ཐོག་ མར་ང་རང་བོད་ཀྱི་མཛེས་ལྗོངས་དང་ཁོར་ཡུག ཡུལ་སྲོལ་གོམས་གཤིས་བཅས་ལ་མཚར་སྣང་ཞིག་གི་ཐོག་ནས་བོད་ལ་འབྲེལ་འདྲིས་བྱུང་བ་ ལས་བོད་པར་བརྩེ་བ་དམིགས་བསལ་མེད
ཁོས་མི་མང་གི་མདུན་ནས་སྐད་ཆ་ འདི་འདྲ་བཤད་འཕོད་བཞིན་ཏུ། ཁོ་རང་གིས་རྒྱ་རིགས་ལ་བཅིངས་པའི་མི་རིགས་རང་ལུགས་ཀྱི་ལྟ་བ་དེ་ཤ་གསེང་རུས་ གསེང་དུ་འཐིམ་ཡོད་མཁན་གྱི་མི་སྣ་ཞིག་ཡིན་དུས། གནད་འགག་ལ་ཐུག་ན་ཁོ་རང་གི་ཆུང་མ་བོད་མོ་འོད་ཟེར་ཡང་བློས་གཏོང་ཐུབ་ངེས་ཡིན། དེ་ནི་ཁོ་རང་གི་མི་་ཚེའི་ནང་དུ་རྒྱ་རིགས་མི་མང་ལ་བཅིངས་པའི་བརྩེ་སེམས་གཏན་ པོ་དེ་དང་རྒྱ་རིགས་མི་མང་གི་ཁེ་ཕན་ཆེད་དུ་ཁོ་རང་གིས་རང་ཉིད་ཀྱི་མི་ཚེའི་ནང་ དུ་རྒྱ་རིགས་ཤེས་ལྡན་པ་ཞིག་གིས་རང་གི་མི་རིགས་ལ་ངོ་གནོང་བའི་ལས་ཀ་མི་བྱེད་ པའི་དམ་བཅའ་དེ་ཉིད་ཁོ་རང་ལ་ཡོད་པ་དེ་ནི་ཁོ་རང་གིས་བྲིས་གནང་བའི་རྩོམ་ཡིག་ དེ་དག་ཞིབ་ཚགས་པོའི་སྒོ་ནས་ཀློག་དང་ཧ་གོ་ངེས་ཡིན་ལ། ད་རེབས་ཀྱི་དྲི་བ་དག་ལ་ལན་འདེབས་འདིས་ཀྱང་ངེད་ཅག་ལ་མི་མངོན་པའི་འཇིགས་སྐུལ་ དང་ཡང་ན་དམའ་འབེབས་རང་བཞིན་སྐད་ཆ་ཞིག་ཀྱང་ཞོར་ནས་བཤད་འདུག་པ་ཚང་མས་ཤེས་མི་ སྲིད་པ་མ་རེད། དེ་ནི་ཁོས་༧གོང་ས་མཆོག་མེད་ཉིན་བོད་པ་ཚང་ལ་མི་མེད་པ་ལྟ་བུ་ཞིག་བཤད་འདུག་པ་ དེ་བས་ཀྱང་འཐུས་པ་མ་ཡིན་ནམ། སྤུན་གྲོགས་ཚོ། འཛམ་གླིང་འདི་ཤེས་ཡོན་པ་གྲགས་ཆེན་སུ་ཞིག་མི་རིགས་རང་ལུགས་ཀྱི་ལྟ་བ་ཤུགས་ ཆེན་མེད་མཁན་ད་སྔ་བྱུང་མྱོང་མེད་པ་རེད་ཅེས་བཤད་ཀྱང་འགྲིག་གི་ཡོད་པ་རེད། ཁོ་རང་གི་རྒྱ་རིགས་ཤིག་ཡིན་པས་ཆ་ནས་རྒྱ་རིགས་རང་ལུགས་ཀྱི་ལྟ་བ་ནི་དགོས་ངེས་ ཞིག་ཡིན་པ་ལས་མི་དགོས་པ་ཞིག་ཆགས་མེད་པ་རེད། ཡིན་ཡང་། ངེད་ཅག་གིས་རྒྱ་རིགས་རྩོམ་པ་ཞིག་གིས་རང་གི་མི་རིགས་ཀྱི་ཁེ་ཕན་བློས་བཏང་ནས་ གཞན་གྱི་མི་རིགས་ཀྱི་ཁེ་ཕན་རྩོད་པར་ཡིད་ཆེས་བྱས་པ་དེ་ནི་མི་རིགས་གཞན་པ་དེ་ དག་གིས་ནོར་འཁྲུལ་ལས་ཁོ་རང་གི་ནོར་འཁྲུལ་ཆགས་མེད་པ་ཐུགས་འཇག་འཚལ།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
གཡང་འཁོ་རྒྱ་གཙོ་བོ་གྱུར་བའི་ཤེས་ཡོན་པ་ཁ་ཤས་ཀྱིས་ལྭང་ལི་ཞོན་ལ་ངོ་རྒོལ་བཤད་པ་ཧ་ཅང་འགྲིག་གི ངོ་རྒོལ་བྱས་པ་ཞེ་དྲག་ཡག་པོ་འདུག རྒྱ་རིགས་རེད་པ།
དབུས་མིང་བ་ལགས། མི་རིགས་སུ་ཞིག་ཡིན་ཡང་མི་རིགས་རང་ལུགས་ཀྱི་ལྟ་བ་ནི་མེད་དུ་མི་རུང་བ་ཞིག་ཡིན་པར་ངས་རྟག་ཏུ་འདོད་ཀྱི་ཡོད་ལ་དེ་ལྟར་ཡིན་དགོས་པ་ཞིག་ཀྱང་ཡིན་པར་འདོད་ཡོད། འོན་ཀྱང་། རང་གི་མི་རིགས་ཀྱི་བདེན་དོན་ཆེད་དུ་མི་རིགས་གཞན་གྱི་བདེན་དོན་ལ་གཏོར་བཤིག་གཏོང་བ་ནི་མ་རུང་བ་རེད་བསམ་བཞིན་ཡོད། དེའི་སྟབས་ཀྱིས་མི་ཁ་ཤས་ཀྱི་རང་གི་རིགས་ཀྱིས་ཆེད་དུ་མི་རིགས་གཞན་གྱིས་བདེན་དོན་ལ་གཏོར་བཤིག་གཏོང་གི་ཡོད་པ་དེ་ནི་གཏན་ནས་མ་འོས་པ་ཞིག་ཡིན། དེ་ལ་མི་རིགས་སུ་ཞིག་ཡིན་ཡང་ངོ་རྒོལ་བྱེད་རྒྱའི་ཐོབ་ཐང་ཡོད་ལ་ངོ་རྒོལ་བྱེད་དགོས་པ་ཞིག་ཀྱང་ཆགས་ཡོད་པ་རེད།
ནོར་བཅོས།ཀླད་རྩ་རྒྱུན་ལྡན་ །བདེན་དོན་ལ།་དེང་སང་ལྟ་བུར་མཚོན་ན་།རྒྱའི་རིགས་ཞེན་གྱི་རྒྱ་།
བདེན་དོན་ཡོད་མེད་གང་ལྟར་ཡང་ཀླད་རྩ་རྒྱུན་ཅན་གྱི་མི་ཞིག་ལ་མཚོན་ན་རང་རིགས་ཀྱི་རིགས་ཞེན་འདོར་མི་ཐུབ་པ་ནི་ཆོས་ཉིད་ཡིན་ཀྱང་།ལྷག་པར་དུ་འགྲན་རྩོད་དང་འཁྲུགས་ཟིང་།བདེན་དོན་རྒྱབ་སྐྱོར་དཀོན་པའི་དེང་སང་རིགས་ཞེན་དེ་ནི་དགོས་ངེས་ཤིག་ཡིན་པས།ཝང་ལི་ཞུང་ཡང་རྒྱའི་རིགས་ཞེན་རྒྱ་ལས་འགོངས་མི་ཐུབ་པ་ཡང་གཏན་ཚིགས་ཤིག་ཡིན།ཡིན་ན་ཡང་ང་ཚོའི་ངོས་ནས་ཅི་ཞིག་བྱེད་དམ།རྒྱ་དགའ་འམ་རྒྱ་ཞེན་ཅན་ཚང་མར་དགྲ་རུ་བཟུང་དགོས་སམ།ཡང་ན་མ་ཐ་ཡང་ང་ཚོའི་ཕྱོགས་སུ་བསམ་བློ་ཅུང་གཏོང་ཐུབ་མཁན་ཞིག་ཏུ་འགུགས་རྒྱུར་འབད་བརྩོན་བྱ་དགོས་མིན་དེ་ཡིན་སྙམ།
གངས་རིའི་གླིང་བུ་ལགས། དེ་ལ་ཕྱོགས་གཉིས་ནས་བལྟས་པ་ཡིན་ན་འགྲིག ཕྱོགས་གཅིག་ནི་ལེགས་པའི་ཆ་དང་ཕྱོགས་གཞན་དེ་ནི་ཞན་ཆ་རེད། ལེགས་པའི་ཆ་ནི་རང་གི་བོད་ལ་བཅིངས་པའི་ལར་ཞེན་དེ་ཉིད་གཙང་མ་ཡིན་པར་ར་སྤྲོད་བྱས་པ་རེད་ལ། ངོ་ལྐོག་མེད་པ་དང་མང་གཙོའི་ཡུལ་གྲུ་ན་འཚོ་ཡོད་པ་གསལ་སྟོན་བྱས་པ་རེད། ཞན་ཆའི་ཆ་ནི་མི་དེ་ལ་ཁག་བཞག་ནས་རང་ཉིད་བོད་ཀྱི་རྩོམ་པ་མཐུན་ཚོགས་ཀྱི་ཚོགས་མིའི་ཁྲོད་ནས་དགོངས་པ་ཞུས་པ་དང་། ཤེས་ཡོན་པ་ཞིག་ལ་སྐད་ཆ་བཤད་སྟངས་གཞན་ཞིག་ཡོད་པ་དེ་ཡང་ཡིད་ལ་མ་དྲན་པ་དེ་རེད་འདོད་ལགས།
རྒན་རབས་པ་ལགས།་་ཁྱེད་ཀྱིས་ལྟོས་ན་གཡང་མཁོ་གཙོ་བོའི་གྱུར་ཤེས་ཡོན་འགའ་ཤས་ཀྱིས་ལྭང་ལེ་ཞོང་ལ་ངོ་རྒོལ་བཤད་པ་དེ་འགྲིག་འདུག་གམ་