གཅེས་པའི་སྲོག་ལས་འདུས་པའི་ཚོར་བ་འདིས།།
ཆགས་སྲེད་རྨོངས་པའི་བཟི་བའི་བར་དོ་རུ།།
རང་གི་འཁྲུལ་བའི་བློ་ལ་དབང་བཙན་པས།།
དུས་ཀྱི་ལང་ཚོ་གློ་བུར་སད་ཀྱིས་འཁྱེར།།
འདིར་སྣང་འཁོར་བའི་ཞེན་པ་སྐྱུར་མོ་འདི།།
ལན་གཅིག་འཐུང་བས་ཆོག་པ་མ་ངེས་སྟབས།།
ཡང་ཡང་ཞེན་པ་འབར་བའི་བཞི་མདོ་ནས།།
རང་གི་ལུས་འདི་སྨད་བཙོང་ཁང་དང་མཚུངས།།
ཉིན་མོ་དཀར་ངོགས་ཤིག་གི་སྤྱི་འབངས་ཤིག།
མཚན་མོའི་སྲེད་པའི་གྲོང་གི་ཆལ་བོ་ཞིག།
ལུས་གཟུགས་འདི་ལ་དཀར་ནག་གཉིས་ཀྱིས་གྲུབ།།
འདི་ཉིད་སྲུང་དེ་ཅི་ཙམ་འགོར་དགོས་ཡོད།།
དད་པའི་ཕྱི་ནང་གཉིས་ཀ་གྱང་ཁའི་གྲོགས།།
ཆགས་པའི་རླུང་གིས་འགུལ་དུས་དབང་མེད་པར།།
དེ་ཡི་ཕྱོགས་སུ་རྒྱུ་བའི་ཚོར་ངན་འདི།།
གཏན་ནས་འགོག་ཏུ་དཀའ་བ་ང་ཡི་གཤིས།།
སུན་སྣང་ཆེ་རབས་བཤད་པ་བུ་མོའི་འདོམ།།
ལན་གཅིག་རེག་གྱང་འཚིམ་པ་གཏན་མེད་པར།།
ཡང་ཡང་རེག་ནས་དེ་དོན་འབད་འབུངས་ཀྱིས།།
གསེར་ལས་དཀོན་པའི་ཤེས་རབ་འཁྱག་ལ་བསྟར།།
དུངས་པའི་བརྩེ་བ་ཁ་ཡི་འགུལ་ལུགས་ཙམ།།
སེམས་ཀྱི་མེ་ལྕེ་མུ་མཐུད་འབར་ལུགས་འདིས།།
གང་བདེ་འཁྲུག་པ་སྤྱོད་ལ་ཡ་མི་ང་།།
ལས་གཟད་འཁྱམ་པོ་ང་རང་མི་གཟུགས་ཙམ།།
འཁྲིས་སུ་ཚེ་གྲོགས་ཡོད་ཀྱང་སེམས་གཞན་ཕྱོགས།།
གཏན་གྱི་གྲོགས་ལ་འཛུམ་གྱིས་མི་སྐྱོང་བར།།
ཕྱི་རོལ་བུ་མོ་འཛུམ་གྱི་བསུ་ལུགས་འདི།།
འཇིག་རྟེན་ཡ་རབས་སྲོལ་དང་རྨིང་ནས་འགལ།།
དྲིན་ལྡན་ཕ་མ་སྤུན་མཆེད་ཁ་ཐག་རིང་།།
རང་རིགས་སྐད་ཀྱི་ཞིབ་མངར་དཀོན་ས་ནས།།
རང་མགོ་རང་གིས་གཡོག་པའི་བུ་སྡུག་ང་།།
འདི་ལྟར་འཚོ་བ་མི་མིན་ཁྱི་དང་མཚུངས།།
ཚོར་བ་དྲང་མོ་བྲིས་འདུག མ་གཏོགས་ངེས་འབྱུང་གི་རྟགས་གང་ཡང་མེད་ཀི།
གྲོགས་ཤ་ཁྲག་རུས་ལགས། དོན་དངོས་ཐོག་ཉིད་དངོས་འབྱུང་སྐྱེ་འདུག
གཡུ.དུག་སྤྲང་དང་ང་རང་རྐྱ་བ། ཇིང་སྲས་མིག་གསུམ་ཁྱེད་ཅག་འདི་རུ་ཕེབས་པ་ཐུགས་རྗེ་ཆེ། ཁྱེད་ཅག་འདི་ལྟར་རྒྱུན་ཏུ་ཕེབས་པར་རྗེས་སུ་ཡི་རུང་ཡོད། བསམ་ཚུལ་གང་ཡོད་ན་འཚེམ་གཟོད་མེད་པར་གསུང་རྒྱུ་མ་བརྗེད་ལགས།
ཧ་ཅང་སྙན་མོ་བྲིས་འདུག་ཇིང་སྲས་རྟགས་པར་ཡོང་གི་ཡོད།
ང་ཁྱོད་སྒོ་འགྲུམ་ན་ཡོད།
བལྟས་ཚར་ཡིན་། གཤིས་གི་སྲ་གི་་་སྙན་པོ་འདུག
དབུས་ཕྲུག་ལགས་ཐུགས་རྗེ་ཆེ། ཚོར་འདུ་འདི་ཉིད་ང་དང་བཅས་པའི་བོད་མི་མི་ཉུང་བ་ཞིག་གིས་ན་ཟུག་ཡིན་ངེས་རེད།
བཀླགས་ཟིན། ཚོར་འདུ་ལྕི།