གནས་ ལུགས་བཤད་བཞིན་ཡོད་ཟེར། མི་རིགས་བསམ་བཞིན་ཡོད་ཟེར། བོད་ཀྱི་འཆི་གསོན་གླེང་བཞིན་ཡོད་ཟེར། དེས་ན་རྣ་བའི་གོ་ན་རྣ་བ་གཟེར་བྱུང་སེམས་ལ་བསམ་ན་ཟུག་གཟེར་རྒྱག་པའི་སྐད་ཆ་ འདི་འདྲ་བཤད་འཕོད་མཁན་ནི་བོད་པ་ཡིན་ནམ། དམིགས་གསལ་གྱིས་དྲང་བདེན་བཤད་ཤེས་མཁན་ཞིག་གིས་བྱེད་སྟངས་ཡིན་ནམ་ཅི། ལྷག་པར་ཏུ་༧གོང་ས་མཆོག་གིས་ཀྱང་འདི་ལྟར་གསུང་མྱོང་ཡོད། གལ་ཏེ་ང་ལ་སྐྱོན་ཡོད་ན་ཐད་ཀར་བཤད་དགོས་ངེད་ཅག་གིས་དེ་ལ་འགྱུར་བ་གཏོང་དགོས་ པ་དེ་འདྲ་ཡོད་ན་བཏང་ན་འགྲིག་གི་རེད་ཅེས་གསུང་ཡོད་པ་རེད། འོན་ཀྱང་། ངེད་ཅག་གིས་གནས་ལུགས་དང་རྒྱུ་མཚན་དང་ཡོངས་སུ་འགལ་བའི་༧གོང་ས་མཆོག་གི་སྐྱོན་ ཞིག་ནམ་ཡང་བཙལ་ཀྱང་རྙེད་རྒྱུ་ཕར་ཞོག་རྨི་ལམ་ཏུ་ཡང་ཤར་གྱི་མེད་པ་ཞིག་དེ་རིང་ སྐུ་ཉིད་ནས་།འདི་དག་གིས༸གོང་ས་མཆོག་གི་རྐུབས་ལྡག་སྟེ་སྤྲུལ་སྐུ་དེ་ལ་དགག་ རྒྱག་བྱེད་ཀྱིན་འདུག། འདི་འདྲ་བཤད་དེ་འོང་དུས་དངོས་ནས་བོད་ནང་གི་གཞོན་སྐྱེས་ཤེས་ཡོན་ཅན་དང་དོགས་ སློང་ལ་དཔྱོད་པར་མཁས་པ་ཡིན་ཟེར་མཁན་དེ་དག་ཡང་མི་རིགས་ཤིག་ལ་ཤ་ཚ་ཡོད་མཁན་དང་ སྐད་ཡིག་གཅིག་གི་འཚོ་གནས་ལ་བསམ་བློ་གཏོང་མཁན། མི་རིགས་ཤིག་འཆི་གསོན་ལ་བསམ་བློ་གཏོང་ཤེས་མཁན་ཡིན་པར་བསྒྲགས་མཁན་དེ་དག་ཡང་ ད་ནི་རྒྱའི་དུག་ཆུ་འཐུང་ནས་ལུས་སྟེང་དུག་གྲིབ་འཕོག་ཡོད་མཁན་ཞིག་ལས་མི་རིགས་ རིང་ལུགས་ཀྱི་ལྟ་བ་ལ་གཅེས་འཛིན་བྱེད་མཁན་ཞིག་མིན་པ་གསལ་ལེར་མངོན་ཏེ་འོང་ དུས། འཛམ་གླིང་འདི་ན་ཡང་དཀོན་པའི་སྐྱེ་བོ་ཀུན་གྱིས་མཆོག ༧འཛམ་གླིང་ཞི་བདེའི་དེད་དཔོན་ཡོངས་གྲགས་ཀྱིས་ཁས་ལེན་བཞིན་པ་ཁོང་ལ་དོན་མེད་ ཚིག་གི་ཉེས་མཁན་ནི་ད་སྔ་གདོན་འདྲེའི་རྗེས་འགྲེང་བ་ཁ་ཤས་ལས་བྱུང་མྱོང་མེད་ ཀྱང་། ད་ནི་ཁྱེད་དང་བཅས་པའི་བོད་ཀྱི་ཤེས་ཡོན་པར་རློམ་མཁན་རླུང་ཡན་གྱི་ཁ་ན་མར་མེ་ རྐང་ཁ་ཤས་ཀྱི་ཚུལ་ཏུ་འདར་བཞིན་པ་དེ་ཁྱེད་ཅག་གིས་དོགས་སློང་བྱེད་སྟངས་འདི་ མཐོང་དེ་འོང་དུས་དངོས་ནས་སེམས་སྡུག་པ་ནི་མཐའ་ཞིག་དང་། ཡིད་སྐྱོ་བ་ནི་བཤད་ཐབས་མེད་པ་ཞིག་རེད། ང་ཚོ་ད་ལྟའི་འཆར་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་བོད་ཟེར་ནས་ངོ་ཤེས་སྟངས་ཐོག་ མ་དེ་ནི་༧ཁོང་གི་མཚན་ལས་མཆེད་དེ་ངོ་ཤེས་ཀྱི་ཡོད་པ་ལས་གཞན་གང་ཡང་མེད། ང་ཚོ་རྒྱལ་ཁབ་གསར་བ་གང་ཞིག་ལ་འབྱོར་ཡང་། ཁྱེད་རང་མི་རིགས་གང་ཞིག་ཡིན་ཟེར་ནས་བྲིས་དུས། ང་བོད་ཡིན་ཟེར་ནས་བཤད་དུས། ཨོ་རེད་ཟེར་ནས་༧ཁོང་གི་མཚན་ནས་བཟུང་དེ་ཁྱེད་རང་དེའི་མི་རིགས་ཡིན་ནམ་ཟེར་ དུས། ཡིན་ལགས་ཟེར་ནས་ལན་བཏབ་པ་ཡིན་ན། ད་གཟོད་ང་ཚོ་ལ་ནུས་པ་གང་ཡང་མེད་ཀྱང་། ཁོང་ཚོས་ང་ཚོ་ནི་འཛམ་གླིང་འདི་ན་དཀོན་པའི་མི་རིགས་ཁྱད་དུ་འཕགས་པ་ཞིག་ལ་ངོས་ འཛིན་བྱེད་ངེས་ཡིན། དེ་ནི་ངེད་ཅག་གི་བྱས་རྗེས་མིན་པར་༧ཁོང་གིས་བྱས་རྗེས་ལས། ད་ལྟའི་འཆར་བོད་དང་ཕྱི་གང་ན་ཡང་༧ཁོང་གི་སྐུ་དྲིན་ལས་བོད་འདི་མ་ཤི་ཙམ་དང་ཁ་ མ་འཐོར་ཙམ་ཏུ་གནས་ཡོད་པ་རེད་ཅེས་བཤད་ཀྱང་གཏན་ནས་ནོར་མེད་པ་ཡིན། ཡིན་ཡང་། དེང་སང་མི་འདི་ཚོ་ཁ་དང་ལྟོ་ཙམ་རྒྱག་དུས་རང་རིགས་ཀྱི་བླ་སྲོག་གཅིག་བུ་ལ་ཡང་ འདི་ལྟར་གནས་ལུགས་བཤད་ཀྱིན་ཡོད་ཟེར་བ་ལས་གནས་ལུགས་དང་རྒྱུ་མཚན་ལ་རྨོངས་ འདུག་པ་འདི་མཐོང་དུས་དངོས་ནས་ད་ནི་བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ ༧ཁོང་གིས་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་ཀྱང་ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ངོ་མ་ཟིན།། ནོར་བུ་གཞན་ལ་ཤོར་དུས།། འགྱོད་པ་གཏིང་ནས་སྐྱེས་སོང་ཟེར་བས་ལུང་བསྟན་འདི་ཡང་འདི་འདྲ་ལ་ཟེར་བ་མ་ཡིན་ ནམ།
ཞོགས་ལྗང་གི་གཙོ་བའི་ཤེས་ཡོན་པར་ཁས་བཅའ་མཁན་དག་ལ་གསལ་འདེབས་ཤིག་གི་ཚུལ་ཏུ་བོད་། ཤ་ཁྲག་རུས་གསུམ་ཏུ་འབོད་པས།
རེད་ལགས། མི་དེ་གཉིས་རྐུན་རྒྱབ་ཇག་བླངས་བྱོས་འདུག ཕོ་རྒྱག་ན་རང་མི་བརྗེད་ཟེར་བ་མི་དེ་དག་ཟེར་གྱི་ཡོད་པ་ལོས་ཡིན།
གཞི་བདག་ཤ་ཁྲག་བདེ་མོ
ངའི་ར་རྩོམ་ཡིག་འདི་ཧི་གཟུགས་ནང་ནས་རིག་ཐ་།
དེའི་མཆན་འགོད་པའི་ནང་ན་མིང་ལ་་་ཞོགས་ཆརདང་ཨར་བོད་ཟེར་ནས་ཁ་ནང་ལ་འབུ་འདེབས་རྒྱུ་གཉིས་ཡང་འདུག་།
ཡིག་གཟུགས་འདི་ལྟར་བྱས་པ་ཡིན་ན་ག་འདྲ་འདུག་ལགས། སྐུ་ཞབས་མི་ནག་ཚང་ལགས།
ལྷ་ཆབ་ལགས། ཉིད་ཀྱང་བཞི་བདག་ཚུལ་བཟུང་དེ་ཕེབས་པར་དགའ་འོ།
ཚ་ཁུ་ལགས། ངས་༧གོང་ས་མཆོག་གི་སྐུ་དཔར་འདི་རུ་བཀོད་པ་དེ་ཡང་རྒྱུ་མཚན་ཞིག་ཡོད་ཀྱང། ཉིད་ཀྱིས་ཐུགས་ལ་འཕོག་གི་ཡོད་ན་ངས་དཔར་ཞིག་བཞག་ཡོད། ད་འགྲིག་གི་འདུག་གམ། ཚ་ཁུ་ལགས། འདི་རུ་ཡོང་བ་དང་བོ་ཡིན་ལ། ཟིན་བྲིས་ནས་མིང་འདི་མཐོང་བ་ཡང་ཐོག་མ་ཡིན། ད་རེབ་ཉིད་ལ་འཕོག་ཐུག་རེ་ཤོར་ཡོད་ན་བཟོད་པར་གསོལ།
གངས་རིའི་གླིང་བུ་ལགས། ཉིད་ཀྱིས་བསྔགས་བརྗོད་གནང་བ་དེར་ཐུགས་རྗེ་ཆེ། ངེད་ཅག་ཚང་མ་ལ་འདི་འདྲའི་ཁ་ཚོད་ཡོད་ནང་གི་ཚིག་ཚོད་མེད་བཤད་མཁན་དག་ལ་ལན་རེ་མ་བཏབ་ན་དངོས་ནས་འགྲིག་གི་མི་འདུག་སྙམ་ནས་རང་གིས་བྲིས་པ་ཡིན།
བསེ་རུ་ལགས། ཉིད་ཀྱིས་བཅོས་ཁོམ་མ་བྱུང་རང་ང་རང་ལ་དགོངས་དག་དངོས་ནས་ཞུ་དགོས་ཀྱི་མེད་པ་རེད། དངོས་ནས་བཤད་ན་དགོངས་དག་ཞུ་དགོས་མཁན་དེ་ནི་ང་རང་ཆགས་ཡོད་པ་རེད། གང་ཡིན་ཟེར་ན་ཡིག་ནོར་འབྲི་མཁན་ནི་ང་རང་ཆགས་ཡོད་པས་ཡིན། དགོངས་དག་རྗེས་ཕྱོགས་རང་གི་གང་ཐུབ་ཐུབ་ཅིག་བྱེད་ངེས་ཡིན།
ཇིང་སྲས་ལགས། ཉིད་ཀྱིས་བསམ་ཚུལ་ལྷུག་པོར་གནང་བ་དེར་རྗེས་སུ་ཡི་རང་ཡོད། རེད་ལགས། དོགས་པ་གང་ནས་ཡིན་ཡང་ཟ་ཆོག་གི་རེད། ཡིན་ཡང་། རྒྱུ་མཚན་མེད་པར་དོགས་པ་ཟ་བ་ལས། སེམས་ནང་གི་སྐད་ཆ་ཅི་ཡོད་སྤུན་གྲོགས་དག་གི་མིག་ངོར་བཀྲམ་ཤོག་དང་དེ་ནས་ངེད་ཅག་གི་གླེང་མོལ་བྱས་ན་འགྲིག་གི་རེད།
གྲོགས་པོ་བཤད་པ་བདེན་པ་རེད་རྗེས་སུ་ཡི་རང་ཡོད། ད་དུང་དགེ་འདུན་པ་དག་ལ་གནས་ལུགས་དང་རྒྱུ་མཚན་མེད་པར་སྒྲོ་འདོགས་དང་ཟུར་ཟ་བྱེད་མཁན་ཚོ་ཧ་ཅང་ཐབས་སྐྱོ་བོ་ཞིག་ཏུ་མཐོང་སོང་། ངེད་ཚང་གི་དོན་ལ་མེ་བསྲེགས་མཁན་དང་ཆུ་མཆོངས་མཁན་བཙོན་ན་བསྡོད་མཁན་ཚང་མ་གྲྭ་བ་ཡིན་པས་ཕར་ཆེར་འདི་ཅིག་གི་གཡོ་ཁྲམ་ཞིག་མིན་འགྲོ་བསམ་ནས་དོགས་གི
གོང་གི་བརྗོད་གཞི་དེ་བོད་ནང་གི་ཧི་གཟུགས་ཟིན་བྲིས་ནང་དུ་སྤེལ་འདུག
ཁོ་བོས་ནང་དུ་འཁྱེར་ཏེ་ཞིབ་ཀློག་བྱས་རྗེས་ལན་རེ་རྒྱག་དགོས་བསམ་བྱུང་ཡང་།
དྲ་གྲོགས་ལགས་ཀྱིས་དེ་རིང་འདིར་གང་ཐུབ་ཀྱི་དགོངས་ཚུལ་གསུངས་པར་རྗེས་སུ་ཡི་རངས་ཞུ།
གོང་འཁོད་ཀྱི་ནང་དུ་དག་ཆ་ནོར་བ་འགའ་ཤས་འདུག་པས་བཅོས་ཁོམ་མ་བྱུང་བས་དགོངས་འགལ་མེད་པ་ཞུ།
རྒན་རབས་པ་ལགས་ཁྱེད་ཀྱི་ཟིན་བྲིས་འདི་བོད་ནང་གི་མི་ངན་དེ་དག་གི་མིག་ལམ་དུ་ཕུད་ཟིན་ཡིན་ནམ།འོ་ན་བོད་ནང་ཟིན་བྲིས་ཐོག་ཏུ་ང་སྙུགས་བསྲིངས་མང་པོ་བྱེད་པ་ཡིན།ཡིན་ན་ཡང་ཁྱེད་ཀྱི་ཟིན་བྲིས་ངས་རེག་མ་སོང།ངས་ཀྱང་མི་ངན་དེ་དག་ལ་གསལ་བྱེད་ཀྱི་ཚིག་ཁ་ཤས་བྲིས་བ་ཡིན།ཁྱེད་ཀྱི་འདི་ནང་བཞིན་ཞིག་ཁྱོད་ནས་ཡོངས་ཐབས་མི་འདུག་་ཡིན་ན་ཡང་ཧུར་བརྩོན་བྱས་ཏེ་ཁྱེད་ཀྱི་རྗེས་ཟིན་པ་བྱེད་ཀྱིན་ཡིན།་་ཧཧཧཧཧཧཧཧ
ལུང་རིགས་རྒྱལ་ལགས།
ཤ་ཁྲག་རུས་གསུམ་མགོ་ནས་བསྡད་ནས་༧གོང་ས་མཆོག་གི་སྐུ་པར་བཞག་པ་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
གྲོགས་པོ་ཤ་ཁྲག་ལགས། ང་ཡང་གཞི་བདག་གི་ཚུལ་གྱིས་ཁྱོད་ཀྱི་ཟིན་བྲིས་ལ་ཐན་ནས་རྩོམ་ཡིག་འདི་བཀླགས་ཟིན།
ཁྱོད་ཀྱི་ཡིག་གཟུགས་ཆེ་དྲག་ནས་ཐིག་ཕྲེང་རེའི་ནང་དུ་བརྩེགས་མར་ཤར་འདུག ནམ་རྒྱུན་འདི་འདྲ་ཟིག་རེད། འདི་ལ་ཐབས་ཤེས་འདྲ་འདུག་གམ།