གནམ་ས་གཏིང་འོག་འགུལ་བའི་ཚིགས་རིས་ཤིག།
གླུ་ངག་བྲང་ནས་བཞུར་བའི་མེ་ཏོག་ཞིག།
སེམས་པ་ཕར་ལ་གཏད་པའི་གཞས་ཆུང་ཅིག།
མུ་མེད་དབྱིངས་སུ་འཐེན་པའི་དབྱངས་རྟ་ཞིག།
ཉན་ན་ཡིད་དབང་འཕྲོག་པའི་སྐད་བསྐུར་དེ།།
རྒྱང་རིང་རྒྱང་རིང་ཞིག་གི་ཡུལ་ལྗོངས་སུ།།
རང་དབང་ཏུལ་ཙམ་མེད་པའི་གླིང་ཕྲན་ནས།།
རིགས་ཞེན་སེམས་པ་འབར་བའི་མི་རིགས་པ།།
གངས་ཅན་བོད་མིའི་རུས་ཁོང་བཙན་པོ་བས།།
བྱེས་སུ་འཚོ་བའི་སྐུ་ཉིད་མཆོག་ལ་སྤྲིངས།།
མཆོག་ཉིད་གཙོ་བའི་རིགས་གཅིག་སྤུན་ཟླ་ཚོས།།
མཐོང་ཐོས་ཉན་གསུམ་བར་ནས་སེམས་པ་བཟི།།
བཟི་བོའི་ངག་གིས་འདར་འདར་བྱེད་ཞོར་དུ།།
གཞིས་བཞུགས་སྤུན་ཟླ་དག་གིས་སྙིང་སྟོབས་བསྔགས།།
དེང་སང་བོད་ནང་ནས་གླུ་གཅིག་བླངས་ཀྱང་བོད་མིའི་སྐྱིད་སྡུག་རེད། བོད་ནས་སྐད་གཅིག་སླེབས་ཀྱང་བོད་མིའི་སྐྱིད་སྡུག་རེད། བོད་ནས་མི་ཞིག་འབྱོར་ཡང་བོད་མིའི་བདེ་སྡུག་ཆེད་དུ་རེད། ཡིན་ཡང་ང་ཚོ་བྱེས་པ་དག་གིས་གང་བྱེད་ཀྱི་ཡོད་དམ་སྙམ་ཞོར་དུ་སེམས་བསམ་པའི་གཞིས་བཞུགས་བོད་མིའི་སྙིང་སྟོབས་རྗེས་སུ་དྲན་བཞིན་དུ་ཤར་མང་བོད་ནས་སླེབས་པའི་གླུ་སྐད་ཞེས་པ་འདི་ཤར་མར་དྲ་ཐོག་ནས་བྲིས་པ་ཡིན།
དྲ་གྲོགས་མདོ་ལའི་འཁྱམས་པོ་ལགས། ངེད་ཅག་བོད་པ་ཚང་གི་གཞོན་རབས་ཤིག་ཡིན་ལ། ངེད་ཅག་གིས་རང་རང་གི་ནུས་པའི་བྱ་བ་ཆེ་མ་ཆུང་གསུམ་ང་དང་བཅས་པའི་བོད་མི་ཡོངས་ཀྱིས་བྱེད་ཀྱི་ཡོད་ངེས་པ་ཡིན་ལ། ལྷག་པར་དུ་དྲ་ཐོག་འདི་ན་ཡོད་པའི་སྤུན་ཟླ་ཚང་མ་བོད་ཞེན་ཡོད་མཁན་ཤ་སྟག་རེད། དེའི་ནང་དུ་སྐུ་ཉིད་ཀྱང་འཚུད་ཡོད་པ་རེད། ངེད་ཅག་གིས་ཤུ་རེ་བྱེད། མི་རབས་འདིས་རྨོངས་བློའི་དྲི་མ་དེ་དག་སེལ་ཐབས་སུ་ཕྱོགས་རུས་ཕྲག་དོག་ནང་ཁུལ་དུ་མེད་པའི་སྒོ་ནས་འབད་བརྩོན་བྱེད་ཡ
ཤ་ཁྲག་རུས་གསུམ་ལགས།
ཁྱེད་ཀྱི་མདུན་བསྐྱོད་ཀྱི་འདུན་པ་དེར་ཡིད་སྨོན་ཤོར། ཁྱོའི་སེམས་ཤུགས་དེ་བོད་མི་ཡོངས་ལ་ཡོད་ཚེ། ང་ཚོ་འདི་ལྟར་གཉིད་ནས་འདུག་མི་དགོས་པ་ཐག་ཆོད་རེད།
མཛངས་མའམ་མཛེས་མ་དེ་དག་གི་གཟུགས་བྱད་ངོམ་ས་ནས་ཧད་དེ་བསྡོད་དང་བོད་དོན་ཞིག་བཤད་བཞིན་ཡོད་ཚོད་རེད། རྐང་རྩེད་སྤོ་ལོ་འགྲན་ས་ནས་གཟིགས་མོ་གཟིགས་བཞིན་བཞུགས་དང་རྒྱལ་ཁ་ཞིག་ཐོབ་སྲིད་པ་རེད། གླུ་དང་ཞབས་བྲོ་འཁྲབ་ས་ནས་གནམ་མཆོང་ས་མཆོང་བྱོས་དང་ལུས་རྩལ་ཞིག་འབྱོར་ངེས་རེད། སྐྱིད་དེ་ཚོ་བོད་པ་བྱེས་པ་ཚང་མས་ལོངས་སྤྱོད་ཅིག་ལོས་ཡིན། རེད་དེ། བོད་ནང་གི་བོད་མིའི་སྐྱིད་སྡུག་ལ་ཁ་ཡ་བྱེད་རྒྱུ་བརྗེད་མི་་བརྗེད་ནི་རང་ཉིད་ཀྱིས་བོད་མི་ལ་འགན་འཁུར་ཡོད་པའི་བསམ་བློ་ཡོད་མེད་དེ་ནས་འགོ་བཙུགས་པ་ཞིག་ལོས་ཡིན་སྙམ་བཞིན་ཡོད།
ང་ཚོ་བྱེས་པ་དག་གིས་
མཛངས་མ་འགྲན་བསྡུར་བྱེད་གི་ཡོད། རྐང་རྩེད་འགྲན་བསྡུར་བྱེད་གི་ཡོད། སྤྲོ་སྐྱིད་གཏོང་གི་ཕེབས་གི་ཡོད། གླུ་དང་ཞབས་བྲོ་འཁྲབ་གི་ཡོད། ལྟད་མོ་སྣ་ཚོགས་འདི་ན་འདུག་ འདི་ལས་སྐྱིད་ཅིག་གང་ན་ཡོད།