མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་རང་གིས་བོད་འདི་ཉམས་བཞིན་པའི་སྒང་ལ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཉིན་ མ་འདི་ཚོའི་རིང་དུ། ངས་ལས་ཀ་ལེན་ཞོར་དང་བསམ་བློ་གཏོང་ཞོར་བྱེད་ས་གཙོ་བོ་དེ་ནི་བོད་ནང་གི་དྲ་ ཚིགས་སོ་སོ་རུ་ཉུལ་ནས་དྲ་ཐོག་ནས་རྩོམ་ཡིག་བཀླགས་པས་མྱོང་ཚོར་ལས་འཕྲོས་པའི་ བསྐོར་ཡིན།
དེང་སང་བོད་ནང་དུ་གཞོན་སྐྱེས་མི་ཉུང་བ་ཞིག་གིས་རང་མི་རིགས་ ཀྱི་ལ་རྒྱ་དང་བོད་མི་རིགས་ཀྱི་མ་འོངས་པ་གསོན་ཉམས་ལྡན་པ་ཞིག་ཡོང་དགོས་ཀྱི་ ཡོད་ན་མགོ་ནས་ནོར་འདུག་ཟེར་ནས་ནང་ཆོས་ལ་དོན་མེད་དུ་ཁ་བརྡུང་གཏོང་བ་དང་ཞོར་ ཏུ་ཚེ་འདི་ཕྱི་གཉིས་ལ་རེ་བ་བྱེད་ས་གཅིག་ལས་མེད་པས་༧རྒྱལ་བའི་དབང་བོ་མཆོག་ལ་ མཚན་སྨད་ཞུ་བས་མགོ་བཙུགས་འདུག དེ་ཡང་ཡི་གེ་མི་ཤེས་པ་དང་སློབ་གྲ་དང་ལྗོངས་རྒྱུ་གང་ཡང་བྱེད་མ་མྱོང་བས་མི་ དག་མིན་པར། ལྗོངས་རྒྱུ་ཡང་རང་རང་གི་ཚོད་ཀྱིས་གང་ཙམ་བྱས་མྱོང་མཁན་དང་རང་རང་གིས་ཚོད་ཀྱི་ བོད་ཀྱི་སྐད་ཡིག་ལ་ད་སྔ་ཞབས་འདེགས་མི་ཉུང་བ་ཞུ་མྱོང་མཁན་རྐྱང་རྐྱང་ནས་མགོ་ བཙུགས་པ་དེར་ངས་བསམ་བློ་བཏང་། ལས་ཀ་བྱེད་ཞོར་ཏུ། ཟ་མ་ཟ་ཞོར་ཏུ། ཉལ་ཁང་དུ་འགྲོ་ཞོར་ཏུ། གཙང་སྤྱོད་དུ་འགྲོ་ཞོར་ཏུ། དུ་བ་འཐེན་ཞོར་ཏུ། རྩོམ་ཡིག་ཀློག་ཞོར་ཏུ། ངས་ད་དུང་ཡང་ཡིད་ཆེས་བྱེད་མི་ཐུབ་པ་དེ་ནི་མི་དེ་དག་གིས་ཁ་ནང་དུ་༧རྒྱལ་བའི་ དབང་བོ་མཆོག་ལ་མཚན་སྨད་ཞུ་རྒྱུའི་བསམ་བློ་དེ་འདྲ་ཞིག་གང་ནས་ཤར་བ་ཡིན་ནམ། བདེན་པ་ཡོད་པ་ཞིག་བཤད་ཀྱི་ཡོད་པ་ཡིན་ན་ནི་དངོས་ནས་ཁག་མེད། དེ་ནི་མ་ཡིན་པར་བདེན་པ་དང་རྒྱང་ཐག་རིང་ཞིང་གནས་ལུགས་དང་རྒྱབ་དུ་ཕྱོགས་པའི་ སྐད་ཆ་འདི་འདྲ་བོད་མི་ཞིག་གིས་མ་སྐུལ་དང་བླངས། མ་བརྡུང་ངུ་འབོད། རིན་མེད་དང་བླངས། འདི་ལྟར་སྲིད་གཞུང་ངན་པ་དེའི་འདོད་ཐོག་གི་རྟ་ཕོ་རུ་གྱུར་དགོས་དོན་གང་ཡིན་ ནམ་སྙམ་བཞིན། ཉིན་མ་འདི་ཚོའི་རིང་དུ་ངའི་སེམས་ནང་དུ་སྐྱ་བོ་ནས་སྔོན་པོ། དཀར་པོ་ནས་ནག་པོ། ཚོས་གཞི་བརྒྱ་སྟོང་ལས་བརྒལ་བ་ཤར་ཏུ་བཅུགས་དུས། ངས་༧རྒྱལ་བའི་དབང་བོས་གསུང་དྲོན་མོ་ཞིག་ལ་ཕྱིར་དྲན་བྱས། ང་རང་དངོས་ནས་མཚམས་རེར་སེམས་པ་སྐྱོ་ཡི་འདུག གང་ཡིན་ཟེར་ན། ངའི་བསམ་ཚུལ་ཟེར་ན་འདྲ། དེ་ཤེས་དགོས་མཁན་དེ་ནི་བོད་མི་རིགས་ཆགས་ཡོད་པ་རེད། ངའི་བསམ་ཚུལ་ཤེས་མི་དགོས་མཁན་ཟེར་ན་འདྲ། དེ་ནི་ཕྱི་རྒྱལ་གྱི་མི་དེ་ཚོ་ཆགས་ཡོད་པ་རེད། ནམ་ཞིག་ངའི་བསམ་ཚུལ་ཤེས་དགོས་དུས་བྱུང་ན་ཕྱི་རྒྱལ་བ་དེ་ཚོས་བྲིས་པའི་དེབ་ ནང་དུ་ཀློག་རྒྱུ་ལས། བོད་རང་གི་སྐད་ཡིག་ནང་དུ་བྲིས་པ་ཕལ་ཆེར་རེག་རྒྱུ་མ་རེད་བསམ་ནས་སེམས་འཁུར་ ཡོང་གི་ཟེར་ནས་གསུང་མྱོང་བ་རེད། དེ་ནི་ད་གཟོད་ཅོལ་རྒྱུགས་མཁན་འདི་དག་གིས་ཁ་ནས་གང་ཡང་བཤད་རྒྱུ་དེ་མ་འོངས་ སྔོན་གཟིགས་ཀྱིས་གསུང་བ་ལོས་ཡིན།
དཔེར་ན། བཙན་བྱོལ་ནས་ལོ་ངོ་དུ་མའི་གོང་དུ་འཇམ་ནོར་ཟེར་བ་ཞིག་གིས་༧རྒྱལ་བའི་དབང་བོ་ འཛམ་གླིང་གི་བུད་མེད་གློག་བརྙན་འཁྲབ་མཁན་མཛེས་མ་དེ་དག་དང་ལྷན་ཏུ་གསོལ་སྟོན་ ལ་རོལ་གྱི་འདུག་ཟེར་ནས་མཚན་སྨད་སྣ་ཚོགས་ཤིག་གིས་མགོ་བསླངས་པ་རེད། ད་ལྟ་ཁ་སང་དེ་རིང་ཡང་༧རྒྱལ་བའི་དབང་བོ་ཞལ་གཟིགས་མ་མཇལ་བ་དང་ཞལ་གསུང་ཐོས་ མྱོང་མེད་མཁན་གྱི་བོད་ནང་གི་གཞོན་སྐྱེས་རེ་ཟུང་གིས་ཀྱང་༧རྒྱལ་བའི་དབང་བོ་ ཐང་སི་བླ་མ་ནང་བཞིན་བཞུགས་ན་ཡག་པོ་མི་འདུག་ཟེར་བ་ཞིག་་ཁ་བརྡ་དྲ་ཐོག་ཏུ་ བཀོད་ཀྱང་དེ་ལ་མི་མང་བོ་ཞིག་གིས་དོན་སྣང་ཞེ་དྲགས་བྱས་མ་སོང་། ཡིན་ཡང་། ཉིན་འགའི་སྔོན་ཏུ་ཞོགས་ལྗང་ཟེར་མི་ཞིག་གིས་༧གོང་ས་མཆོག་གི་རྐུབ་ལྡག་མཁན་ཚོ་ ཟེར་ནས་གླེང་མ་ཐག བོད་ཕྱི་ནང་གཉིས་ཀྱི་རྩོམ་ཡིག་སྤེལ་མཁན་མི་ཉུང་བ་ཞིག་གིས་ཚ་ཚ་འུར་འུར་གྱིས་ བསམ་ཚུལ་མི་ཉུང་བ་ཞིག་བོད་ཕྱི་ནང་གཉིས་ཀྱི་དྲ་ཐོག་ལ་སླེབས་པ་རེད། ཡིན་ཡང་། དོན་དངོས་ཐོག ད་ནི་༧རྒྱལ་བའི་དབང་བོ་མི་ཡིན་མིན་ཞིག་རྩོད་ཀྱི་འདུག དེའི་བསྐོར་གྱི་རྩོམ་ཡིག་ནི་ལོ་ངོ་དུ་མའི་གོང་དུ་བཙན་བྱོལ་ནས་རྟ་ནག་པ་སྐལ་ བཟང་ཟེར་བས་མིང་འཛིན་པ་ཞིག་གིས་ང་ཚོས་༧རྒྱལ་བའི་དབང་བོ་ལ་དད་པ་བྱེད་སྟངས་ དང་༧རྒྱལ་བའི་དབང་བོ་ལ་བརྩི་བཀུར་བྱེད་སྟངས་ཤེས་ཀྱི་མི་འདུག་ཟེར་བ་སོགས་ནས་ འཕྲོས་དེ། དེ་དུས་ཁོས་ཀྱང་༧རྒྱལ་བའི་དབང་བོ་མི་རེད་ཟེར་ནས་ཐེངས་མང་བོ་ཞིག་ལ་བསྒྲགས་ མྱོད་ཡོད་པ་རེད། དངོས་ནས་རེད། ཚང་མས་ཤེས་ཀྱི་ཡོད། བོད་མགོ་ནག་གཙོ་བའི་འཛམ་གླིང་གི་སྐྱེ་འགྲོ་དུང་ཕྱུར་མང་བོ་ཞིག་གིས་༧རྒྱལ་ བའི་དབང་བོ་མྱི་ཡིན་པ་ཤེས་ཀྱི་ཡོད་ལ། ལོ་ངོ་དྲུག་བཅུའི་ཡར་སྔོན་གྱི་༧རྒྱལ་བའི་དབང་བོ་དེ་ནི་ཕོ་གསར་ཞིག་དང་ལོ་ངོ་ དྲུག་བཅའི་རྗེས་ཀྱི་དེ་རིང་གི་༧རྒྱལ་བའི་དབང་བོ་ནི་ལོ་ན་བགྲེས་པའི་མི་ཞིག་ ཡིན། འོན་ཀྱང་། ཤིང་གི་ནང་ན་ཤིང་ཟེར་སྲོལ་ཡོད་པ་ལྟར། ཁོང་ནི་མི་ཡི་ནང་གི་མི་ཞིག་སྟེ། འཛམ་གླིང་འདི་ན་དཀོན་པའི་མི་ཁྱད་པར་ཅན་ཞིག་ཆགས་ཡོད་པ་རེད་ལ། འཛམ་གླིང་གི་སྐད་གྲགས་ཅན་གྱིས་མི་སྣ་དང་སྲིད་འཛིན་སོགས་མི་སྣ་གང་མང་མང་གིས་ ཐུག་འཕྲད་བྱེད་འདོད་ཡོད་པས་མི་ཁྱད་དུ་འཕགས་པ་ཞིག་ཡིན། ཁོང་གི་མི་སྤྱིར་བཏང་བཞིན་ཟས་བཟའ་བ་དང་མི་སྤྱིར་བཏང་བཞིན་གཟིམ་བཞིན་ཡོད། དེ་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་ཡོད་པ་ནི། ཁོང་གི་མི་སྤྱིར་བཏང་ནང་བཞིན་ཀུན་ལ་འབྲེལ་འདྲིས་བྱེད་ཀྱི་ཡོད་ལ་ཆེ་ཚུགས་དང་ སྤོམ་འདོག་ནམ་ཡང་མི་སྟོན། ད་དུང་། ཁོང་ལ་དམིགས་གསལ་གྱིས་གཏམ་བཤད་གནང་སྟངས་ཤིག་ཡོད། ང་ནི་བོད་མི་རིགས་ཀྱི་འགྲིན་ཚབ་པ་ཞིག་ཡིན་གསུང་བཞིན་ཡོད་ལ། ང་ནི་འཛམ་གླིང་གི་འབངས་མི་དཀྱིས་མ་ཞིག་ཡིན་པ་ལས། ང་རང་ལ་རྐ་ལག་ཐོལ་བ་གང་ཡང་མེད་གསུང་བཞིན་ཡོད། གསུང་དེ་ཡང་འཛམ་གླིང་མི་མང་དུང་ཕྱུར་མང་བོས་རླུང་འཕྲིན་དང་བརྙན་འཕྲིན། ཐ་ན་རྩིས་འཁོར་ནང་དུ་ཤར་གྱི་ཡོད། ད་དུང་། ཁོང་གིས་བོད་མི་མང་ལ་འདི་འདྲ་ཞིག་གསུང་མྱོང་ཡོད། བོད་ལ་རང་དབང་ཞིག་མ་ཐོབ་པ་ཡིན་ན། ང་ཤི་ན་དབུགས་འགྲོ་ས་མ་རེད་སོགས་གསུང་དེ་ཁོང་གིས་བོད་མི་རིགས་ལ་བཅིངས་པས་ སེམས་གཤིས་དེ་ལྟར་བརྗོད་ཀྱང་། ད་དུང་ཡང་། བོད་པ་མི་ཉུང་བ་ཞིག་གིས་ཁོང་གིས་གསུང་ཐོས་ཀྱི་མེད་ལ། ཁོང་གིས་ཞལ་མཇལ་ཐུབ་ཀྱི་མེད། མི་ཤེས་ས་དང་མི་གོ་ས་ནས་ཁོང་ལ་མཚན་སྨད་ཞུ་བཞིན་ཡོད། དེ་ཡང་རང་གི་ཁེ་སྙན་ཆུང་ཙག་ཞིག་དང་། སྒེར་སེམས་དང་ང་རྒྱལ་ཕྱོགས་རེས་པ་ཞིག་གིས་ཁྲོད་ནས། ངས་འདི་ལྟར་བསམ་བཞིན་ད་ནི་ཁོང་གི་དགུང་ལོ་བགྲེས་བཞིན་བགྲེས་བཞིན་འགྲོ་བ་ མཐོང་དུས་སེམས་ཀྱི་ན་ཟུག་ཇེ་ཆེ་དང་ཁོང་གིས་ད་དུང་ཡང་སྐུ་ངལ་ཙམ་ཡང་མི་གསོ་ བར་འཛམ་གླིང་གི་ཡུལ་གྲུ་གང་སར་སོང་དེ་ངའི་མི་མང་ལ་རང་དབང་མི་འདུག ངའི་མི་མང་ལ་ཉེས་པ་མེད་བཞིན་ཏུ་ཁྲིམས་གཅོད་བྱེད་ཀྱི་འདུག ངའི་མི་མང་ལ་འདོད་པ་མེད་བཞིན་ཏུ་བཙན་བྱོལ་ལ་ཡོང་དགོས་ཀྱི་ཆགས་པ་རེད་སོགས་ གཏམ་གླེང་བྱེད་ས་དང་ཆོས་གསུང་ཡུལ་གང་ནས་ཀྱང་། ཁོང་གིས་རང་ཉིད་བོད་མི་མང་གིས་འགྲིན་ཚབ་པ་ཞིག་ལས་བོད་མི་མང་གི་མཐའ་མའི་ཐག་ གཅོད་དེ་ནི་བོད་མི་མང་གིས་བྱེད་རྒྱུ་ལས་ང་རང་ལ་གཏན་ནས་དེའི་དབང་ཚད་མེད་ སོགས་གསུང་བ་དྲན་ནས་ལས་ཀ་ཡང་ལས་རྒྱུར་སུན་སྣང་ཆེ་རུ་སོང་བ་དང་། ཟས་ཟ་འདོད་ཀྱི་ཡི་ཀ་ཡང་ཞེ་དྲག་མེད་པ་ཞིག་ཏུ་གྱུར་འདུག ཉིན་མ་འདི་ཚོའི་རིང་དུ་སྐད་ཆ་ཡག་པོ་ཞིག་གཏན་ནས་གོ་རྒྱུ་མི་འདུག
ད་ དུང་། ནང་ཆོས་ལ་རྒྱུས་མངའ་མེད་མཁན་དག་གིས་ནང་ཆོས་ལ་འགག་པ་རྒྱག་བཞིན་པ་མཐོང་དུས་ དངོས་ནས་སེམས་སྐྱོ་ཡི་འདུག དཔེར་ན་མི་ཞིག་ལ་སྐྱོན་བརྗོད་བྱེད་འདོད་ཡོད་ན། མི་དེ་ལ་རྒྱུས་མངའ་ཡོད་དགོས་པ་ལས་མི་དེ་འདྲ་ཞིག་ཡོད་པ་ཐོས་པ་ཙམ་གྱིས་སྐྱོན་ བརྗོད་བྱས་པ་ནི་ཅོལ་ཆུང་གི་གཏམ་ལས་གནས་ལུགས་དང་རྒྱུ་མཚན་མིན་པ་སྤུན་གྲོགས་ ཡོངས་ཀྱིས་ཤེས་གསལ་རེད། མཐའ་དོན་ཉིན་མ་འདི་ཚོའི་རིང་དུ། ངས་བསམ་བློ་གཏོང་ས་གཙོ་བོ་ནི། མི་དེ་དག་གིས་༧རྒྱལ་བའི་དབང་བོ་ལ་མཚན་སྨད་ཞུ་དགོས་པའི་དམིགས་ཡུལ་མཐར་ཐུག་ དེ་ནི་གང་ཡིན་ནམ། ཡང་སྙིང་། ཁོང་ཚོས་བོད་ལ་ཤ་ཚ་སྟངས་འདི་འདྲ་ཞིག་ཡིན་སྲོལ་མེད་པ་རེད། དོན་དངོས་ཐོག ཁོང་ཚོ་ནང་ཆོས་ལ་མི་དད་མཁན་ཡིན་ན་འགྲིག་གི་རེད། ཡིན་ཡང་། ནང་ཆོས་ལ་གཏོར་བཤིག་གཏོང་དགོས་དོན་གང་ཡིན་ནམ། ཨོ་རེད་་ ཁོང་ཚོ་འཐོམ་འདུག ནང་ཆོས་དང་ནང་ཆོས་བྱེད་མཁན་གྱི་བར་ཐག་དང་། ནང་ཆོས་དང་རང་ཉིད་ཀྱི་འབྲེལ་བ་ངོས་ཟིན་མི་འདུག རེད་མཐར་ཐུག་ན་ཁོང་ཚོས་ནང་ཆོས་ལ་གཏན་ནས་རྒྱུས་མངའ་མི་འདུག་ལ། ནང་ཆོས་ལ་རྩ་ནས་སློབ་སྤྱོང་བྱས་མྱོང་མི་འདུག དེ་ལྟར་སྙམ་ཞོར་ཏུ་ལས་ཀ་ལས། ཉིན་མ་འདི་དག་གི་རིང་དུ་

ཨོ་རེད་་་ཁོང་གིས་ད་དུང་འདི་འདྲ་ཞིག་གསུང་ཡོད་པ་རེད། བོད་རྒྱ་ཆེ་མི་མང་ལ་འདོད་པ་མེད་ཉིན། ངས་དགོངས་པ་ཞུ་རྒྱུར་གྲ་སྒྲིག་ཡོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 7

  1. sha tak ri sim says:
    ལོ་ 17 སྔོན།

    ཇིང་སྲས་ལགས། རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ། རྗེས་ཕྱོགས་དུས་ཚོད་གང་ཡོད་ལ་འདི་རུ་ཕེབས་ནས་ཇ་ཞིམ་པོ་ཡོད་མེད་ལ་མ་བལྟས་པར་ངལ་གསོ་རེ་རྒྱག་རོགས་ཞུ། འདི་ནི་བོད་རིགས་ཚང་མས་ངལ་གསོ་ས་ཞིག་ཉན་ན་དེ་བས་བདག་གིས་བློ་ཡིད་ཚིམ་པ་ཡིན།

    Reply
  2. free sopu says:
    ལོ་ 17 སྔོན།

    རེད་གྲོགས་པོའི་བཤད་པ་གནས་ལུགས་འདུག་རྒྱབ་སྐྱོར་ཡོད།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    ཆུ་ཐིགས་སྔོན་མོ་ལགས། ཐུགས་རྗེ་ཆེ། བསྟོད་བསྔགས་གནང་བ་དེར། རང་གིས་ཐུབ་ཚོད་ཅིག་འདུར་ངེས་ཡིན། ཁ་དྲོ།

    Reply
  4. mekor says:
    ལོ་ 17 སྔོན།

    ཨ་རོ་རྒད་པོ་་་དེ་རིང་ཡིན་ན་ང་ཁྱེད་ཀྱི་སྐད་ཆ་ལ་དགའ་བོ་བྱུང་། རྗེས་ཕྱོགས་ཀྱང་འདི་འདྲའི་སྒོ་ནས་རང་ཉིད་ཀྱི་ལྟ་ཚུལ་སོགས་སྤེལ་ཅི་ཐུབ་བྱེད་རྒྱུའི་རེ་བ་ཡོད། ཐུགས་རྗེ་ཆེ།

    Reply
  5. sha tak ri sim says:
    ལོ་ 17 སྔོན།

    སྤོབས་པ་མཐའ་ཡས་ལགས། ཉིད་ཀྱིས་འདི་ལྟར་སྤོབས་པ་ཆེན་པོས་སྐད་ཆའི་དབྱངས་འགྲོས་འདི་ལ་ང་རང་གིས་སེམས་གཏིང་ནས་སྨོན་པ་འཆོར། ལས་དབང་གི་འཐུ་འོག་ནས་བོད་མིང་ཞིག་གི་མངའ་ཁུངས་སུ་ངེད་ཅག་ད་རེབས་ཀྱི་མི་ཚེ་འདི་ལ་ལྷན་ཏུ་སྐྱེ་བ་ཞིག་བླངས་ཡོད་པས་རང་གི་མི་ཚེ་འདི་ལ་མི་རིགས་འདི་ལ་བྱས་རྗེས་ཤིག་འཇོག་མ་ཐུབ་ཀྱང་། ཞབས་འདྲེན་ཞིག་ཞུ་སེམས་ངེད་ཅག་བོད་མི་ཡོངས་ལ་མེད་པར་རེ་བ་དང་སྨོན་ལམ་ཡོད། དེའི་སྟབས་ཀྱིས་རང་ཉིད་ཀྱི་ཁ་ཐབས་སྐྱོ་རུང་འབད་བརྩོན་བྱེད་ཀྱི་ཡོད། ཡིན་ཡང་། ད་དུང་རང་ཉིད་ཀྱིས་བྲིས་པའི་ཡིག་ནོར་དང་ཡོད་ཚད་ཞན་པས་སློབ་སྟོན་རེ་གནང་རྒྱུ་མ་བརྗེད་རོགས།

    འབྲུག་བྷེ་ལགས་ལགས། ཉིད་ཀྱིས་རྩོམ་ཡིག་འདིར་གདེང་འཇོག་གནང་བ་དེར་སེམས་གཏིང་ནས་ཐུགས་ཆེ་རྗེ། ངེད་ཅག་གི་ལས་དབང་གཅིག་ཞིང་སེམས་བསམ་པ་བོད་ལ་ཕྱོགས་པའི་སྔ་གཞུག་ཏུ་སྐད་ཆ་བཟང་ངན་སྣ་ཚོགས་ཤིག་ཡོང་སྲིད་པས་མ་འགྲིག་མ་འཐུས་ས་ནས་འཁང་ཆུང་མི་བྱེད་པར་སྐྱོན་བརྗོད་བྱེད་རྒྱུ་མ་བརྗེད་རོགས།

    Reply
  6. durkbey says:
    ལོ་ 17 སྔོན།

    ཁྱེད་ཀྱི་ན་ཟུག་དང་དུང་ཞེན་གྱི་སྦྲུམ་པའི་རྩོམ་ཡིག་ཡག་པོར་འདུག མུ་མཐུད་དུ་འདི་འདྲ་བ་ལེགས་སྐྱེས་སུ་བསྩལ་བར་འབད་པ་གལ།

    Reply
  7. Pobpathaye says:
    ལོ་ 17 སྔོན།

    ཁྱེད་ཀྱི་རྩོམ་ཡིག་འདི་བྐླགས་སྐབས་སློབ་དཔོན་ཞིག་གི་ཞལ་གདམས་ཤིག་ལས། བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་གོ། །ཞེས་གསུངས་འདུག་པ་དེ་ཅི་མ་བདེན་སྙམ་པ་ཞིག་བྱུང་། ངས་རྡོ་སྦིས་དགེ་བཤེས་ཤརར་རྒྱམ་གྱི་གསུང་འབུམ་བམ་ྐློག་ཅིག་བྱས་པ་ཡིན། དེར་བླ་རྒན་དེས་སྡེ་པ་གཞུང་གི་དཔོན་རིགས་ཚ་རོང་པ་ལ་བཏང་བའི་འཕྲིན་ཡིག་ཅིག་འདུག་པ་དེར། གུང་ཁྲན་ཏང་ནི་སྤྱི་སེམས་ཆེ། །ཤེས་རབ་རྒྱ་མཚོ་བོད་སེམས་ཆེ། །ཞེས་སོགས་བྲིས་འདུག ཡིན་རྒྱུ་ནི་ཤེར་རྒྱམ་རང་གིས་རྒྱ་དམར་གུང་ཁྲན་གྲོགས་སུ་བསྡེབས་ནས་བོད་བཅིངས་འགྲོལ་གཏོང་རྒྱུའི་ཁ་ཕོ་ཤོད་ཀྱིན་ཡོད་མདོག་རེད། སྡེ་པ་གཞུང་གི་དཔོན་རིགས་ཚོར་སྙིང་ཚིམ་བརྡར་མདོག་ཅིག་ཀྱང་ཡིན་རྒྱུ་རེད། ཤེར་རྒྱམ་པ་དགེ་འདུན་ཆོས་འཕེལ་གྱི་ྐླུ་སྒྲུབ་དགོང་རྒྱན་ལ་ཚིག་པ་ཟོས་ནས་དགེ་ཆོས་དང་ཉག་རོང་ཟླ་བཟང་ལ་གཤེ་གཤེ་གཏང་བ་ཙམ་ཞིག་རྒྱ་དམར་གུང་ཁྲན་ལ་གཏོང་ཐུབ་ཡོད་ན་འའགྲིགས་འདུག་སྙམ་བྱུང་། ཁྱེད་ཀྱིས་གསུངས་པ་བཞིན་ང་ཚོའི་ཤེས་ཡོན་པ་དང་མི་ཆེན་ཡིན་ཟེར་མཁན་ཚོའི་ཁྲོད་ནས་མིག་དཔེ་ངན་པ་དང་ལོག་ལམ་ལ་འཁྲིད་མཁན་མང་པོ་ཡོང་ཡོད་པ་དེ་ཐབས་སྐྱོ་བོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese