མྱི་ང་ཚོ ཐག་རིང་གི་རྒྱལ་ཁམས་མཐོང་བར་མིག་ཡོད
མྱི་ང་ཚོ ཐག་ཉེ་ནས་རང་གི་གྲུབ་གཟུགས་ཀྱང་མི་མཐོང་
མྱི་ང་ཚོ ད་དུང་མང་བོ་མང་བོ་ཞིག་བཤད་དེ་འོང་དུས་ཁ་སྤོབས་ཆེ
མྱི་ང་ཚོ ཉུང་ཉུང་ཞིག་རང་སྟེང་དུ་སླེབས་དུས་ཁ་རོག་གེར
ཨ་ཨ་ མྱི་ང་ཚོ་གཞན་ཐོག་ལ་ཁ་ཆེ རང་ཐོག་ལ་་་་
རེད་ཡ་་ མྱི་ང་ཚོ སྐྱེ་བ་ནས་རང་རྩིས་ལས་གཞན་རྩིས་མེད
མྱི་ང་ཚོ ཧམ་སེམས་ཀྱིས་གཡོ་འོག་ནས་ཐར་མྱོང་མེད
མྱི་ང་ཚོ རང་དོན་ཙམ་ཡང་འགྲུབ་མེད་པར ད་དུང་
མྱི་ང་ཚོ རང་ས་ཙམ་ཡང་སྲུང་མྱོང་མེད
མྱི་ང་ཚོ རང་གི་ཕ་མ་ལ་ཡང་གུས་ཞེན་བྱེད་ལུགས་ནོར་ཡོད
མྱི་ང་ཚོ དོན་དམ་པའི་གང་ཡང་མེད་པའི་སློང་མོ་བ་ཁྱུ་གཅིག
མྱི་ང་ཚོ རང་གི་སྐད་ཡིག་ལ་ཡང་བྱང་གོམ་ཞན་པའི་སྡར་མ་ཞེ་གཅིག
མྱི་ང་ཚོ འཕྱ་དམོད་དང་འཁོན་སེམས་ལ་གོམ་པའི་བླུན་པོ་བསྐོར་ཞིག
དོན་དངོས་ཐོག མྱི་ང་ཚོ་གང་ཡང་མ་རེད གང་ཡང་ཤེས་ཀྱི་མི་འདུག
ཐ་ན་རང་རིགས་ཀྱི་མི་ངོ་ཙམ་ཟིན་གྱི་མེད
ཨ་རིག་དགེ་མཐོང་ལགས་ཀྱིས་མྱི་འདི་ཚོ་ཟེར་ནས་བྲིས་པ་དེ་བཀླགས་རྗེས་སུ། ཤར་མར་ང་རང་གིས་འདི་ལྟར་བྲིས་པ་ཡིན། འོན་ཀྱང་། ང་རང་གིས་འདི་ལྟར་བྲིས་པ་དེ་ནི་བཟང་ངན་གང་ཡིན་དང་ཡག་བཙོག་གང་ཡིན་སོགས་ཁྱེད་ཅག་གིས་དབང་ཚད་བེད་སྤྱོད་བྱེད་རྒྱུ་ལས་ངས་ཁ་གཅིག་ཀྱང་མི་གྲགས་ཟེར་ནས་བཤད་ཐུབ་མེད་ཀྱང་། བསམ་ཚུལ་འབྲི་བ་དེ་ཡང་ལྷག་བསམ་རྣམ་དག་གིས་འབྲི་ངེས་ཡིན།
ཝ་ཡེ་ཁྱོད་ཤ་ཁྲག་རུས་གསུམ་ཅི་ལྟར་ཡིན།
མྱི་ང་ཚོ ཁ་ནང་དུ་བསྐོར་ན་ཤེས་རྒྱ་ཆེ
མྱི་ང་ཚོ ཁ་རྒྱ་ལ་བསྐོར་དུས་ལྐུགས་པ་ཡིན
མྱི་ང་ཚོ རང་སྤུན་ཟླའི་བར་ལ་འཁོན་སེམས་ལྕི
མྱི་ང་ཚོ དགྲ་དམར་པོ་རིག་ན་སྙིང་རྩ་འདར
མྱི་ང་ཚོ་་་་་་་་་་་་་་་
མྱ་འདི་ཚོས་་་་རང་ཡུལ་མི་ཤེས་ཀྱང་ལྷ་ཡུལ་ཤེས
མྱི་འདི་ཚོས་་་རང་མྱི་མི་ཤེས་ཀྱང་ལྷ་མྱི་ཤེས
མྱི་འདི་ཚོས་་་རང་སེམས་མི་ཤེས་ཀྱང་གཞན་སེམས་ཤེས
མྱི་འདི་ཚོས་་་ཨ་མ་མ་ཤེས་ཀྱང་མཛེས་མ་ཤེས
མྱི་འདི་ཚོས་་་
མྱི་ང་ཚོ ཤེས་སྲིད་པ་ནས་བརྗེད་འགྲོ་བའི་ལམ་བར་དུ
མྱི་ང་ཚོ ཐོབ་ཆོག་པ་མང་བོ་ཞིག་ལག་ནས་ཤོར
མྱི་ང་ཚོ མ་ཤེས་པའི་གནས་ལུགས་གྲངས་མེད་ཅིག་གིས་རྨོངས་སུ་བཅུགས
མྱི་ང་ཚོ ཕྱི་ནང་བར་གསུམ་དུ་བྲན་གཡོག་ལྟ་བའི་དངོས་རྫས་ཤིག་དང་འདྲ་བར
མྱི་ང་ཚོ དགོད་ཤེས་པ་ནས་ངུས་མྱོང་བ་གསང་རྒྱུར་གོམ
མྱི་ང་ཚོ་་་་་་་་་་་་་་་་་་་་་་་་་་་
མྱི་འདི་ཚོས་ས་སྐུར་གསེར་ཁང་བཞེངས་ནས་སློབ་ཁང་བོར།
མྱི་འདི་ཚོས་དག་ཞིང་རྨི་ལམ་དུ་བཞེངས་ནས་རང་ཡུལ་ཤོར།
མྱི་འདི་ཚོས་ཁྱིམ་ཚང་གི་མགྲོན་པོ་བསྒོམས་ནས་རང་གི་གཞིས་ཀ་བརླག
འོན་ཀྱང་རང་སྐྱོན་ངོས་ཟིན་ན། དེ་གས་འགྲིགས།
མྱི་འདི་ཚོ་ལྷ་ཡུལ་ལ་འགྲོ་མྱོང་མེད་ཀྱང་ལྷའི་ཡུལ་ལྗོངས་འབྲི
མྱི་འདི་ཚོ་དམྱལ་བ་ལ་འགྲོ་མྱོང་མེད་ཀྱང་དམྱལ་བའི་མནར་གཅོད་དྲངས
མྱི་འདི་ཚོས་རང་ཉིད་ཀྱང་ངོ་མི་ཤེས་བར་གཞན་གྱི་སེམས་ཁམས་རྟོགས
མྱི་འདི་ཚོ་རང་ཉིད་མི་ཤེས་བའི་ཐམས་ཅད་མཁྱེན་པ་ཏག་ཏག
མྱི་འདི་ཚོ་་་་་་