ད་ ནི་ཕལ་ཆེར་ཞོགས་ལྗང་ཟེར་ན་ཞོགས་པའི་ལྗང་སྨྱུག་ཟེར་ན་འདྲ། མི་འདིས་ལན་དྲང་མོ་ཞིག་དངོས་ནས་ངེད་ཅག་བོད་ཕྱི་ནང་གཉིས་ཀྱི་སྤུན་ཟླ་དྲ་ཐོག་ པ་ཡོང་ལ་ལན་ཞིག་སྟེར་རན་རེད། གང་ཡིན་ཟེར་ན། ཁོ་དང་འགྲོག་ནས་འོང་བས་༧གོང་ས་མཆོག་གི་རྐུབ་ལྡག་མཁན་ཚོར་ཟེར་བས་ཆལ་རྩོམ་ དེའི་བོད་ཕྱི་ནང་གི་གཞོན་སྐྱེས་སྤུན་ཟླ་ཆེས་མི་ཉུང་བ་ཞིག་གིས་སེམས་ལ་རྨ་ཁ་ བཟོས་ཡོད་པ་རེད། དེ་ཡང་ལུགས་དང་མཐུན་ཞིང་རྒྱུ་མཚན་ཡོད་པ་ཞིག་ཡིན་ན་ནི། དངོས་ནས་ཞོགས་ལྗང་གི་གཙོ་བའི་ཞོགས་མིང་འཛིན་པ་ཚང་མ་ལ་ཁག་མེད་པ་རེད། དེ་འདྲ་ནི་མིན་པར་གཞི་མེད་སྐྱོན་འཛུགས་བྱེད་སྟངས་འདི་ནི་ཞོགས་ལྗང་གི་གཙོ་ བའི་སྲིད་གཞུང་ངན་པའི་དབང་འོག་གི་མི་ཞིག་གིས་རང་གི་མི་རིགས་ཀྱི་འཆི་གསོན་ ཆེད་དུ་འཛམ་གླིང་ཡུལ་གྲུ་གང་སར་ཕྱག་ཟུང་ཐལ་མོ་སྤྱར་ནས་འགྲོ་བཞིན་པའི་མི་ཡི་ ནང་གི་མཆོག་ཁོང་ལ་དེ་ལྟར་དངོས་ནས་མི་འབབ། གལ་ཏེ། བཤད་ནོར་ཐེབས་པ་ཡིན་ན་བོད་རིགས་སྤུན་ཟླ་ཕྱི་ནང་གཉིས་ལ་གསལ་བཤད་དང་དགོངས་དག་ ཞུས་པ་ཡིན་ན་ད་གཟོད་ཕྱི་མེད་ལ་བསམ་ནོར་ལྡོག་ཤེས་བྱེད་པས་གོ་སྐབས་ཀྱང་ཡོད་པ་ རེད་ལ། རང་ཁ་རང་གིས་བདག་པོ་རྒྱག་པས་དབང་ཚད་ཀྱང་རང་ཉིད་ལ་ཡོད་པ་ཤེས་པའི་དུས་ལ་ སླེབས་ཡོད། དེ་མིན་རང་གི་ཕ་མ་དང་ཉེ་དུ། སྤུན་མཆེད་དང་གྲོགས་པོ་སོགས་ཀྱིས་ཚིག་དེ་དག་རྣ་བའི་ལམ་ཏུ་སོང་ན་ཁོང་ཚོས་ ཀྱང་སྐུ་ཉིད་ལ་གཏན་ནས་བཟོད་བསྒོམ་བྱེད་ཐུབ་མེད། མི་རློམ་ན་ཉིད་ཀྱིས་རང་གི་ཕ་མ་དག་གིས་མདུན་ནས་༧གོང་ས་མཆོག་ནི་མི་བུ་དཀྱིས་ མ་ཞིག་རེད་ཟེར་ནས་ཚིག་གཅིག་ཤོད་དང་། ད་གཟོད་ཁྱེད་རང་བུ་སྙིང་སྟོབས་ཅན་དང་བཤད་འཕོད་པ་ནས་སྒྲུབ་འཕོད་པ། བསམ་འཕོད་པ་གསུམ་གྱིས་ཆ་རྐྱེན་ཡང་ཚང་བ་ཡིན་ལ། མི་དཀྱིས་མ་དང་༧རྒྱལ་བ་རིན་པོ་ཆེ་དང་བོད་མི་མང་བར་གྱི་ལྷད་མེད་དངས་གཙང་གི་ བར་ཐག་དེ་ཡང་གསལ་བོར་མཐོང་ངེས་ཡིན།
༧རྒྱལ་བའི་དབང་བོ་མི་ཡིན་མིན་གྱི་ རྩོད་པ་དེ་ནི་ངེད་ཅག་བོད་པ་ཞིག་གིས་དངོས་ནས་རྩོད་གཞིར་འཛིན་དགོས་དོན་དེ་ འདྲ་དངོས་ནས་མེད། ལྷག་པར་ཏུ་ནང་ཆོས་ལ་སེམས་གཏིང་ནས་མོས་གུས་ཡོད་མཁན་ཞིག་གིས་དངོས་ནས་བཤད་ན་ དེ་བས་ཀྱང་༧རྒྱལ་བ་རིན་པོ་ཆེ་མི་ཡིན་མིན་གྱི་རྩོད་པ་ཞིག་ཕལ་ཆེར་རྒྱག་མི་ སྲིད་པ་ཡིན་ལ། མི་ཡིན་པ་ནི་བཤད་མ་དགོས་ཤིང་མིའི་ནང་གི་མི་སྣ་ཆེས་མཐོ་བའི་འཛམ་གླིང་ཡུལ་ གྲུ་ཀུན་གྱིས་ཤེས་ལྡན་པ་དང་སྔོན་ཐོན་པ། གསར་གཏོད་པ། སྒྱུ་རྩལ་བ། གླུ་གཞས་གཏོང་མཁན་གྲགས་ཆེན། ཚན་རིག་ལ་མངའ་ཉེས་པའི་རིག་གནས་གསར་བའི་དེད་དཔོན་སོགས་སུས་ཀྱང་༧རྒྱལ་བའི་ དབང་བོ་མི་ཡིན་མིན་དེ་གཏན་ནས་རྩོད་གཞིར་མི་འཛིན་པ་རྒྱུ་མཚན་གཏན་ནས་མེད་པ་ ཞིག་མིན། དེ་ནི་ཁོང་ཚོས་མི་ཡིན་བཞག་གིས་མི་དང་འདྲ་མཚུངས་ཀྱིས་ཁོང་ལ་ཆེ་བསྟོད་གཟེངས་ རྟགས། ད་སྔ་འཛམ་གླིང་འདིར་སྐྱེ་བའི་སྐྱེ་བུ་རླབས་ཆེན་སུས་ཀྱང་ལེན་མྱོང་མེད་པས་ གྲངས་ཀ་ཚད་མཐོ་ཤོས་དེ་༧རྒྱལ་བ་རིན་པོ་ཆེ་ལ་ཐོབ་ཡོད་པ་རེད། ད་ལོ་དང་འདས་ལོ་གཉིས་ཀྱི་རིང་དུ་༧རྒྱལ་བ་རིན་པོ་ཆེ་ལ་མིའི་རིགས་ཀྱི་ཁྲོད་ ཀྱི་མི་སྣ་རླབས་ཆེན་གྱི་མཚན་ཐོག་ནས་གཟེངས་རྟགས་ཆེ་ཆུང་ག་ཚོད་ཅིག་གནང་ཡོད་ མེད་དེ་ནི་ཞོགས་མིང་འཛིན་རིགས་ཀྱིས་མ་ཤེས་པ་དང་མ་གོ་ན་ཁག་མེད་ཀི ད་ནས་བཟུང་གི་རང་གི་རིགས་ཀྱི་དེད་དཔོན་དང་སློབ་སྟོན་པ། མི་ཚེ་ཞིག་གི་ལེགས་བྱང་ཡོངས་རྫོགས་འཆད་འཁྲིད་གནང་མཁན་གྱི་སྐྱེ་བུ་རླབས་ཆེན་ ཁོང་ལ་ཉེས་མེད་ཉེས་བཤད་མི་བྱེད་རྒྱུ་དང་རང་གིས་བྱས་ནོར་ལ་དགོངས་དག་ཞུ་ཐུབ་ ན་རབ་དང་མ་ཐུབ་ཀྱང་རྗེས་ཕྱོགས་རང་ཉིད་བོད་མིའི་སྤྱི་འབངས་ཤིག་ཡིན་པ་གཏན་ནས་ མ་བརྗེད་རོགས། གལ་ཏེ། སྐུ་ཉིད་གཙོ་བའི་ཞོགས་མིང་འཛིན་མཁན་གྱིས་རིགས་ལ་ནང་ཆོས་ལ་དད་ཞེན་མེད་ཀྱང་ འགྲིག ཡིན་ཡང་། འཇིག་རྟེན་སྤྱིའི་ལྟ་ཚུལ་ལས་མི་བརྒལ་བས་ཟིན་ཐོ་རེ་སྤེལ་རོགས།
ཞོགས་ མིང་འཛིན་མཁན་ཁྱེད་ཅག་གིས་རིགས་ཀྱིས་ནང་ཆོས་ལ་ལྟ་སྟངས་ཅི་འདྲ་ཡོད་མེད་དེ་ ནི་དུས་ཚོད་ཐུང་ཐུང་ཞིག་གིས་ནང་དུ་ཐག་གཅོད་པ་ཞིག་གཏན་ནས་མིན་པ་རེད། ལྷག་པར་ཏུ་ནང་ཆོས་མ་ཡིན་པས་ཆོས་ལུགས་གཞན་དག་གིས་མིའི་རིགས་ལ་སྲི་ཞུ་སྒྲུབ་ པ་མང་གི་རྙོག་འཛིང་བྱས་པ་མང་མིན་བསྐོར་ལ་ཁྱེད་ཅག་གིས་ནམ་ཡང་དཔྱད་ཐུབ་ཀྱི་ མེད་པ་ཅི་རེད། དཔེར་ན་ཡེ་ཤུ་ཆོས་ལུགས་ཀྱི་གནའ་རབས་དང་ད་ལྟའི་བར། རྗོ་ཤིའི་ཆོས་ལུགས། ཁ་ཆེ། ཧིན་རྡིའི་ཆོས་ལུགས། གཅེར་བུ་བ། སོགས་ག་ཚོད་མང་བོ་ཞིག་འདུག དེ་དག་དང་བསྡུར་ནས་བོད་པ་རང་གིས་དད་མོས་བྱེད་སའི་ནང་ཆོས་སོགས་བསྡུར་ནས་ དཔྱད་རྩོམ་རེ་བྲིས་ན་ག་འདྲ་འདུག མཐའ་དོན་མི་ཡི་དབང་བོ། མི་ཡི་མཆོག སྐྱེ་བུའི་ཏོག ༧རྒྱལ་བའི་དབང་བོ་ལ་མཚན་སྨོད་མ་བྱེད་རོགས། ཆོས་ལུགས་ཁས་མི་ལེན་རུང་། འཇིག་རྟེན་ཡ་རབས་ལུགས་དང་འགལ་བ་མཁྱེན་པར་མཛོད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
བོད་ཤ་ཁྲག་རུས་གསུམ། ཉིད་ཀྱིས་གསལ་འདེབས་གནང་བར་ཐུགས་རྗེ་གནང་།
འཇམ་མགོན་ལགས། སྤྱི་ཚོགས་གང་ཞིག་ཡིན་ཡང་བཟང་ངན་གཉིས་ཀ་ཡོད་པས་ངེད་ཅག་གིས་བཟང་ངན་གཉིས་ལས་གང་ཤུགས་ཆེ་བའི་ཕན་ཐོག་བྱུང་གི་ཡོད་མེད་དེ་ལ་ཡང་བསམ་བློ་ཞིབ་དུ་གཏོང་དགོས་ཀྱི་ཡོད་པ་རེད། ཨོ་རེད་ཉིད་ཀྱིས་ཆོས་ལུགས་བཙོང་གི་འདུག་ཟེར་བ་དེ་ནི་ཆོས་ལུགས་ཤེས་མཁན་ཞིག་གིས་ཆོས་ལུགས་བཙོང་མི་སྲིད་པ་ཡིན། གལ་ཏེ། རྒྱུ་ནོར་བསམ་ནས་བཙོང་མཁན་རེ་ཡོད་ན་ནི་དེ་ནི་ནང་ཆོས་ཁ་ལ་འཁྱེར་བའི་འཇིག་རྟེན་པ་ཞིག་ལས་ཆོས་པ་ཞིག་ཡིན་ནི་མ་རེད་ལགས།
གྲོགས་ཤ་ཁྲག་རུས་གསུམ། དཀོན་མཆོག་གསུམ་བདེན་པ་མ་རེད་ན།
ང་ཚོའི་སྤྱི་ཚོགས་འདི་ལ་ཆོས་ལུགས་དད་མོས་ལྡན་མོད། ཆོས་ལུགས་ཀྱིས་འགོ་འཁྲིད་རེ་ཟུང་ཕྱི་རོལ་ཏུ་ཕྱིན་ནས་ཆོས་ལུགས་ཀྱི་ཚོང་པ་ཡ་མེད་ཞིག་ཆགས་རབ་འདུག།འདིའི་ཕྱོགས་ལ་ལྟ་ཚུལ་འདྲ་ཨེ་ཡོད།
ཨརྱ་ལགས། ང་རང་བདེ་མོ་ཡིན། ཡིན་ཡང་། སྐུ་ཉིད་ཀྱིས་དེའི་རྒྱུ་མཚན་དངོས་ནས་མ་མཁྱེན་པ་ཡིན་ན་ནི། ངས་ཉིད་ཀྱིས་མི་ལ་ལྷག་བསམ་རྣམ་དག་ཁ་ཏ་དང་སྐུལ་ལོངས་བྱེད་པ་ཕན་ཐོག་ཡོད་ངེས་ཡིན་པར་སྨྲ་བཞིན་ཡོད་པ་དེ་ལས་སྐུ་ཉིད་ཀྱིས་(བཟང་གི་འཽན་ཀྱང་མི་ཉན་པ་ལ་ཁ་ཏ་བྱེད་པ་མཚུངས།)ཞེས་དེ་ལ་མོས་མཐུན་མ་བྱས་པས་དོན་ཞིག་གང་ཡང་མ་རེད་ལགས།
རེད། ངས་དངོས་སུ་མཐོང་མྱོང་མེད་ཀྱང། ཞོགས་ལྗང་ཟེར་བ་ཞིག་གིས་འདི་ལྟར་བཤད་ཀྱིན་འདུག་ཅེས་ངའི་གྲོགས་པོ་འགས་ང་ལ་གསུངས་སོང། ང་ཚོ་བོད་མི་རིགས་འདི་དཀའ་ངལ་གྱི་གནས་སུ་ཡོད་དུས་གདུང་སེམས་མཉམ་བསྐྱེད་བྱེད་རོགས་མ་ཐུབ་ཀྱང། མིག་སྐྲང་ཐོག་ལ་ཁུ་ཚུར་བཞིན་བྱེད་དགོས་དོན་ཅི་ནམ། འདི་ལྟར་བསམ་དུས་ཡིད་སྐྱོ་བ་དང་ཕམ་པ་ཞིག་ཀྱང་རེད། གང་ལྟར་ང་ཚོས་འདི་འདྲའི་རིགས་ནམ་ཡང་གུ་ཡངས་སུ་གཏོང་མི་རུང། འདི་འདྲ་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཁ་གཏད་གཅོག་དགོས་པ་ང་ཚོའི་ལས་འགན་ཡིན། དེ་འདྲ་རེད་དམ་དྲ་གྲོགས་ཚོ།
སྤོབས་པ་མཐའ་ཡས་ལགས། ཉིད་ཀྱིས་བདག་ལ་དེ་ལྟར་གདེང་འཇོག་གནང་བ་དེ་ནི་དངོས་ནས་ཐུགས་རྗེ་ཆེ། ཡིན་ཡང་། ང་རང་གི་རྩོམ་ཡིག་དེ་དག་ལ་ཉིད་ཀྱིས་འདོད་པ་དེ་བཞིན་ཏུ་རིན་ཐང་དེ་འདྲ་ཆེན་པོ་ཞིག་ཡོད་པ་ངས་མི་ཤེས་མོད། ཉིད་ཀྱིས་བདག་ལ་ཉར་ཚགས་བྱེད་རྒྱུར་སྐུལ་མ་གནང་བ་དེ་བདག་གིས་ཡིད་ལ་གཏན་པོར་འཛིན་ངེས་ཡིན།
༼སྐུ་ཉིད་ཀྱིས་དེ་ལྟར་གསུང་དུས་བདེན་པ་ཞིག་ཀྱང་ཡིན་མི་སྲིད། ༽བོད་་་་་་ལགས་ཚིག་ཕྲེང་འདིའི་བསྟན་དོན་གང་ཡིན་གསལ་ཁ་ཞིག་གཏོད་རོགས་ཞུ། གནས་སྐབས་རྒྱང་རིང་གི་ས་མཐའ་དེ་ན་ཁྱེད་རང་བདེ་ལེགས་ཡིན་ནམ།
ཨོ། དགོངས་དག མཆན་འདི་འཇོག་འདོད་ས་དེ་ཁྱེད་ཀྱི་རྩོམ་ཡིག་ང་རང་གིས་བོད་འདི་ཉམས་བཞིན་པའི་སྒང་ལ་ཞེས་པ་རེད་ཀྱང་འགོད་ནོར་ཐེབས་ནས་འདིར་ཐེབས་པ་རེད།
གྲོགས་པོ་ལགས། ངས་ཁྱེད་ལ་ལམ་སྟོན་བྱེད་མིན་མི་ཤེས་ཏེ། ཁྱེད་ཀྱི་ལྷག་བསམ་རྣམ་དག་གི་ལངས་ཕྱོགས་བརྟན་པོ་དེས་ངའི་ཡིད་སེམས་འཕྲོག་གིན་འདུག རྒྱལ་བ་རིན་པོ་ཆེས་ཀྱང་། ཤེས་ཡོན་དང་དཔལ་འབྱོར་གང་ལས་ཀྱང་ལྷག་བསམ་འདི་གལ་ཆེ་ཚུལ་མང་པོ་གསུངས་འདུག ཁྱེད་ཀྱིས་རྩོམ་ཡིག་འདི་ཚོ་ཉར་ཚགས་ཡག་པོ་བྱེད་རོགས། རྩོམ་ཡིག་འདི་ཚོ་ནི་མ་འོངས་པའི་མི་རབས་ཕྱི་མ་ཚོས་མིག་དཔེ་ལྟ་ས་ཆགས་ངེས་རེད། ཡིག་ནོར་དང་ཆད་ལྷག་ཡོད་རུང་རྗེས་སུ་བསལ་ཆོག་གི་རེད།
ལགས་སོ། ཨརྱ་ལགས། ངས་ཀྱང་རང་གི་རིགས་ལ་ཞེན་པ་དཀར་བའི་གཏམ་ཞིག་རང་དབང་མེད་པར་ངག་ཐལ་སོང་བ་ལས། དམིགས་གསལ་གང་ཡང་མེད་དུས། སྐུ་ཉིད་ཀྱིས་དེ་ལྟར་གསུང་དུས་བདེན་པ་ཞིག་ཀྱང་ཡིན་མི་སྲིད།
རེད་ཁྱེད་རང་གིས་སེམས་གཏམ་བཤད་འདུག བཟང་གི་འཽན་ཀྱང་མི་ཉན་པ་ལ་ཁ་ཏ་བྱེད་པ་མཚངས།།ཞེས་ཟེར་སྲོལ་ཞིག་ཡོད་རེད། ཡང་མིན་ན་འདི་ལ་དེ་འདྲའི་སེམས་ཚབ་དང་བློ་ཕམ་ཀྱང་ཆེན་པོ་བྱད་དགོས་དོན་མི་འདུག་སྙམ་གང་ཡིན་ཟེར་ན་ཉི་མ་འཀར་འཀར་ལའང་ནག་ཁུང་ལས་མི་མཐོང་མཁན་ཡོད་པ་མ་ཡིན་ནམ།