ང་ རང་༧རྒྱལ་བ་རིན་པོ་ཆེ་དང་ཆེས་ཐག་རིང་གི་ཡུལ་བོད་དུ་ཡོད་དུས་ཤིག་ལ། ངས་༧རྒྱལ་བ་རིན་པོ་ཆེ་ངོ་ཤེས་ས་ན་ངེད་ཚང་གི་ནང་གི་༧ཁོང་གི་སྐུ་དཔར་པོ་ཏ་ ལའི་སྟེང་དུ་ཡོད་པས་འདྲ་དཔར་འཇའ་མཚོན་ཡོད་པ་དེ་ཡིན་ཟེར་ནས་གླེང་ཆོག དེ་ནི་ལོ་ངོ་བཅུ་བདུན་གོང་གི་གནས་ཚུལ་ཞིག་རེད། དེ་དུས་ངས་༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་མང་གི་འདི་ཕྱི་གཉིས་ཀྱི་གཏན་གྱི་ སྐྱབས་གནས་འཕགས་པ་སྤྱན་རས་གཟིགས་ཀྱིས་རྣམ་སྤྲུལ་ཏུ་ངོས་འཛིན་བྱེད་མཁན་གྱི་ བོད་མི་དག་གིས་དད་པ་དག་སྣང་བྱེད་སྟངས་དེ་ལས་ངས་ཀྱང་༧རྒྱལ་བ་རིན་པོ་ཆེ་ནི་ བོད་མི་རིགས་ཀྱི་འདི་ཕྱི་གཉིས་ཀྱི་གཏན་གྱི་སྐྱབས་གནས་ཁོ་ན་རུ་ཡིད་ཆེས་བྱས་ པའི་རྒྱུ་མཚན་ཐོག་མ་ཡིན་པ་ལས། སྐབས་དེར་ངས་༧རྒྱལ་བ་རིན་པོ་ཆེའི་སྐུ་དཔར་ལས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཞལ་ ངོས་སུ་མཇལ་མྱོང་མེད་པ་དང་སྐུ་གསུང་ངོས་སུ་ཐོས་མྱོང་མེད་པས་གྲ་བ་ན་ཆུང་ཞིག་ ཡིན། དེ་དུས་ངས་ཤེས་པའི་དད་པ་དང་དག་སྣང་དེ་དག་ནི་རང་གི་ཕ་མ་དང་བཀའ་དྲིན་གཞལ་ཏུ་ མེད་པས་དགེ་རྒན་དག་གིས་གསུང་བ་དེ་ལ་གཞི་བཅོལ་བ་དེ་ལས་རང་ཉིད་ལ་༧རྒྱལ་བ་རིན་ པོ་དངོས་སུ་ཤེས་པའི་རིག་ལམ་ཡང་མེད་ལ་ཆུ་ཚད་ཀྱང་ག་ལ་ཡོད། རིམ་གྱིས་ལོ་ན་ཡར་སོན་པ་དང་རྨི་ལམ་ལྟ་བའི་སེམས་གཤིས་འདྲ་མིན་ཞིག་གིས་རིགས་ ཞེན་ལ་སེམས་ཐག་ཉེ་ནས་ཉེ་རུ་བྱིན་པ་དང་བོད་རྒྱའི་བར་གྱི་དཀའ་རྙོག་བསྐོར་ཡང་ མི་ཉུང་བ་ཞིག་གོ་ཤོས་རྣ་ཐོང་མི་ཉུང་བ་ཞིག་བྱུང་དུས་ཀྱང་། ༧རྒྱལ་བ་རིན་པོ་ཆེ་ནས་དེ་བས་ཀྱང་བོད་རྒྱའི་དཀའ་རྙོག་གི་གཞི་རྩ་འཛིན་ས་གཙོ་ བོ་ཞིག་ཆགས་ཡོད་པ་དེ་ཡང་ཅུང་ཙམ་ཞིག་རྟོགས། དེ་ནི་༧རྒྱལ་བའི་བཀའ་སློབ་དང་༧རྒྱལ་བའི་གསུང་འཕྲིན་སོགས་ལ་རང་དབང་ཡོད་པས་ སྒོ་ནས་བལྟ་ཀློག་བྱེད་མི་ཐུབ་པ་དེ་ལས་ཤེས་སོང་། མི་ནི་རང་བཞིན་གྱིས་འཚར་ལོངས་བྱུང་དེ་འོང་དུས་བསམ་བློའི་གནས་རིམ་གྱང་རིམ་ གྱིས་འགྱུར་བ་འགྲོ་བཞིན་ཡོད།
ཉིན་ཞིག་རང་གིས་ལག་ཏུ་དགེ་རྒན་ཚང་གི་ ཤག་ནས་༧རྒྱལ་བའི་བཀའ་སློབ་གསུང་འཕྲིན་ཞིག་ཀློག་རྒྱུའི་སྐལ་བ་བྱུང་། དེའི་ནང་དུ་མི་ཟེར་བ་འདིའི་སྐྱེ་བ་སྔ་ཕྱིའི་ལས་དབང་འདི་ལ་སྔོན་བསགས་ཀྱིས་ བཀོད་བསྒྲིགས་ཤིག་དང་འབྲེལ་བ་དམ་པོ་ཡོད་པས་བསྐོར་ཞིག་གསུང་འདུག་པ་དེའི་ནང་ དུ་རང་གིས་ལས་དབང་དང་འབྲེལ་བའི་བསྐོར་མི་ཉུང་བ་ཞིག་གསུང་འདུག་པ་དེ་མཇལ་ རྗེས། སྐུ་དཔར་ལས་མ་གཏོགས་མཇའ་མྱོང་མེད་པས་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་འདོད་ཀྱི་རེ་ བ་ཞིག་བྱུང་། དེ་ནས་བཟུང་༧རྒྱལ་བ་རིན་པོ་ཆེ་བཞུགས་སའི་ཕྱོགས་སུ་སྨོན་ལམ་བརྒྱབ། ཐ་ན་༧རྒྱལ་བ་རིན་པོ་ཆེ་རྨི་ལམ་ཏུ་ཡང་རྨིས། རྨིས་པ་དེ་ཡང་དེ་འདྲའི་གསལ་བོ་ཞིག་དུས་ད་ལྟ་ཡང་བདག་གིས་དྲན་ངོ་ན་གསལ་ལེར་ འདུག
དག་གཙང་ལྷད་མེད་ཀྱིས་སེམས་པ་དེས་ང་རང་ལ་སྐུལ་ནས་མི་ཡུལ་ན་ བཞུགས་པས་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་འདོད་ཀྱི་མདུན་པ་དེ་ནི་ཤུགས་ཆེར་བྱུང་དེ་ རང་གི་རྨི་ལམ་དེ་ཉིད་མངོན་གྱུར་བྱེད་རྒྱུའི་རེ་བ་དེ་ཕ་མ་གཉིས་ཀྱི་དྲུང་དུ་ གསལ་བོར་ཞུས། ཕ་མ་གཉིས་ཀྱིས་ཀྱང་ས་ཐག་རིང་བས་ཡུལ་གྲུ་དེ་འདྲ་ཞིག་ལ་འགྲོ་རྒྱུ་ནི་དེ་འདྲའ་ ལས་སླ་བོ་ཞིག་མེད་ཀྱང་། ཁྱེད་རང་དངོས་ནས་འགྲོ་འདོད་ཡོད་པ་ཡིན་དུས་ངེད་གཉིས་ཀྱིས་བཀག་ཀྱང་ཡོང་གི་མ་ རེད། ད་ཡིན་ན་རང་གིས་འདོད་པ་ལྟར་ངེད་གཉིས་གཅིག་གི་ཁྱེད་རང་ལྷ་ས་བར་ཏུ་བསྐྱལ་ནས་ ལམ་ཁྲིད་ཅིག་རྙེད་རྗེས་ཁྱེད་རང་གཏོང་ཆོག་ཟེར་བ་ཐོས་དུས་ང་རང་བརྗོད་མི་ཤེས་ པའི་དགའ་སྣང་ཞིག་བྱུང་། དེ་ནས་ཉིན་འགའི་རྗེས་སུ་དྲིན་ཆེན་མ་ལོའི་ང་རང་ཁྲིད་དེ་སྟོད་ཉི་མ་ལྷ་སའི་ ཕྱོགས་སུ་ལམ་ལ་ཆས། སྐུ་དཔར་སྟེང་གི་༧རྒྱལ་བ་རིན་པོ་ལ་དངོས་སུ་མཇལ་རྒྱུའི་ཕྱོགས་སུ་ལམ་ལ་ཆས་ སྟབས། རང་གི་སེམས་ནང་དུ་ཡང་འཇིགས་སྐྲག་དང་དཀའ་ངལ་གང་ཡང་མེད་པར་ལྷ་ས་ནས་ལམ་གྲོགས་ མང་བོ་ཞིག་དང་ལྷན་ཏུ་༧རྒྱ་གར་ཕྱོགས་སུ་ལམ་ཏུ་ཆས་ཁར་དྲིན་ཆེན་མ་ལོས་ང་རང་ལ་ ཁྱེད་རང་༧རྒྱལ་བ་རིན་པོ་ཆེ་ཡིས་དྲུང་དུ་འབྱོར་ནས་༧ཁོང་ལ་ཞབས་ཞུ་བྱེད་མཁན་ ཞིག་བྱེད་མ་ཐུབ་ཀྱང་ཞབས་འདྲེན་བྱེད་མཁན་ཞིག་མི་བྱེད་རྒྱུ་དེ་ཨ་མས་རེ་བ་ཡིན་ ལ། ཁོང་གིས་མདུན་ནས་སྨོན་ལམ་ཡག་པོ་རྒྱག་རོགས་ཟེར་ནས་མིག་ཆུ་ཡང་བཏང་མ་སོང་། ནམ་རྒྱུན་ཡིན་ན་ངས་ཨ་མ་ནི་ངུ་ཆོག་ཆོག་ཞིག་ཡིན། རེད་དེ་དེའི་ཉིན་མོ་ངས་དྲིན་ཆེན་མ་མ་ངུས་པ་དེས་ང་རང་ལ་དམིགས་གསལ་གྱིས་སེམས་ བདེ་བློ་བདེ་ངང་ལམ་ལ་འབུད།
ཉིན་མཚན་གྲངས་མེད་ཅིག་གི་དཀའ་སྡུག་ འགྲུལ་བཞུད་བརྒྱུད་པས་ཁྲོད་དུ་ཡང་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་འདོད་ཀྱི་མདུན་ དེ་ལ་འགྱུར་བ་གཏན་ནས་མ་སོང་བར་ད་དུང་རང་གིས་གང་ཤེས་པའི་སྨོན་ལམ་རྒྱུན་ཏུ་ བཏབ་པ་ཡིན། དཀའ་བས་རྗེས་སུ་སྐྱིད་ཅིག་ཟེར་བ་དེ་མ་ཡིན་ན་གང་ཡིན། སྐུ་དཔར་ངོས་ཀྱི་༧རྒྱལ་བ་རིན་པོ་ཆེ་མིག་གི་དབང་བོ་ལ་དངོས་སུ་མཇལ་རྒྱུ་བྱུང་ བ་མ་ཟད། སྐུ་མདུན་ནས་གསུང་བཤད་ཀྱང་ངོས་སུ་ཉན་རྒྱུ་བྱུང་བ་དང་ཆབ་ཅིག་ཟས་གོས་གནས་མལ་ གྱི་དཀའ་ངལ་ཡང་དེ་ནས་སེལ། འདི་ལྟར་༧རྒྱལ་བ་རིན་པོ་ཆེ་སྐུ་དཔར་ལས་བརྒལ་ནས་སྐུ་ངོས་ལ་མཇལ་བ་དང་སྐུ་ དངོས་ཀྱི་གསུང་བཤད་དང་བཀའ་རྩོམ་སོགས་ཀློལ་བཞིན་ཀློག་བཞིན། ༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་ཙམ་གྱི་སྐྱབས་གནས་མིན་པ་ཡང་ཤེས་མགོ་བཙུགས་སོང་ ལ། བཀག་རྒྱའི་འོག་གི་འཚོ་བ་དེ་ཡང་རང་དབང་ཟེར་བ་ཞིག་གཏན་ནས་མེད་པ་ཤེས་སོང་། དེ་ལྟར་༧རྒྱལ་བ་རིན་པོ་ཆེ་དངོས་སུ་ཤེས་པ་ནས་ཁོང་གིས་གནང་བས་ཁོང་གི་འདྲ་དཔར་ དེ་ནི་རང་གི་ཆེས་རྟེན་སྐལ་ཡག་ཤོས་སུ་གྱུར་ནས་སྐུ་དཔར་དེའི་མདུན་ནས་དགའ་དུས་ བགད་པ་ཡིན་ལ། སྡུག་དུས་ངུས་པ་ཡིན། ད་དུང་། སེམས་ནང་གི་དཀའ་ངལ་ཡོད་ཚད་ཀྱང་སྐུ་དཔར་དེའི་མདུན་ནས་རང་གིས་རང་ལ་གསལ་བཤད་ བྱས་པ་ཡིན། ཉིན་མོ་དེ་ནས་ཁོང་གིས་སྐུ་དཔར་ལས་བརྒལ་བས་ཁོང་གི་གསུང་ཆོས་ཀྱང་མང་བོ་ཐོབ་པ་ དང་རང་གིས་རྣམ་དཔྱོད་ཀྱང་སྔར་ལས་ཡག་ཏུ་བྱིན་པ་མ་ཟད། མིའི་རིགས་ལ་ལྟ་སྟངས་མི་ཉུང་བ་ཞིག་ལ་ཡང་འགྱུར་བ་བྱིན། ད་དུང་། རང་གིས་རིགས་ལ་དུངས་པའི་སེམས་པ་དེ་ཡང་སྔར་ལས་ཀྱང་སྟོབས་ཤུགས་ལྡན་པ་དང་ འགྱུར་བ་མེད་པ་ཞིག་ཏུ་གྱུར།
ངས་རྟག་ཏུ་རང་གིས་བྱ་བ་ལེགས་ཉེས་གང་ ཞིག་བྱེད་དུས་ཀྱང་ཁོང་གིས་སྐུ་དཔར་མདུན་ནས་རང་གིས་རང་ལ་ཁ་བརྡ་སློབ་གསོ་ རྒྱག་པས་མགོ་ཡང་དེ་ནས་བཙུགས་པ་དང་སྔོན་ཆད་བྱིས་དུས་ཀྱི་ཕ་མ་དང་དགེ་རྒན་དག་ གིས་གསུང་བས་སྐད་ཆ་དེ་དག་གི་ཁྲོད་ཀྱི་དད་པ་དང་དག་སྣང་བྱེད་སྟངས་དེ་ལ་ཡང་ འགྱུར་བ་ཆེན་པོ་ཞིག་ཐེབས་སུ་བཅུགས་སོང་། དེ་ནས་བཟུང་ངས་རང་གི་ཡིད་ལ་དད་པ་དང་དག་སྣང་། ཤེས་ནས་དད་པ་ཐོབ་པ་ཟེར་ནས་ཁོང་གིས་རྒྱུན་ཏུ་གསུང་བ་དེ་དག་ལ་ཉིན་ལྟར་དྲན་ གསོ་བྱས་པ་ཡིན།
༧རྒྱལ་བའི་སྐུ་དཔར་ནི་རང་ཉིད་གང་དུ་སོང་ཡང་ལྷན་ འགྲོ་ལྷན་འདུག་བྱེད་པས་རང་དབང་ཡོད་ས་དང་ཁོང་གིས་གསུང་འཕྲིན་དང་བཀའ་སློབ་གང་ འདོད་དུ་ཀློག་ཆོག་པའི་ས་མཐའ་ཞིག་ནས་ངས་ཁོང་ལ་བཅིངས་པས་དད་པ་དང་དག་སྣང་ཡོད་ ཚད་སྔོན་ཆད་ལས་ཀྱང་ཆེས་ཚད་མཐོན་པོ་ཞིག་ལ་སླེབས་ཡོད་པས་སྣང་བ་ཞིག་ང་རང་ལ་ སྐྱེ་བཞིན་འདུག དེ་ནི་ཁོང་གིས་སྐུ་ཞལ་ངོས་སུ་མཇལ་བས་གྲུབ་འབྲས་དང་ཁོང་གིས་བཀའ་གསུང་ངོས་སོ་ ཐོས་པས་བཀའ་དྲིན་ལས་རང་ཉིད་ལ་དམིགས་གསལ་གྱིས་འཇོན་ཐང་མེད་པ་རེད། ལྷག་པར་ཏུ། བོད་ནང་གི་སྐྱེ་བོ་མཐའ་དག་དང་རིག་གཞུང་དེ་དག་མན་ཇིའི་མི་རིགས་བཞིན་རྩ་གཏོར་ གཏོང་ཐུབ་མེད་པ་དེ་ཡང་༧རྒྱལ་བ་རིན་པ་ཆེ་ཕྱི་ན་བཞུགས་དེ་བོད་མིའི་བདེ་སྡུག་ འཛམ་གླིང་ལ་སྒྲོགས་བཞིན་པས་བཀའ་དྲིན་ཡིན་པ་མིག་མཐོང་ལག་ཟིན་བྱུང་། ༧རྒྱལ་བ་རིན་པོ་ཆེ་ཡུལ་གྱར་ལ་ཕེབས་མེད་པ་ཡིན་ན། ད་ལྟའི་དུས་འདི་ལ་༧རྒྱལ་བ་རིན་པོ་ཆེ་ཟེར་བའི་མི་ཡི་རྗེ་བོ་རྒྱ་ནག་གིས་པན་ ཆེན་རིན་པོ་ཆེ་ནང་བཞིན་གར་་སོང་མི་ཤེས་པ་དང་འཆི་གསོན་མི་ཤེས་པ་ཞིག་བཟོས་ ཡོད་པར་ཐེ་ཚོམ་བྱེད་མི་དགོས་པ་དེ་ཡང་སེམས་སུ་དྲན།
༧རྒྱལ་བ་རིན་པོ་ ཆེའི་སྐུ་དཔར་ནི། དད་པ་དག་སྣང་ཡོད་མཁན་ལ་༧རྒྱལ་བ་རིན་པོ་ཆེ་རྟག་ཏུ་ཁོ་དང་འགྲོག་ནས་ཡོད་ཟེར་ ནས་བཤད་ཀྱང་ཧམ་པ་མིན། དད་པ་དག་སྣང་མེད་མཁན་ཞིག་ཡིན་ཡང་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ནི་མིའི་ རིགས་ཀྱི་འཚོ་གནས་ཁྲོད་དུ་ཆེས་གལ་འགངས་ཆེ་བས་བསླབ་བྱ་ཞིག་རེད་ཅེས་བཤད་ཆོག་ པ་འདུག་སྙམ་ཞོར་ཁོང་གིས་སྐུ་དཔར་འདི་ནས་རང་གིས་རང་ལ་ཁ་བརྡ་བྱེད་ལུགས་འདི་ བྲིས་པ་ཡིན།
གཉའ་འབྲོང་ཐུ་བུ་ལགས། ལགས་སོ་སྐུ་ཉིད་ཀྱིས་གསུང་བ་དེར་བདག་གིས་ཡིད་དུ་དམ་པོར་འཛིན་ངེས་ཡིན། ཁྱེད་ཉིད་གཙོ་བའི་བོད་མི་མི་ཉུང་བ་ཞིག་ང་ལས་ཀྱང་༧གོང་ས་མཆོག་ལ་དད་པ་དག་སྣང་འདི་ལས་ཀྱང་གཏན་པོ་ཡོད་པར་བདག་གིས་ཡིད་ཆེས་བྱེད་ཀྱི་ཡོད། ངེད་ཅག་ཚང་མ་བཟང་ངན་གང་ནས་བཤད་ཀྱང་ཁོང་གི་སློབ་མའི་མིང་ཡོད་མཁན་རྐྱང་རྐྱང་ཆགས་ཡོད་པ་རེད། དེའི་སྟབས་ཀྱིས་རང་གི་བླ་མ་ལས་ལྷག་པའི་སུ་ལ་དད་པ་དག་སྣང་ཞིག་སྐྱེ་ས་མེད་པར་འདོད། དེ་འདྲ་མ་རེད་དམ། ཉིད་ཀྱིས་བསྟོད་བསྔགས་གནང་བ་དེར་ཐུགས་རྗེ་ཆེ་ལགས།
དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ཁྱོད་༧གོང་ས་མཆོག་ལ་དེ་འདྲའི་དད་པ་དང་དག་སྣང་ཞིག་ཡོད་པ་དེ་དངོས་གནས་བསོད་ནམས་ཆེན་པོ་རེད། ཁྱོད་ཀྱི་བསམ་དོན་ཐམས་ཅད་འགྲུབ་ཐག་ཆོད་ཡིན་ནི་རེད། མདོ་ལས་ཀྱང་། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཞེས་གསུངས་ཡོད་པ་རེད། གོང་དུ་དྲ་གྲོགས་སྤོབས་པ་ལགས་ཀྱིས་གསུངས་པ་དེའི་ནང་ཉམས་ལེན་གྱི་གནད་ཆེན་པོ་ཞིག་འདུས་འདུག་པས་རྒྱུན་དུ་དེ་ལ་བསམ་བློ་གཏོང་ཐུབ་ན་ཡག་པོ་རེད།
ང་རང་རྐྱ་བ་ལགས། བསྟོད་བསྔགས་གནང་བ་དེར་ཐུགས་རྗེ་ཆེ། ངེད་ཅག་བོད་མི་ཕལ་མོ་ཆེ་ང་ལས་ཀྱང་དད་པ་དག་སྣང་བརྟན་པོ་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད་ལགས། དེ་མཚུངས་ཀྱི་སྐུ་ཉིད་ཀྱང་དེའི་གྲངས་ཀྱི་གཅིག་ལ་ཡིད་ཆེས་བྱེད་ཀྱི་ཡིན་ལགས།
མདོ་ལའི་འཁྱམས་པོ་ལགས། ཡི་རུང་དང་བསྔགས་བརྗོད་གནང་བཅོས་མིན་སེམས་གཏིང་ཐུགས་རྗེ་ཆེ་ཞུ། སྐུ་ཉིད་ཐེངས་མང་བོ་ཞིག་ལ་བདག་གི་ཁྱིམ་གཞིས་འདིར་ཕེབས་ཀྱི་ཡོད་པ་དེ་ཙམ་གྱིས་བོད་རིགས་སྤུན་ཟླ་ཕན་ཚུན་ལ་སེམས་ཐག་ཉེ་བ་དེ་མཚོན་ཐུབ་པས་སྐུ་ཉིད་འདི་ལྟར་ཡང་ཡང་ཕེབས་རྒྱུར་དགའ་བསུ་ཞུ། ཉིད་ཀྱིས་གཙོ་བའི་བོད་རིགས་སྤུན་ཟླ་སུ་ཞིག་འདི་རུ་ཕེབས་པར་སེམས་གཏིང་ནས་དགའ་བསུ་དང་ཡི་རུང་ཡོད།
དྲ་གྲོགས་ཤ་ཁྲག་ལགས།
ཁྱེད་ཀྱི་དད་པ་དང་བརྩོན་འགྲུབ་ལ་ཡིད་སྨོན་ཤོར་བ་ལས་ངས་ཚིག་གི་འགྲེལ་བཤད་རྒྱག་ཤེས་ཀྱིན་མི་འདུག
དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས།ཁྱོད་ཀྱི་ཤ་གསེང་རུས་གསེང་དུ་བོད་ཀྱི་དད་པ་དག་མ་དེ་ཡོད་ས་རེད་ ཨ་མའི་བུ་རུས་པ་ཅན་པོ་དེ་འདྲ་ཞིག་ལོས་ཡིན།སེམས་སོ་དགའ་ནི་ཞིག་རེད་
སྤོབས་པ་མཐའ་ཡས་ལགས། ཉིད་ཀྱིས་བདག་ལ་དེ་ལྟར་བསྔགས་བརྗོད་དང་གསལ་བཤད་གཉིས་ཀ་རྣམ་དཔྱོད་རྩལ་ཏུ་བཏོན་ནས་ལམ་སྟོན་གནང་བ་དེར་བཀའ་དྲིན་ཆེ། བདག་གིས་སེམས་སུ་འཛིན་ངེས་ཡིན།
ཆུ་ཐིགས་སྔོན་མོ་ལགས། ང་ནི་འདྲེ་ཞིག་མིན་རབས་ཡོད། ཨ་ལ་ཀུ་རེ་ཡིན། ག་རེ་ཟེར་ནས་བོས་ཀྱང་ཆོག རེད་ལགས། གྲ་ལོག་ཡིན་ཡ། གྲ་བ་ཡག་པོ་ཞིག་བྱེད་ཐུབ་མ་སོང་། དེ་ནས་གྲ་ལོག་བྱས་པ་ཡིན། དེ་སྐྱོན་ཞིག་མིན་པར་ཤོག ཉིད་ཀྱིས་འབོད་སྐུལ་ལ་གང་ཐུབ་ཐུབ་ཅིག་རང་གིས་ཅོག་ཚད་འབད་བརྩོན་བྱེད་ངེས་ཡིན་ལགས།
ཨ་རོ་འདྲེ་རྒན་པོ་་་་ཁྱེད་རང་ཡང་གྲྭ་ཟུར་ཞིག་རེད་མོད། དེ་སྔོན་གྲྭ་རྟའི་སྐོར་བཤད་གི་འདུག དེ་ཁག་མི་འདུག་ཁྱེད་རང་དེ་ལ་མཁས་པ་ཡོད་ས་རེད། ཧཧཧཧཧ
རང་གི་བསམ་ཚུལ་རྣམས་ཟིན་བྲིས་སུ་ཕབ་པར་རྗེས་སུ་ཡི་རང་ཡོད། ཡིན་ནའང་ད་དུང་དག་ཆའི་སྐོར་ལ་ཧ་ཅང་ཉམས་འཇོག་བྟས་ན་ཡག་པོ་འདུག གྲོགས་པོ་ཁྱེད་ཀྱི་ཐུགས་ལ་འཛིན་རོགས།
མདོ་ལས་ཀྱང་། གང་གིས་ཐུབ་པ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཅེས་གསུངས་པ་ལྟར་ཁྱེད་ཀྱི་དད་ཨ་ལོང་དེ་ལ་བླ་མའི་ཐུགས་རྗེའི་ལྕགས་ཀྱུས་ཟིན་པར་ངལ་བ་ག་ལ་སྲིད།
རྒྱུད་ལས། ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས། །བླ་མ་སྐད་ཅིག་དྲན་པ་མཆོག །ཅེས་གསུངས་ཡོད་པས་བླ་མ་དྲན་པ་ནི་བསྐྱེད་རྫོགས་ཀྱི་གནད་འདུས་པ་ཞིག་ཡིན།
ཡིན་ན་ཡང་། རིག་འཛིན་འཇིགས་མེད་གླིང་པས། རྨོངས་པ་ཕལ་ཆེར་གཟུགས་བརྙན་འབྲི་ཞིང་སྒོམ། །དངོས་སུ་བཞུགས་ལ་ཞབས་ཏོག་བགྱི་བ་མེད། །གསུངས་འདུག་པས་བླ་མ་ལ་དངོས་སུ་མཉེས་པ་གསུམ་གྱིས་ཞབས་ཏོག་སྲི་ཞུ་མ་བསྒྲུབས་པར་དྲན་པ་ཙམ་དང་བསྒོམས་པ་ཙམ་གལ་ཆེན་དུ་འཛིན་པ་དེ་ཡང་བླུན་པོའི་ལམ་ཞིག་ཡིན་འདུག་པས་གཟབ་པར་འཚལ།