མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤི་ཡང་བོད་མིས་འགན་ནི་ངེད་ཅག་ལ་ཡོད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

རང་གི་མགོ་བོ་གནམ་གྱི་ཀ་བ་བཞིན།།
གཞན་གྱི་མགོ་བོ་ལྕགས་ཀྱི་འཕུར་བ་ལྟར།།
འདི་འདྲ་འདི་ཡང་དེང་རབས་གཞོན་སྐྱེས་ལུགས།།
ཁ་ནས་གང་ཐོན་གསར་གཏོད་མ་འདོད་ཅིག།
མིག་གིས་གང་རིག་བདེན་པར་འཛིན་མིན་ནི།།
མ་རིག་བློ་ཡིས་དཔྱད་པ་ཞིབ་མོ་གནོང་།།
བྲག་ཆ་ལྟ་བུ་སྐད་ཤུགས་ཆེ་ན་ཡང་།།
སྟོང་བའི་དབྱིངས་ནས་གཞུར་དུས་ཚར་ནི་རེད།།
དེ་ལས་དགེ་སྡུག་ལེགས་ཉེས་ཡ་རབ་ལུགས།།
མི་ཆོས་རྩ་བ་མཐུན་པའི་གཏམ་རེ་ཤོད།།
དེ་མིན་ང་འགྲོ་ཁྱོད་བསྡོད་སྐད་ཆའི་རིགས།།
བཤད་ཀྱང་སྙིང་བོ་དེ་ཙམ་མི་འདུག་ལ།།
ཐོས་ཀྱང་ཉན་འདོད་དེ་འདྲ་མེད་པའི་གཏམ།།
གཞུག་ནས་འདི་རུ་མ་སྒྲོག་བོད་ཀྱི་བུ།།
བོད་སེམས་བོད་པའི་འཛིན་སྟངས་ཅི་ཡིན་སོགས།།
མེས་པོ་དག་གིས་རླབས་ཆེན་ཤུལ་བཞག་ལ།།
ཉིན་མཚན་ལྷོད་མེད་ཤ་དང་རུས་པའི་བརྩོན།།
དེ་ཡི་རྗེས་སུ་རང་རིགས་བདེན་རྫུན་ལ།།
རླུང་ཁའི་སྤུན་ལས་འདུས་པའི་གཏམ་རེ་ཤོད།།
དེ་མིན་མི་དང་ལྷ་འདྲེ་རྩོད་རྒྱུ་ནི།།
གངས་ཅན་བོད་པ་ཚང་གི་ད་ལྟའི་དགོས།།
སྒྲུབ་བྱའི་དམིགས་དེ་དེ་ཉིད་མ་ཡིན་པར།།
ཁ་ནས་སྨྲ་བརྗོད་དགོས་ཞེས་བཤད་སླ་ཡང་།།
དོན་ལ་སྨྲ་བརྗོད་བྱེད་ལུགས་དེ་འདྲ་མིན།།
སྨྲ་བརྗོད་ཡོད་ན་ཁོར་ཡུག་དོག་ས་ནས།།
རང་གི་འགྲོ་འདུག་སྤྱོད་གསུམ་གང་བྱེད་སོགས།།
དོག་དང་སྐྲག་སྣང་ངང་དུ་འཚོ་བ་ཡི།།
རང་རིགས་མི་བོ་དེ་དག་ཅི་ཞིག་བྱུང་།།
སྐུ་མཁྱེན་སྐུ་མཁྱེན་གཞོན་སྐྱེས་ཞོགས་མིང་རིགས།།
མ་བརྗེད་མ་བརྗེད་ཤ་དང་རུས་པའི་ཁུངས།།
མི་རིགས་ལར་ཞེན་འཛིན་ལུགས་ཐུགས་ལ་གཉོར།།
འདི་ནི་བདག་གིས་སེམས་ཀྱི་སྐད་ཆ་ཡིན།།
ངེད་ཅག་མི་རིགས་གཅིག་གི་བདེ་སྡུག་ལ།།
ཤི་ཡང་འགན་འཁུར་བྱེད་མཁན་ཆགས་པ་ཡི།།
ད་ལྟའི་དུས་རབས་འདི་ཡིས་གཞོན་སྐྱེས་རེད།།

ཀློག་ཐེངས་རེ་སེམས་པ་འདར་ཟུག་རྒྱག་སྟབས། ཤར་མར་ཐོལ་བྱུང་དུ་བྲིས་པ་ཡིན།

 

གཤམ་གསལ་གྱི་འདི་ནི་བོད་ནང་གི་རྩོམ་པ་པོ་ལྷམ་ཀོག་གིས་རྩོམ་ཡིག་འདི་ལ་བཏབ་པས་བསམ་ཚུལ་ཞིག་ཡོད་པ་འདི་རུ་བཀོད་པ་ཡིན།

ཤ་དང་ཁྲག་དང་རུས་པ་བོད་ཀྱི་ཡིན།།
སྙིང་དང་གློ་དང་སེམས་ཀྱང་བོད་ལ་འཁོར།།
ལུས་དང་ངག་དང་ལུས་ཀྱིས་བོད་དོན་སྒྲུབ།།
གྲོགས་ཁྱོད་རིང་དུ་གནས་ཀྱང་རང་གི་མྱི།།

གཞིས་བྱེས་ཀུན་གྱི་སེམས་དོན་འོ་ཆུ་བཞིན།།
གཅིག་ཏུ་འདྲེས་པའི་དོན་ལ་འབད་པའི་སླད།།
སྐབས་ཀྱི་དགོས་པ་དོན་གྱི་དམིགས་པ་དག།
ཞེ་ལ་ཞོག་ཅིག་ང་ཡི་རྒྱང་རིང་གྲོགས།།

དོན་མེད་ཀུ་ཅོ་མ་ཡིན་རང་གི་སེམས།།
དཀྱིལ་ལ་བཞག་ཏེ་ནང་གཏམ་སྨྲ་བ་ལ།།
ཞེ་འཁོན་རིང་ནས་མ་འཛིན་བས་མཐའི་གྲོགས།།
ནང་གི་འཁོར་རྒྱ་ཅུང་ཟད་ལྷོད་ལྷོད་གྱིས།།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༢ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣

མཆན། 4

  1. jigmewoden says:
    ལོ་ 17 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས་བྲིས་བ་བཟང་ཧ་ཅང་ཡག་པོ་འདུག་མུ་མཐུད་དུ་འབད་པ་བྱེད་རྒྱུ་འུ་ཅག་བོད་པ་ཚང་གི་མི་རབས་གསར་བ་ཚོའི་ཕྲག་གཏེང་ལ་བབ་པའི་འགན་འཁྲི་རེད།

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    འཇམ་མགོན་ལགས་ཀྱིས་བསྟོད་བསྔགས་མགོ་ནས་གནང་།།
    བསེ་རུ་ལགས་ཀྱིས་གཞུག་ནས་རམ་འདེགས་མཛད།།
    འདི་འདྲ་འདིས་ཀྱང་བོད་སེམས་འདྲིས་པའི་སྤུན།།
    དྲ་ཐོག་འདི་ནས་ཡང་ཡང་འཇལ་བ་སྤྲོ།།

    Reply
  3. samkhar says:
    ལོ་ 17 སྔོན།

    དྲ་གྲོགས་ཉིད་ཀྱི་སེམས་ཚོར་ཅི་ཡོད་པ།།
    མ་གསང་དྲང་པོར་ཟིན་བྲིས་དོ་རར་བཤམས།།
    བདེན་རྫུན་སྲང་ལ་འདེགས་པའི་གཟུ་བོའི་མི།།
    དྲ་བའི་གོ་ལ་འདི་ལ་གཅིག་གཉིས་མིན།།

    Reply
  4. jamgon says:
    ལོ་ 17 སྔོན།

    གྲོགས་བོད་། ཤ་ཁྲག་རུས་གསུམ་ལགས། བཀླགས་ཟིན་པ་ཡིན། ཁྱེད་ཀྱི་ལྡུམ་ར་ལ་ང་གཡུ་སྦྲང་བཞིན་འཁོར་ནས་ཡོད། བྲིས་བ་ཧ་ཅང་ཡག་གི་མུ་མཐུད་འབད་པ་བྱོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese