད་ཆ་སུ་ལ་ཡོད་ན་དེ་ལ་ངས་གུས་བརྩི་བྱེད་ཀྱི་ཡོད། རྗེས་སུ་ཁོམ་ལོང་ཡོད་དུས་ཡང་ཡང་གླེང་མོལ་བྱེད་དུ་ཕེབས་པར་དགའ་བསུ་ཡོད།
དྲ་གྲོགས་བོད་ཤ་ཁྲག་རིས་གསུམ་ལགས། ངས་དྲ་ཐོག་ཏུ་བསམ་ཚུལ་རེ་སྤེལ་སྐབས་ཡི་གེ་ཚང་མ་བོར་ཌི་word་ཐོག་རྒྱག་གིན་ཡོད། དེ་མིན་ངའི་ཀློག་ཀླད་ལས་ཡི་གེ་ཚང་མ་ཐོར་འགྲོ་གི་འདུག་པས་ཤོག་ངོས་གཅིག་གི་ཐོག་ཏུ་གཏགས་རྗེས་འདྲ་བཤུས་བྱས་ཏེ། དྲ་ལམ་དུ་གཏོང་གིན་ཡོད། དེ་བས་མེ་འོད་དང་ཁྱེད་གཉིས་ལ་བྲིས་པའི་བསམ་ཚུལ་མཉམ་དུ་འདྲ་བཤུས་ཀྱིས་ཉིད་ཀྱི་མཆན་བུ་རུ་བཏང་ནོར་ཤོར་བ་རེད། བོད་ནང་གི་རྩོམ་པ་པོ་ཚོའི་རྩོམ་ཡིག་གི་ནང་དོན་སྐོར་ང་ཚོས་འདི་ནས་གསལ་འགྲེལ་མང་པོ་མ་བྱས་ན་བཟང་སྙམ། དངོས་ནས་ཁོ་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་ངས་དངོས་སུ་ཤེས་རྟོགས་བྱུང༌།
“རྩོད་པ་བྱེད་ཀྱི་མི་འདུག”ཅེས་པ་ནས་ཁྱེད་དང་དྲ་གྲོགས་ནམ་མཁའ་བསྟན་འཛིན་གཉིས་ལ་བྲིས་པ་ཡིན། སྟོང་ཉིད་ལ་nothing དང་Emptiness གང་ཟེར་དེང་སེང་རྩོད་མེད་ཡོངས་གྲངས་རེད། རྗེ་ཡབ་སྲས་ལ་there brother of Zonkapaཟེར་བ་དང༌། Father and Son་ཟེར་བ་སོགས་ཀྱང་སྔ་མོའི་སྐད་ཆ་རེད།
བོད་ནང་གི་དྲ་རྒྱའི་སྐོར་ལ་ཁོང་དྲ་བ་དོ་དམ་པས་གསུངས་པ་བཞིན། “མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་རྩོམ་ཡིག་འདྲ་མིོན་མི་སྤེལ་རྒྱུ་དང༌། དེ་ལྟར་བྱས་ཏེ་དྲ་བ་སྒོ་རྒྱག་དགོས་བྱུང་ཚེ་འགན་ཚང་མ་མི་དེས་འཁུར་དགོས་”པ་སོགས་བོད་ནང་གི་མཆོད་མེ་དྲ་བ་སོགས་ན་བཀོད་འདུག་པས་དེས་འཐུས་པར་བྱ། གཞན་ངས་ནི་ཁྱོད་རང་མཁས་མིན་སོགས་གླེང་གིན་མེད་ལ། གླེང་དོན་ཡང་མེད་དེ། དྲ་གྲོགས་ཚོར་ཁྱེད་ཀྱི་བསམ་ཚུལ་ཡང་པོ་སྤེལ་འདུག་སོགས་ཀྱི་སྐད་ཆ་ལས། ཁྱེད་རང་མཁས་པ་རེད་དང་མ་རེད་ཀྱི་སྐད་ཆ་ང་ལ་བཤད་འདོད་མེད་དེ། བསམ་ཚུལ་ཐུང་ངུ་རེ་དང་གཞན་ལ་ཁབ་གཙག་འབུག་གཙག་རེ་བྱས་པས་མཁས་པར་ནམ་ཡང་རྩི་མི་སྲིད།
ཡང་སྐུ་ཉིད་ཀྱིས གཞན་གྱིས་ང་ལ་སློབ་གསོ་བཏང་སོང་དང་ང་ལ་བསླབ་བྱ་བརྒྱབས་སོང་མི་དགོངས་པར་བློ་དཀྱེལ་ཡངས་པོས་དྲ་གྲོགས་ཚོ་དང་ལྷན་དུ་བསམ་ཚུལ་བརྗེ་རེས་དང་གཅིོག་གིས་གཅིག་ལ་ཚིག་མཚོན་གྱི་རྣམ་པ་ཕྲ་མོ་ཙམ་མིོ་སྟོན་རྒྱུ་ངའི་རེ་བ་ཡིན། ངས་ནི་དོནམེད་ཀྱིས་ཆ་མེད་ལ་ཁ་རྩོད་ཚིག་གཅིག་ཀྱང་ཞུ་འདོད་མེད་པས་ཉིས་ཀྱིས་དོགས་པ་མ་གནང་རོགས། མཇལ་ཡོང༌།
ཨོ་རེད། ད་དུང་བློ་བཟང་མཁྱེན་བརྩེ་ལགས་ཉིད་ཀྱིས་མཁྱེན་དགོས་པ་ཞིག་ཡོད་པ་ནི་དེང་སང་མི་ཁ་ཤས་ཀྱི་རྗེ་ཡབ་སྲས་གསུམ་ལ་there brother of zonkapa ཟེར་ནས་འབོད་མཁན་ཡོད་པ་དེར་སྐུ་ཉིད་ཀྱིས་ག་རེ་དྲན་གྱི་ཡོད་དམ།
དྲ་གྲོགས་བློ་བཟང་མཁྱེན་བརྩེ་ལགས། དང་བོ་ཁྱེད་རང་གིས་ང་རང་ལ་མེ་འོད་ཟེར་ནས་བོས་པ་དང་ནོར་འདུག་ལ། གཉིས་པ་ཁྱེད་རང་གི་ངས་བཤད་བཞིན་པའི་སྐད་ཆའི་ནང་དོན་དངོས་དེ་ཤེས་མི་འདུག ཡིན་ཡང་། སྐྱོན་མི་འདུག་མོད། འོན་ཀྱང་། ཉིད་ཀྱིས་ང་རང་གིས་མཁས་འདོག་སྟོན་གྱི་འདུག་ཟེར་ན་དེ་ནི་དེ་ལས་ཀྱང་ནོར་བ་རེད། ང་རང་གིས་ནམ་ཡང་མཁས་འདོག་སྟོན་འདོད་ཀྱི་བསམ་བློ་སྐྱེ་མ་མྱོང་བ་མ་ཟད། ང་རང་མཁས་པ་ཞིག་དེ་བས་ཀྱང་མིན། ད་དུང་སྐུ་ཉིད་ཀྱིས་བོད་ནང་གི་དྲ་ཚིགས་དག་གི་གནད་དོན་ཐད་སེམས་འཁུར་བྱས་པ་དེ་ནི་དངོས་ནས་ཡག་པོ་རེད་མོད། ཡིན་ཡང་། བོད་ནང་གི་དྲ་ཚིགས་དག་གི་རེ་བ་དེ་ཡང་གཙོ་བོ་བོད་ཡིག་ལ་སྐད་ཡིག་གཞན་གྱིས་བཙན་འཛུལ་མི་ཐེབས་པའི་ཆེད་དུ་ཧུར་ཐག་འབད་ཐག་གནང་བཞིན་ཡོད་པ་ལས་སྐུ་ཉིད་ཀྱིས་གསུང་བ་དེ་འདྲ་ཙམ་ཞིག་གནད་དོན་ཆགས་མེད་པ་རེད་ཅེས་ལན་འདེབས་དགོས་བྱུང་བ་དེར་མ་འགྲིག་མ་འཐུས་ས་ཡོད་ན་གསུང་ལན་གནང་ན་འགྲིག་གི་རེད། དགའ་བསུ་ཡོད། ང་རང་དངོས་ནས་མཁས་པ་ཞིག་གཏན་ནས་མིན། དེ་སྐུ་ཉིད་ཀྱིས་ཐུགས་ལ་འཛིན་རོགས་ཞུ།
མེ་འོད་ལགས། སྙན་ངག་ཡིན་ན་འདི་གཞན་(བོད་བཞུགས་རྩོམ་པ་པོ)ཞིག་གིས་བྲིས་པ་ཡིན་ན། ཁྱེད་ཀྱིས་མཁས་མདོག་གིས་གསལ་འགྲེལ་མ་བྱེད་རོགས། དེ་ལྟར་ན་མི་ལ་གནོད་སྐྱལ་རྒྱུ་རེད། སྔོན་མའང་ཧོར་གཙང་ལེགས་བཤད་ལྟ་བུས་འདི་འདྲ་བྱས་མྱོང་ཡོད་པ་རེད། དཔེར་ན་མཆོད་མེ་དྲ་རྒྱ་སྒོ་རྒྱག་དགོས་དོན་ལྟ་བུ་གཅིག་མཚུངས་རེད།རྩོད་པ་བྱེད་ཀྱི་མི་འདུག སྟོང་ཉིད་ལ་Emptiness ཟེར་བ་ལས་nothing ཟེར་མཁན་མེད་པའམ་ཡོད་ཀྱང་ཧ་ཅང་ཉུང་གི་འདོད་ཀི་ དེང་སེང་ཕྱི་གླིང་བ་ནང་ཆོས་སྦྱོང་མཁན་ཚོས་སྟོད་ཉིད་ལ་Emptiness་ཁ་གཅིག་གྲགས་ལྟ་བུ་རེད། མ་དག་པ་རེ་ཟུང་ཡོད་པ་ནི་མི་ཤེས་མཁན་ཚོས་བཤད་པ་རེད། དཔེར་ན། རྗེ་ཡབ་སྲས་ལ་father and sonཞེས་སྐད་སྒྱུར་བྱས་མྱོང་ཡོད་དེང་སེང་ཀ་དཔེ་ཆགས་བསྡད་འདུག་ག ཁ་ནས་དྲ་གྲོགས་ཡིན་ཟེར་བཞིན་ཚིགས་ཅུང་ཙམ་ཡང་ཁོག་ལ་མི་ཤོང་ཅི་ཡིན་ནམ། བློ་བསྐྱེད་ཡངས་པོས་བརྗེ་ལེན་གནང་རོགས།
དྲ་གྲོགས་ལགས་ཁྱེད་རང་གི་མ་མཐོང་བ་དེ་ཙམ་གྱིས་མེད་པ་ཞིག་དུ་དྲངས་ཐུབ་མེད་པ་མ་ཟད། ཁྱེད་རང་གིས་མ་ཤེས་པ་དེ་ཙམ་གྱིས་མི་གཞན་གྱིས་མི་ཤེས་པ་ཞིག་དུ་འགྱུར་མི་དགོས་སོ། དེ་འདྲ་ཞིག་མ་རེད་དམ། དྲ་གྲོགས་ལགས། སྐད་ཆ་བཤད་སྟངས་ལ་ཅུང་ཙམ་འགྲིག་གི་མི་འདུག་འདྲ་སྙམ་ན་ཐད་ཀར་ལན་འདེབས་གནང་ན་འགྲིག་གི་རེད། དེ་མིན་ཁྱེད་རང་གི་ལམ་སྟོན་གནང་བ་དེ་ལ་ཡང་ངས་བརྩི་འཇོག་བྱེད་ཆོག ཡིན་ཡང་། ཁྱེད་རང་གིས་མོས་མཐུན་ཡོད་པ་ལས་མིང་ཚིགས་གཅིག་གི་གནད་དོན་འཁྱེར་ནས་ཡོང་དེ་ང་རང་ལ་མཐོང་མ་སོང་ཟེར་བ་དེ་ནི་དངོས་ནས་དགོད་སྤྲོ་བོ་རང་རེད། ཧཧཧཧཧཧཧ
དྲ་གྲོགས་ཤ་ཁྲག་ལགས། སྤྱིར་ཁྱེད་ཀྱི་བསམ་ཚུལ་འདི་ལ་མོས་མཐུན་ཡོད། འོན་ཀྱང་སྟོང་ཉིད་ལ་emptiness ལས་nothing ཟེར་བ་ཞིག་མཐོང་མ་སོང་།